གྱོང་པ་སློབ་གྲྭའི་མཐར་ཕྱིན་སློབ་མས་མ་ཡུམ་སློབ་གྲྭར་འཆང་པའི་དྲིན་གཟོ།

བློ་བཟང་མཐུ་སྟོབས་ཀྱིས་བྲིས།        2019-06-17

    

གྱོང་པ་སློབ་གྲྭའི་མཐར་ཕྱིན་སློབ་མས་མ་ཡུམ་སློབ་གྲྭར་འཆང་པའི་དྲིན་གཟོ།

   གྱོང་པ་ལོ་དགུ་བསྟུད་འབྲེལ་ལུགས་གཅིག་སློབ་གྲྭའི2016ལོར་དམའ་འབྲིང་སློབ་མཐར་ཕྱིན་པའི་སློབ་མ་རྣམས2019ལོ་སྤྱི་ཟླ6པའི་ཚེས9ཉིན་ལ་མཐོ་རྒྱུགས་སྤྲད་ཚར་རྗེས་ཚེས11ཉིན་གྱི་སྔ་དྲོར་སྟེང་འཕྲད་དར་གྱི་ངོས་སུལོ་ངོ་གསུམ་གྱི་དྲན་གདུང་ཁྱེར་ནས་དེ་རིང་མ་ཡུམ་སློབ་གྲྭའི་པང་དུ་ལོགཅེས་བྲིས་ནས་དགེ་རྒན་ཚོར་དྲིན་གཟོ་བྱས་པར་མ་ཟད། སློབ་གྲྭར་དཔེ་དེབ་སྣ་ཚོགས་ཕུལ་བ་རེད།

གྱོང་པ་སློབ་གྲྭའི་མཐར་ཕྱིན་སློབ་མས་མ་ཡུམ་སློབ་གྲྭར་འཆང་པའི་དྲིན་གཟོ།

གྱོང་པ་སློབ་གྲྭའི་མཐར་ཕྱིན་སློབ་མས་མ་ཡུམ་སློབ་གྲྭར་འཆང་པའི་དྲིན་གཟོ།

གྱོང་པ་སློབ་གྲྭའི་མཐར་ཕྱིན་སློབ་མས་མ་ཡུམ་སློབ་གྲྭར་འཆང་པའི་དྲིན་གཟོ།

    མ་ཡུམ་སློབ་གྲྭའི་དགེ་བའི་བཤེས་གཉེན་དག་ལ་དྲི་མེད་ཁ་བཏགས་དཀར་བོའི་མཇལ་དར་ཕུལ་རྗེས། སློབ་གྲྭའི་དགེ་རྒན་ཚོ་དང་མཉམ་དུ་དྲན་རྟེན་འདྲ་པར་བསྐྱོན་པ་དང་སྦྲགས་དགེ་རྒན་གྱི་འཐུས་ཚབ་མི་སྣས་གཏམ་བཤད་བྱས་པ་རེད།

    དེའི་རྗེས། སློབ་མ་རྣམས་ཀྱིས་སློབ་གྲྭའི་དགེ་རྒན་ཚང་མར་དྲི་མེད་ལྷ་དར་ཕུལ་བ་དང་མཐོ་གསུམ་སློབ་མའི་འཐུས་ཚབ་པ་བཀྲ་ཤིས་དར་རྒྱས་ཀྱིས་སློབ་གྲྭ་འདིའི་མཐར་ཕྱིན་སློབ་མ་ཡོངས་ཀྱི་ཚབ་བྱས་ནས་དྲིན་གཟོའི་གཏམ་བཤད་བྱས་པ་རེད།

གྱོང་པ་སློབ་གྲྭའི་མཐར་ཕྱིན་སློབ་མས་མ་ཡུམ་སློབ་གྲྭར་འཆང་པའི་དྲིན་གཟོ།

གྱོང་པ་སློབ་གྲྭའི་མཐར་ཕྱིན་སློབ་མས་མ་ཡུམ་སློབ་གྲྭར་འཆང་པའི་དྲིན་གཟོ།

གྱོང་པ་སློབ་གྲྭའི་མཐར་ཕྱིན་སློབ་མས་མ་ཡུམ་སློབ་གྲྭར་འཆང་པའི་དྲིན་གཟོ།

    སློབ་མའི་འཐུས་ཚབ་བཀྲ་ཤིས་དར་རྒྱས་ཀྱིས་གཏམ་བཤད་བྱེད་སྐབས་གཅིག་ནས་འདས་སོང་གི་སློབ་སྦྱོང་གི་ཁྲོད་དུ་མ་ཡུམ་སློབ་གྲྭས་ང་ཚོ་དྲིན་གྱིས་བསྐྱངས་བར་བཀའ་དྲིན་ཞུ་བ་དང་།ང་ཚོའི་འདས་མ་ད་གསུམ་ལ་འདི་བཞུགས་ཀྱི་དགེ་རྒན་རྣམ་པས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བ་ལ་དྲིན་གཟོའི་ཞུ་ཚིག་འབུལ་རྒྱུའི་ཆེད་དང་།ལྷག་པར་དུ་ང་ཚོའི་ནུ་བོ་དང་ནུ་མོ་ཚོས་རང་གི་འོད་སྟོང་ལྡན་པའི་ལམ་བུ་དེ།རྨི་ལམ་དང་འཁྲུལ་སྣང་།སྟོང་བསམ་གྱི་ཁྲོད་དུ་མེད་པར་རྔུལ་ཆུ་དང་འབད་བརྩོན་ལས་བྱུང་བའི་སློབ་སྦྱོང་གི་ཁྲོད་དུ་ཡོད་པ་ཤེས་རྒྱུ་གལ་ཆེན་པོ་ཡིན་ཞེས་བཤད་པ་རེད།

    དེའི་རྗེས་མཐར་ཕྱིན་སློབ་མ་རྣམས་དམའ་འབྲིང་མཐར་ཕྱིན་སློབ་མ་དང་སློབ་ཆུང་མཐར་ཕྱིན་སློབ་མ་རྣམས་སློབ་གྲྭའི་གཞོན་ནུའི་ཕོ་བྲང་དུ་འཛོམས་ནས་ཚན་ཁག་བརྒྱད་དུ་བགོས་ནས་བརྗོད་གཞི་སོ་སོར་བགྲོ་གླེང་དང་བསམ་ཚུལ།ཉམས་མྱོང་བརྗེ་རེས་བྱས་པ་རེད།།


  • ལེ་ཚན་སྔོན་མ།:ནད་པའི་ཁ་ནས“སྲེག་བའི་བཅོས་ཐབས”ལ་དགེ་མཚན་ཡོད་ཅེས་པའི་བཤད་སྲོལ་ཆགས།
  • ལེ་ཚན་རྗེས་མ།:ལྕགས་ཟམ་ནས་ཧྲི་མེན་བར་གྱི་མྱུར་བགྲོད་གཞུང་ལམ་ལས་འགོ་ཚུགས།
  • དོ་སྣང་ཆེ་བའི་རྩོམ།