ལིའུ་ཁྲེང་མིང་དང་ཞའོ་ཡིའུ་ཚའེ་གཉིས་ཀྱིས་ཁྲེང་ཏུའུ་དང་དཀར་མཛེས་ཁུལ་བཟོ་ལས་གླིང་ཁུལ་དུ་བརྟག་དཔྱད་ཞིབ་འཇུག་གནང་།

ལྷ་འཛོམས་ཀྱིས་བསྒྱུར།        2019-06-05

   

ལིའུ་ཁྲེང་མིང་དང་ཞའོ་ཡིའུ་ཚའེ་གཉིས་ཀྱིས་ཁྲེང་ཏུའུ་དང་དཀར་མཛེས་ཁུལ་བཟོ་ལས་གླིང་ཁུལ་དུ་བརྟག་དཔྱད་ཞིབ་འཇུག་གནང་།

   སྤྱི་ཟླ5པའི་ཚེས30ཉིན། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་རྣམ་གཉིས་ཀྱིས་ལས་སྒྲུབ་ཚོ་ཆུང་ཁྲིད་དེ་ཁྲེང་ཏུའུ་གྲོང་ཁྱེར་དང་ཆང་ལས་གྲོང་ཁྱེར་དུ་ཡོད་པའི་ཁྲེང་ཏུའུ་གྲོང་ཁྱེར་དང་དཀར་མཛེས་ཁུལ་གྱི་བཟོ་ལས་གླིང་ཁུལ་དུ་བརྟག་དཔྱད་ཞིབ་འཇུག་གནང་བས་མ་ཚད། ཁྲེང་ཏུའུ་གྲོང་ཁྱེར་དང་དཀར་མཛེས་ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད་དང་ཅི་འདྲ་བྱས་ནས་མཉམ་ལས་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བ་དང་ཁྲེང་ཏུའུ་དང་དཀར་མཛེས་ཁུལ་བཟོ་ལས་གླིང་ཁུལ་དེ་ཞིང་ཆེན་ཡོངས་ཀྱི་ས་ཁོངས་མཉམ་ལས་ཀྱི་དཔེ་སྟོན་དུ་འཛུགས་སྐྱོང་བྱེད་གང་ཐུབ་བྱ་རྒྱུ་སོགས་ཀྱི་འབྲེལ་ཡོད་དོན་དག་ཐད་ལ་བཞུགས་མོལ་གནང་བ་རེད།

    བཞུགས་མོལ་གྲོས་ཚོགས་ཐོག་ལིའུ་ཁྲེང་མིང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་མཛད་དེ་ཁྲེང་ཏུའུ་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གིས་ཡུན་རིང་པོར་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་དང་དམངས་འཚོ། བརྟན་བརླིང་བཅས་བྱ་གཞག་ལ་ཐུགས་ཁུར་དང་རྒྱབ་སྐྱོར། རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་གསུངས་དོན། 2015ལོ་ནས་བཟུང་ཁྲེང་ཏུའུ་གྲོང་ཁྱེར་དང་དཀར་མཛེས་ཁུལ་གྱི་བཟོ་ལས་གླིང་ཁུལ་བཙུགས་པ་ནས་བཟུང་། ས་གནས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་པར་བརྒྱུད། བཟོ་ལས་གླིང་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་ཡོང་བ་དང་ལས་གཞིའི་ཐད་སྐུལ་སྤེལ་ནུས་ལྡན་ཐུབ་ཡོད་ལ། ལམ་ལུགས་ནང་སྲོལ་ཡང་རིམ་བཞིན་དུ་འཐུས་སྒོ་ཚང་དུ་བྱུང་བ་དང་། ཞིང་ཆེན་ཡོངས་ཀྱི་ས་ཁོངས་མཉམ་ལས་ཀྱི་དཔེ་སྟོན་དམིགས་འབེན་གྲུབ་གང་ཐུབ་བྱས་དང་བྱེད་བཞིན་ཡོད་པ་རེད། ཕྱིན་ཆད་ས་གནས་གཉིས་ཀྱིས་ཁྱིམ་ཚང་གཅིག་ལྟར་བྱས་ནས་ཁྲེང་ཏུའུ་དང་དཀར་མཛེས་ཁུལ་གྱི་བཟོ་ལས་གླིང་ཁུལ་དེ་ས་ཁོངས་མཉམ་ལས་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ། ཐོན་ཁུངས་བཟང་ཆ་མཉམ་སྤྱོད་བཅས་ཀྱི་དཔེ་སྟོན་དུ་འཛུགས་སྐྱོང་བྱེད་གང་ཐུབ་བྱ་རྒྱུ་ཡིན།

    ཝུའུ་ཁའེ་ཡིས་ཁྲེང་ཏུའུ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་མཛད་དེ་ལིའུ་ཁྲེང་མིང་དང་ཞའོ་ཡིའུ་ཚའེ་ལ་དགའ་བསུ་ཞུས་ཤིང་། ཁྲེང་ཏུའུ་དང་ཆང་ལས་གྲོང་ཁྱེར་གཉིས་ཀྱི་ནུས་ཤུགས་ཡོད་རྒུས་ཁྲེང་ཏུའུ་དང་དཀར་མཛེས་བཟོ་ལས་གླིང་ཁུལ་འཛུགས་སྐྲུན་བྱེད་པ་ལ་རྒྱབ་སྐྱོར་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ཁོངས་ཡོངས་མཉམ་ལས་ཀྱི་དཔེ་སྟོན་འཛུགས་སྐྱོང་བྱ་རྒྱུའི་དམིགས་འབེན་འདི་གྲུབ་གང་ཐུབ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།།


  • ལེ་ཚན་སྔོན་མ།:རང་ཁུལ་ལ་རི་ཀླུང་ལྕགས་ལམ་འགྲིམ་འགྲུལ་ལས་གཞི་བདུན་འཛུགས་རན་ཡོད།
  • ལེ་ཚན་རྗེས་མ།:སྦྲང་མ་གསོས་ནས་བདེ་སྐྱིད་ཀྱི་འཚོ་བ་བསྐྱངས།
  • དོ་སྣང་ཆེ་བའི་རྩོམ།