ལིའུ་ཁྲེང་མིང་གིས་རོང་བྲག་རྫོང་བརྒྱ་གྱུར་བོད་གྲོང་དུ་བརྟག་ཞིབ་གནང་།

བདེ་སྐྱིད་ཀྱིས་བསྒྱུར།        2019-05-21

  

ལིའུ་ཁྲེང་མིང་གིས་རོང་བྲག་རྫོང་བརྒྱ་གྱུར་བོད་གྲོང་དུ་བརྟག་ཞིབ་གནང་།

    སྤྱི་ཟླ5པའི་ཚེས18ཉིན་གྱི་ཕྱི་དྲོར།  2019ལོའི་སི་ཁྲོན་དཀར་མཛེས་ཁུལ་རི་ཀླུང་ཡུལ་སྐོར་རིག་གནས་དུས་ཆེན་འགོ་ཚུགས་པའི་མཛད་སྒོའི་སྔོན་ལ་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་རོང་བྲག་རྫོང་བརྒྱ་གྱུར་བོད་གྲོང་དུ་ཕེབས་ནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་དང་གྲོང་སྡེ་དར་རྒྱས་ཀྱི་འབྲེལ་ཡོད་ལས་དོན་ལ་བརྟག་ཞིབ་གནང་བ་རེད། ཁོང་གིས་ནན་གསུང་གནང་དོན།  བརྒྱ་གྱུར་བོད་གྲོང་ནི་ཀྲུང་གོའི་ཆེས་མཛེས་པའི་གྲོང་སྡེ་ཞིག་ཡིན་ཞིང་། རི་ཀླུང་ཡུལ་སྐོར་རིག་གནས་དུས་ཆེན་གྱི་གལ་ཆེན་བྱེད་སྒོ་སྤེལ་བར་བརྟེན། དྲིལ་བསྒྲགས་དང་འོས་སྦྱོར་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་སྟེ་བརྒྱ་གྱུར་བོད་གྲོང་གི་སྐད་གྲགས་ཆོད་ཚད་མཐོ་རུ་གཏོང་བ་དང་།  གྲོང་སྡེའི་འཛུགས་སྐྲུན་གྱི་འཆར་འགོད་ལ་ཤུགས་བརྒྱག་དགོས།  ལས་རིགས་སྣ་ཚོགས་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་བརྒྱ་གྱུར་བོད་གྲོང་གི་ཁོར་ཡུག་དེ་བས་ལེགས་པོ་བྱ་དགོས་པ་དང་།  དྲིལ་བསྒྲགས་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ཏེ་ཧུར་ཐག་གིས་བརྒྱ་གྱུར་བོད་གྲོང་དེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་གྲོང་སྡེ་དར་རྒྱས་གཏོང་བའི་དཔེ་སྟོན་གྲོང་སྡེར་འཛུགས་གང་ཐུབ་བྱ་དགོས།

  ལིའུ་ཁྲེང་མིང་སྔོན་རྗེས་སུ་འཛུགས་སྐྲུན་བྱེད་བཞིན་པའི་བརྒྱ་གྱུར་བོད་གྲོང་གི་ཡུལ་སྐོར་ལྟེ་གནས་དང་ཡུལ་སྐོར་སྐོར་བའི་གཞུང་ལམ་འཛུགས་སྐྲུན་ལས་གྲྭའི་ལས་ཡུལ་དངོས་སུ་ཕེབས་ནས་ལས་གྲྭའི་འཕེལ་རིམ་གནས་ཚུལ་དུ་ཤེས་རྟོགས་དང་ཕྱིན་ཆད་ལས་ཀའི་ཐད་བླང་བྱ་བཏོན་པ་རེད།  ཁོང་གིས་བརྒྱ་གྱུར་ལྗོངས་ཁུལ་དེ་རྒྱལ་མོ་རྔུལ་ཆུ་འབབ་རྒྱུད་ཀྱི་གྲོང་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་ཁྲོད་གྲོང་སྡེའི་ཡུལ་ལྗོངས་མཛེས་ཤོས་མངོན་པར་བྱས་ནས།  བརྒྱ་གྱུར་གྲོང་མི་ཚོས་ཡུལ་སྐོར་འཕེལ་རྒྱས་ཁྲོད་དངོས་ཕན་ཆེ་ཤོས་ཐོབ་པ་བྱ་རྒྱུ་ནི་བརྒྱ་གྱུར་ལྗོངས་ཁུལ་འཛུགས་སྐྲུན་ལས་དོན་ཡག་པོ་སྒྲུབ་པའི་འགོ་འཛུགས་ས་དང་དོན་ལ་བབས་ས་ཡིན་ཞེས་ནན་གསུང་གནང་བ་རེད།  ལིའུ་ཁྲེང་མིང་གིས་ཕྱིན་ཆད་ཀྱི་ལས་ཀའི་ཁྲོད་བརྒྱ་གྱུར་ལྗོངས་ཁུལ་གྱི་ཁང་པ་འཛུགས་སྐྲུན་དང་གྲོང་སྡེ་སྔོ་འགྱུར། འགྲིམ་འགྲུལ་སོགས་ཀྱི་ཐད་ལ་སྔར་བས་ཤུགས་བརྒྱབ་ནས་བརྒྱ་གྱུར་བོད་གྲོང་དེ་བས་མཛེས་སྡུག་ལྡན་པར་འབད་བརྩོན་བྱ་དགོས། མི་དང་རང་བྱུང་ཁམས་འཆམ་མཐུན་བྱས་པ་དང་སྔོ་ལྗང་རི་ཀླུང་ཆུ་ཀླུང་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཅངས་ནས།  ཐོན་ལས་དར་རྒྱས་དང་སྐྱེ་ཁམས་དང་མཐུན་པའི་སྡོད་གནས། གྲོང་སྲོལ་ཡ་རབས།  བཅོས་སྐྱོང་ནུས་ལྡན།  འཚོ་བ་སྐྱིད་པ་བཅས་ཀྱི་གྲོང་སྡེ་དར་རྒྱས་ཀྱི་སྤྱིའི་བླང་བྱར་དམིགས་ནས།  སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གིས་གྲོང་སྡེ་དར་རྒྱས་གཏང་རྒྱུར་ཁྲིད་སྟོན་བྱ་དགོས་པ་དང་།  དྲིལ་བསྒྲགས་དང་ཁྲིད་སྟོན་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་ནས་བརྒྱ་གྱུར་བོད་གྲོང་གི་མང་ཚོགས་ཀྱིས་སུའི་ཆེད་དུ་བརྒྱ་གྱུར་བོད་གྲོང་གསར་སྤེལ་འཛུགས་སྐྲུན་བྱེད་པ་དང་སུ་ལ་བརྟེན་དགོས།  སུ་ལ་ཕན་ཐོབ་པ་བཅས་ཤེས་རྟོགས་ཚད་ལྡན་བྱས་ནས།  ཚང་མ་མ་བསྐུལ་དང་ལེན་ངང་ཚད་ལྡན་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་དགོས་ཞེས་བླང་བྱ་བཏོན་པ་རེད།།

 


  • ལེ་ཚན་སྔོན་མ།:2019ལོའི་སི་ཁྲོན་དཀར་མཛེས་ཁུལ་རི་ཀླུང་ཡུལ་སྐོར་རིག་གནས་དུས་ཆེན་སྤེལ་འགོ་ཚུགས།
  • ལེ་ཚན་རྗེས་མ།:གསེར་གྱི་མེ་ཏོག་གི་བྱ་དགའ་ཐོབ་པའི་མཛེས་མ་དེ་སུ་རེད།
  • དོ་སྣང་ཆེ་བའི་རྩོམ།