གངས་དཀར་རི་བོའི་དུས་དེབ་བགྲོ་གླེང་དང་བོད་རྒྱ་རྩོམ་པ་པོའི་གསོ་སྦྱོང་ཚོགས་འདུ་དར་མདོར་འཚོག

མཁས་གྲུབ།        2019-06-15

གངས་དཀར་རི་བོའི་དུས་དེབ་བགྲོ་གླེང་དང་བོད་རྒྱ་རྩོམ་པ་པོའི་གསོ་སྦྱོང་ཚོགས་འདུ་དར་མདོར་འཚོག


    ཟླ་བ6པའི་ཚེས15ནས17ཉིན་བར་གངས་དཀར་རི་བོའི་དུས་དེབ་བགྲོ་གླེང་དང་བོད་རྒྱ་རྩོམ་པ་པོའི་གསོ་སྦྱོང་ཚོགས་འདུ་དེ་དར་རྩེ་མདོའི་གེ་སར་མགྲོན་ཁང་ཆེན་མོ་རུ་འཚོག་རྒྱུ་རེད།


གངས་དཀར་རི་བོའི་དུས་དེབ་བགྲོ་གླེང་དང་བོད་རྒྱ་རྩོམ་པ་པོའི་གསོ་སྦྱོང་ཚོགས་འདུ་དར་མདོར་འཚོག

གངས་དཀར་རི་བོའི་དུས་དེབ་བགྲོ་གླེང་དང་བོད་རྒྱ་རྩོམ་པ་པོའི་གསོ་སྦྱོང་ཚོགས་འདུ་དར་མདོར་འཚོག

བོད་རྒྱ་ཡིག་རིགས་གཉིས་ཀྱི་གངས་དཀར་རི་བོའི་དུས་དེབ།


    ཚེས15ཉིན་གྱི་སྔ་དྲོར། དགུང་སྔོན་གཡའ་དག་ཅིང་དྲོ་འཇམ་ཉི་འོད་ཤར་རིའི་རྩེ་ནས་འཛུམ་མ་ཐག་དར་མདོའི་གེ་སར་མགྲོན་ཁང་ཆེན་མོ་རུ་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་བོད་རྒྱ་ཡིག་རིགས་གཉིས་ལ་བྱས་རྗེས་བླ་ལྷག་ཏུ་ཆེ་ཞིང་། མཛད་འཕྲིན་ཉམས་མེད་དུ་སྐྱོང་བཞིན་པའི་ཆེད་མཁས་ཅན་དང་རྩོམ་པ་པོ་རྣམས་ལྷན་དུ་འཛོམས་ཏེ་གངས་དཀར་རི་བོའི་དུས་དེབ་བགྲོ་གླེང་དང་བོད་རྒྱ་རྩོམ་པ་པོའི་གསོ་སྦྱོང་ཚོགས་འདུའི་མཛད་སྒོར་ཞུགས་པ་རེད།


གངས་དཀར་རི་བོའི་དུས་དེབ་བགྲོ་གླེང་དང་བོད་རྒྱ་རྩོམ་པ་པོའི་གསོ་སྦྱོང་ཚོགས་འདུ་དར་མདོར་འཚོག

དཀར་མཛེས་ཁུལ་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་སྐལ་བཟང་འགྱུར་མེད་ཀྱིས་ཚོགས་འདུ་གཙོ་སྐྱོང་བྱེད་བཞིན་པ།


གངས་དཀར་རི་བོའི་དུས་དེབ་བགྲོ་གླེང་དང་བོད་རྒྱ་རྩོམ་པ་པོའི་གསོ་སྦྱོང་ཚོགས་འདུ་དར་མདོར་འཚོག

གངས་དཀར་རི་བོའི་དུས་དེབ་བགྲོ་གླེང་དང་བོད་རྒྱ་རྩོམ་པ་པོའི་གསོ་སྦྱོང་ཚོགས་འདུ་དར་མདོར་འཚོག

གངས་དཀར་རི་བོའི་དུས་དེབ་བགྲོ་གླེང་དང་བོད་རྒྱ་རྩོམ་པ་པོའི་གསོ་སྦྱོང་ཚོགས་འདུ་དར་མདོར་འཚོགགངས་དཀར་རི་བོའི་དུས་དེབ་བགྲོ་གླེང་དང་བོད་རྒྱ་རྩོམ་པ་པོའི་གསོ་སྦྱོང་ཚོགས་འདུ་དར་མདོར་འཚོག

གངས་དཀར་རི་བོའི་དུས་དེབ་བགྲོ་གླེང་དང་བོད་རྒྱ་རྩོམ་པ་པོའི་གསོ་སྦྱོང་ཚོགས་འདུ་དར་མདོར་འཚོག

གངས་དཀར་རི་བོའི་དུས་དེབ་བགྲོ་གླེང་དང་བོད་རྒྱ་རྩོམ་པ་པོའི་གསོ་སྦྱོང་ཚོགས་འདུ་དར་མདོར་འཚོག

ཚོགས་རའི་ཡུལ་དངོས།


    ཐེངས་འདིའི་གསོ་སྦྱོང་ཚོགས་འདུ་དེ་དཀར་མཛེས་ཁུལ་ཨུ་དྲིལ་བསྒྲགས་པུའུ་དང་ཁུལ་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱེད་པ་དང་། གངས་དཀར་རི་བོའི་དུས་དེབ་ཁང་གིས་སྒྲུབ་འགན་ཁུར་བ་རེད། གསོ་སྦྱོང་ཚོགས་འདུའི་འགོ་ཚུགས་མཛད་སྒོ་རུ་མདོ་དབུས་ཁམས་གསུམ་གྱི་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་དང་སློབ་གྲྭ་ཆེན་མོ། རྩོམ་པ་པོའི་མཐུན་ཚོགས་སོགས་ཀྱི་འབྲེལ་ཡོད་མི་སྣ་དང་། དུས་དེབ་ཁག་དང་དྲ་བ་སོ་སོའི་རྩོམ་སྒྲིག་པ། དེ་བཞིན་རྩོམ་པ་པོ་སོགས་མི་གྲངས་བརྒྱ་ལྷག་ཞུགས་ཡོད་པ་རེད། གངས་དཀར་རི་བོའི་དུས་དེབ་གསར་སྤེལ་བྱས་ནས་ད་བར་ལོ་ངོ39འདས་སོང་ལ། རྒྱ་ཡིག་གི་སྤྱིའི་དེབ203པ་དང་བོད་ཡིག་གི་སྤྱིའི་དེབ107པ་པར་བསྐྲུན་འགྲེམས་སྤེལ་བྱས་ཡོད།


གངས་དཀར་རི་བོའི་དུས་དེབ་བགྲོ་གླེང་དང་བོད་རྒྱ་རྩོམ་པ་པོའི་གསོ་སྦྱོང་ཚོགས་འདུ་དར་མདོར་འཚོག

གངས་དཀར་རི་བོའི་དུས་དེབ་བགྲོ་གླེང་དང་བོད་རྒྱ་རྩོམ་པ་པོའི་གསོ་སྦྱོང་ཚོགས་འདུ་དར་མདོར་འཚོག

གངས་དཀར་རི་བོའི་དུས་དེབ་བགྲོ་གླེང་དང་བོད་རྒྱ་རྩོམ་པ་པོའི་གསོ་སྦྱོང་ཚོགས་འདུ་དར་མདོར་འཚོག

གངས་དཀར་རི་བོའི་དུས་དེབ་བགྲོ་གླེང་དང་བོད་རྒྱ་རྩོམ་པ་པོའི་གསོ་སྦྱོང་ཚོགས་འདུ་དར་མདོར་འཚོག

ཚོགས་རའི་ཡུལ་དངོས།


    གངས་དཀར་རི་བོའི་དུས་དེབ་ཁང་བཙུགས་པ་ནས་ད་བར་དུ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐུགས་ཁུར་རྒྱབ་སྐྱོར་དང་། ཁུལ་ཨུ་དྲིལ་བསྒྲགས་པུའུ་ཡི་ཡང་དག་པའི་འགོ་ཁྲིད་འོག་གྲུབ་འབྲས་འབུར་དུ་ཐོན་ཡོད་ལ། དཀར་མཛེས་ཁུལ་གྱི་བོད་རྒྱ་ཡིག་རིགས་གཉིས་ཀྱི་རིག་རྩལ་གསར་རྩོམ་གྱི་བྱ་གཞག་ཐད་བྱས་རྗེས་བླ་ལྷག་ཏུ་ཆེ་ཞིང་། རྩོམ་པ་པོའི་མཐུན་ཚོགས་རྒྱ་བསྐྱེད་གཏོང་བར་ནུས་པ་ཆེན་པོ་ཐོན་ཡོད་པ་རེད།


གངས་དཀར་རི་བོའི་དུས་དེབ་བགྲོ་གླེང་དང་བོད་རྒྱ་རྩོམ་པ་པོའི་གསོ་སྦྱོང་ཚོགས་འདུ་དར་མདོར་འཚོག

བོད་རང་སྐྱོང་ལྗོངས་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐོར་གཟིགས་པ་འཇིགས་མེད་ཕུན་རྗེས་གཏམ་བཤད་བྱེད་བཞིན་པ།


གངས་དཀར་རི་བོའི་དུས་དེབ་བགྲོ་གླེང་དང་བོད་རྒྱ་རྩོམ་པ་པོའི་གསོ་སྦྱོང་ཚོགས་འདུ་དར་མདོར་འཚོག

གངས་ལྗོངས་ཉི་གཞོན་དུས་དེབ་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་དཀོན་མཆོག་རྡོ་རྗེས་གཏམ་བཤད་བྱེད་བཞིན་པ།


གངས་དཀར་རི་བོའི་དུས་དེབ་བགྲོ་གླེང་དང་བོད་རྒྱ་རྩོམ་པ་པོའི་གསོ་སྦྱོང་ཚོགས་འདུ་དར་མདོར་འཚོག

སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སློབ་གཙོ་གཞོན་པ། དགེ་རྒན་ཆེན་མོ་འགྱུར་མེད་ཚེ་དབང་གིས་གཏམ་བཤད་བྱེད་བཞིན་པ།


གངས་དཀར་རི་བོའི་དུས་དེབ་བགྲོ་གླེང་དང་བོད་རྒྱ་རྩོམ་པ་པོའི་གསོ་སྦྱོང་ཚོགས་འདུ་དར་མདོར་འཚོག

མི་རིགས་རྩོམ་རིག་བོད་ཡིག་དུས་དེབ་ཀྱི་གཙོ་སྒྲིག་པ་ལྕགས་རྡོར་རྒྱལ་གྱིས་གཏམ་བཤད་བྱེད་བཞིན་པ།


གངས་དཀར་རི་བོའི་དུས་དེབ་བགྲོ་གླེང་དང་བོད་རྒྱ་རྩོམ་པ་པོའི་གསོ་སྦྱོང་ཚོགས་འདུ་དར་མདོར་འཚོག

དཀར་མཛེས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ། གངས་དཀར་རི་བོའི་བོད་ཡིག་དུས་དེབ་ཀྱི་གཙོ་སྒྲིག་པ་གངས་དབང་གིས་གཏམ་བཤད་བྱེད་བཞིན་པ།


གངས་དཀར་རི་བོའི་དུས་དེབ་བགྲོ་གླེང་དང་བོད་རྒྱ་རྩོམ་པ་པོའི་གསོ་སྦྱོང་ཚོགས་འདུ་དར་མདོར་འཚོག

ཀན་ལྷོ་ཁུལ་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ། ཟླ་ཟེར་དུས་དེབ་ཀྱི་གཙོ་སྒྲིག་པ་ཕྱག་རྡོར་ཚེ་རིང་གིས་གཏམ་བཤད་བྱེད་བཞིན་པ།


གངས་དཀར་རི་བོའི་དུས་དེབ་བགྲོ་གླེང་དང་བོད་རྒྱ་རྩོམ་པ་པོའི་གསོ་སྦྱོང་ཚོགས་འདུ་དར་མདོར་འཚོག

བོད་ལྗོངས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། བོད་ལྗོངས་རིག་རྩལ་དུས་དེབ་ཀྱི་གཙོ་སྒྲིག་པ་བསྟན་པ་ཡར་རྒྱས་ཀྱིས་གཏམ་བཤད་བྱེད་བཞིན་པ།


    འགོ་ཚུགས་མཛད་སྒོ་རུ་རང་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་གི་འགོ་ཁྲིད་དང་། དེ་བཞིན་ས་ཕྱོགས་སོ་སོ་ནས་ཕེབས་ཡོང་བའི་མཁས་དབང་རྣམས་ཀྱིས་གཏམ་བཤད་བྱས་པ་དང་། ཉིན་གསུམ་རིང་ལ་བོད་མིའི་རིག་གནས་དྲ་བའི་གཙོ་སྒྲིག་པ་གངས་སྐྱེས་གསོམ་སྡོང་དང་ཀན་ལྷོ་ཁུལ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་བཀྲ་ཤིས་ཚེ་རིང་། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་བདུད་ལྷ་རྒྱལ། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཨོ་རྒྱན་རྡོ་རྗེ། གངས་ལྗོངས་ཉི་གཞོན་དུས་དེབ་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་དཀོན་མཆོག་རྡོ་རྗེ། སྙན་གྲགས་ཅན་གྱི་རྩོམ་པ་པོ་ཀའོ་ཞུས་ཧྥན་སོགས་ཆེད་མཁས་པ་རྣམ་པས་འཆད་ཁྲིད་གནང་རྒྱུ་རེད།


གངས་དཀར་རི་བོའི་དུས་དེབ་བགྲོ་གླེང་དང་བོད་རྒྱ་རྩོམ་པ་པོའི་གསོ་སྦྱོང་ཚོགས་འདུ་དར་མདོར་འཚོག

སྙན་གྲགས་ཅན་གྱི་རྩོམ་པ་པོ་ཀའོ་ཞུས་ཧྥན་གྱིས་གཏམ་བཤད་བྱེད་བཞིན་པ།


གངས་དཀར་རི་བོའི་དུས་དེབ་བགྲོ་གླེང་དང་བོད་རྒྱ་རྩོམ་པ་པོའི་གསོ་སྦྱོང་ཚོགས་འདུ་དར་མདོར་འཚོག

བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་སྔོན་མའི་ཀྲུའུ་ཞི་གཞོན་པ། ལྷོ་ཁའི་རིག་རྩལ་དུས་དེབ་ཀྱི་གཙོ་སྒྲིག་པ་ཨོ་རྒྱན་རྡོ་རྗེས་གཏམ་བཤད་བྱེད་བཞིན་པ།


གངས་དཀར་རི་བོའི་དུས་དེབ་བགྲོ་གླེང་དང་བོད་རྒྱ་རྩོམ་པ་པོའི་གསོ་སྦྱོང་ཚོགས་འདུ་དར་མདོར་འཚོག

 དེང་རབས་རྩོམ་རིག་ལས་རིགས་དུས་དེབ་ཀྱི་གཙོ་སྒྲིག་པ་དབྱང་ཆིང་གིས་གཏམ་བཤད་བྱེད་བཞིན་པ།


གངས་དཀར་རི་བོའི་དུས་དེབ་བགྲོ་གླེང་དང་བོད་རྒྱ་རྩོམ་པ་པོའི་གསོ་སྦྱོང་ཚོགས་འདུ་དར་མདོར་འཚོག

 སི་ཁྲོན་རྩོམ་རིག་དུས་དེབ་ཀྱི་གཙོ་སྒྲིག་པ་གཞོན་པ་དབྱང་ཞན་ཕིང་གིས་གཏམ་བཤད་བྱེད་བཞིན་པ།


གངས་དཀར་རི་བོའི་དུས་དེབ་བགྲོ་གླེང་དང་བོད་རྒྱ་རྩོམ་པ་པོའི་གསོ་སྦྱོང་ཚོགས་འདུ་དར་མདོར་འཚོག

ལི་ཐང་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་བློ་བཟང་མགོན་པོས་གཏམ་བཤད་བྱེད་བཞིན་པ།


གངས་དཀར་རི་བོའི་དུས་དེབ་བགྲོ་གླེང་དང་བོད་རྒྱ་རྩོམ་པ་པོའི་གསོ་སྦྱོང་ཚོགས་འདུ་དར་མདོར་འཚོག

 རྩོམ་པ་པོ་གཙང་ཞོགས་སྤྲིན་གྱིས་གཏམ་བཤད་བྱེད་བཞིན་པ།


གངས་དཀར་རི་བོའི་དུས་དེབ་བགྲོ་གླེང་དང་བོད་རྒྱ་རྩོམ་པ་པོའི་གསོ་སྦྱོང་ཚོགས་འདུ་དར་མདོར་འཚོག

རྩོམ་པ་པོ་ཤཱཀྱས་གཏམ་བཤད་བྱེད་བཞིན་པ།


  • ལེ་ཚན་སྔོན་མ།:དབུལ་ཐར་འགག་སྒྲོལ་གྱི་འགྲོ་ལམ་དུ་འགྱེལ་པའི་དཔའ་བོ་ཞིག
  • ལེ་ཚན་རྗེས་མ།:དཀར་མཛེས་གླེང་སྟེགས་ཀྱི་ཆེད་དོན་འཆད་ཁྲིད་ཐེངས་བཅུ་དགུ་པ་དར་མདོར་སྤེལ།
  • དོ་སྣང་ཆེ་བའི་རྩོམ།