གསེར་རྟ་རྫོང་གིས་དབུལ་སྐྱོར་གྱི་ལས་ཀ་ཕྱོགས་གཉིས་ནས་བསྒྲུབ་བཞིན་པ།

ཀུན་དབང་གིས་བྲིས་ཤིང་པར་བླངས།        2019-04-23

གསེར་རྟ་རྫོང་གིས་དབུལ་སྐྱོར་གྱི་ལས་ཀ་ཕྱོགས་གཉིས་ནས་བསྒྲུབ་བཞིན་པ།

    “དུས་རྒྱུན་དུ་ཁོམ་པ་ཡོད་དུས། ང་ཚོ་འདི་རུ་འཛོམས་ནས་ཁ་བརྡ་དང་དཔེ་ཀློག་བྱེད་པ་ཡིན། མཚམས་རེར་སྡེ་བའི་རྩ་འཛུགས་བྱས་ཏེ་ཚང་མ་མཉམ་དུ་ཏང་ཨུའི་སྲིད་གཞུང་གི་སྲིད་ཇུས་དྲིལ་སྒྲོག་གི་གློག་བརྙན་ལ་བལྟ་བ་ཡིན་ལ། ང་ཚོ་དུས་ཐོག་ཏུ་རྒྱལ་ཁབ་ཀྱི་སྲིད་ཇུས་བྱེད་ཕྱོགས་ལ་རྒྱུས་ལོན་བྱེད་པ་ཡིན། ཟླ4པའི་ཚེས13ཉིན་གུང་ཇ་འཐུང་རྗེས། གསེར་རྟ་རྫོང་སྟག་རྩེ་ཡུལ་ཚོའི་ཕུག་དམར་སྡེ་བའི་རིག་གནས་བྱེད་སྒོའི་ཁང་དུ་ནམ་རྒྱུན་དང་འདྲ་བར། སྡེ་མི་གཅིག་རྗེས་གཉིས་མཐུད་ཀྱི་འཛོམས་པ་དང་།གཅིག་ཐོག་གི་དཔེ་མཛོད་ཁང་དུ་སྡེ་མི་འགའ་ཤས་ཀྱི་ཁུ་སིམ་མེར་དཔེ་ཆར་བལྟ་བཞིན་ཡོད་ལ། དེ་རུ་རྒྱ་བོད་སྐད་གཉིས་ཀྱི་དཔེ་དེབ་གྲངས་ཁྲི་ལས་བརྒལ་བ་ཡོད་ལ། དེའི་ནང་བོད་ཡིག་གི་དཔེ་དེབ་ཀྱི་ཕྱེད་ཀ་ཡན་ཆད་ཟིན་པ་དང་།   ད་དུང་ཟེར་སྡེར་ཀྱང་འདྲ་མིན་ཡོད་པ་དང་། ཚང་མ་ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་གལ་ཆེའི་ཚོགས་འདུ་འགའ་ཤས་ཀྱི་དྲིལ་སྒྲོག་ནང་དོན་ཡིན། ཐོག་རྩེག་གཉིས་པའི་མགྲོན་པོར་སྣེ་ལེན་ཁང་ཡིན་པ་དང་། ལོ49ལོན་པའི་སྡེ་དམངས་ཡོན་པ་དང་ཡུལ་མི་དག་དགའ་སྤྲོའི་ངང་ད་ལོའི་དབུལ་ཐར་འགག་སྒྲོལ་གྱི་སྲིད་ཇུས་ཀྱི་སྐོར་ལ་ཁ་བརྡ་བྱེད་བཞིན་མཆིས།

      “དབུལ་ཐར་འགག་སྒྲོལ་མཇུག་དྲིལ་རྗེས། ང་ཚོའི་དམངས་ཕན་སྲིད་ཇུས་ལོངས་སུ་སྤྱོད་ཐུབ་བམ། འདི་ནི་ཡོན་པས་དུས་རྒྱུན་དུ་སེམས་ཁུར་བྱ་ཡུལ་གྱི་གནད་དོན་ཞིག་ཡིན།

      “དབུལ་ཐར་འགག་སྒྲོལ་གྱི་ལས་ཀ་མཇུག་དྲིལ་རྗེས། དམངས་ཕན་གྱི་སྲིད་ཇུས་ལོངས་སུ་སྤྱོད་པར་འགྱུར་ལྡོག་མེད་ལ། སྔར་ལེན་གྱིན་པའི་རོགས་དངུལ་དག་མུ་མཐུད་ལེན་ཐུབཅེས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བློ་ལྡན་གྱིས་ལན་བསྐྱོད་པ་དང་། ལན་དེར་ཡོན་པའི་བློ་སེམས་བདེ་ལ་འབབ་དུ་བཅུག

གསེར་རྟ་རྫོང་སྟག་རྩེ་ཡུལ་ཚོའི་ཕུག་དམར་སྡེ་བའི་སྡེ་དམངས་རིག་གནས་བྱེད་སྒོའི་ཁང་དུ་རྩེད་མོ་རོལ་བཞིན་མཆིས། 

མགྲོན་པོའི་སྣེ་ལེན་ཁང་དུ་བརྙན་འཕྲིན་འཕྲུལ་ཆས་ཤིག་དང་སྒྲིག་ཆས་འགའ་ཡོད་ལ། དེ་ནི་རྫོང་རིམ་པའི་ཆེད་དུ་སྡེ་བའི་རིག་གནས་བྱེད་སྒོ་ཁང་ལ་སྤྲད་པ་ཡིན། རིག་གནས་བྱེད་སྒོའི་ཁང་ཞིག་ཡིན་པས་ཆ་ནས། བརྙན་འཕྲིན་འཕྲུལ་ཆས་སོགས་སྒྲིག་ཆས་དག་ནི་ཆེས་མེད་དུ་མི་རུང་བ་ཡིནཅེས་ཟེར། བློ་ལྡན་གྱིས་ངོ་སྤྲོད་གནང་རྒྱུར། སྡེ་དམངས་མང་ཤོས་ཀྱི་ཡིག་རྨོངས་པ་ཡིན་པས།དཔེ་ཆ་ཀློག་པའི་ཤེས་བྱ་གསོག་འཇོག་བྱེད་པའི་ནུས་པ་བྲལ་བས། ང་ཚོའི་རྩ་འཛུགས་བྱས་པའི་དྲིལ་སྒྲོག་གློག་བརྙན་ལ་བལྟས་ཏེ། ཏང་ཨུའི་སྲིད་གཞུང་གི་སྐད་འབོད་དུས་ཐོག་ཏུ་བོད་ཁུལ་གྱི་ཞིང་འབྲོག་མང་ཚོགས་ལ་ཁྱབ་བསྒྲགས་བྱེད་པ་ཡིན།

དབུལ་ཐར་འགག་སྒྲོལ་གྱི་ལས་ཀའི་ཁྲོད། གསེར་རྟ་རྫོང་གིས“དམའ་གཅིག་ལྔ་ཡོད”དང“གཅིག་བརྒལ་དྲུག་ཡོདསོགས་དང་སྦྲེལ་ཏེ། ,“རིག་གནས་ཤེས་བྱའི་བློ་སྤོབས་རྒྱས་པ་དང་། ཤེས་བྱས་འདུན་མ་སྐྱོང་བ་སྲོག་ཏུ་འཛིན། ཞེས་དཀའ་ངལ་ཚབས་ཆེན་ཅན་གྱི་ཡུལ་ཚོ་དང་སྡེ་བ་གཙོ་གནད་དུ་བཟུང་ནས། རིག་གནས་དབུལ་སྐྱོར་གྱི་ལས་གྲྭ་འཛུགས་སྐྲུན་བྱས་ཏེ་སྡེ་བའི་རྒྱང་སྒྲོག་ཁང་། ཁྱིམ་ཚང་རེ་རེ་བཞིན་བརྙན་འཕྲིན་ཡོད་པ། སྔར་མེད་ཀྱི་དཔེ་དེབ་གསར་ཉོ་བྱེད་པ། སྡེ་བ་རེ་རེ་བརྙན་རིས་སྒྲིག་ཆས་ཁང་དང་ཚགས་པར་ཀློག་དེབ་ཁང་སོགས་ཀྱི་ལས་གྲྭ་འགྲུབ་པར་བྱས།

      2018ལོར། རྫོང་ཡོངས་ཀྱི་མ་དངུལ་དམངས་སྒོར་ཁྲི140བཏང་ནས། ཚད་ལྡན་གྱི་སྡེ་བའི་རིག་གནས་བྱེད་སྒོ་ཁང28འཛུགས་སྐྲུན་བྱས་པ་དང་།རེ་རེའི་ཆེ་ཆུང་ལ་རྨི་གྲུ་བཞི་མ20ལས་མི་ཆུང་བར་མ་ཟད། རིག་གནས་མཁོ་ཆས་ཆ་ཚང་ཉོ་སྒྲུབ་གནང་། གཅིག་གྱུར་གྱི་ལམ་ལུགས་དང་ཚད་གཞི་གཏན་འབེབས་གནང་བ་བརྒྱུད། སྒྱུ་རྩལ་ཁྱབ་བརྡལ་དང་མང་ཚོགས་ཀྱི་རིག་གནས་བྱེད་སྒོའི་དགོས་མཁོ་སྐོང་བར་བྱས།  སྐུད་ལྡན་བརྙན་འཕྲིན་དང་གྲངས་ལྡན་བརྙན་འཕྲིན། འཁོར་སྐར་ཐད་གཏོང་སོགས་ཐབས་ལམ་གསུམ་བརྒྱུད་དེ། ཡིག་ཚགས་དང་བྱང་བུ་ཅན་གྱི་ཁྱིམ་ཚང་དཀའ་ངལ་ཅན་གྱི་བརྙན་འཕྲིན་ལ་བལྟ་མི་ཐུབ་པའི་དཀའ་ངལ་ཐག་གཅོད་གནང་བ་དང་། དབུར་ཐར་ཁྱིམ་ཚང983ལ་ཁྱིམ་ཚང་རེ་རེ་བཞིན་བརྙན་འཕྲིན་ཡོད་པ་དང་བརྙན་འཕྲིན་གྱི་འཁོར་སྐར་འཕྲིན་ལམ་ཡོད་པར་བྱས།

སྲ་ཆས་ཀྱི་ཕྱོགས་ནས་རྗེས་ཆོད་པར་བྱས་ཤིང་། མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། མཁན་ལེབ་ཡུལ་ཚོ་རུ། གླུ་གར་གཞས་གསུམ་ལ་བྱང་ཆུབ་པའི་རིག་རྩལ་དགའ་ཕྱོགས་མཁན་མང་ཚོགས30ལྷག་གིས་གཟའ་འཁོར་རེ་རེ་བཞིན་སྤྱི་ལེ་བཅུ་ཕྲག་ལམ་དུ་མཉམ་གཅིག་ཏུ་འཛོམས་ནས་གླུ་ལེན་གར་རྩེ་དང་མྱོང་ཚོར་བརྗེ་རེས་བྱེད་པ། མ་ཟད་ཁོ་ཚོའི་རང་འགུལ་གྱི་མི་རིགས་གླུ་གར་གྱི་ལེ་ཚན་བཀོད་སྒྲིག་བྱེད་བཞིན་ཡོད།

      “2017ལོ་ནས་བཟུང་། མཁན་ལེབ་ཡུལ་ཚོ་རུ་‘ས་བབས་འགྱུར་ལྡོག་དང་བསྟུན་ནས་ཐོན་ཁུངས་མཐུན་སྦྱོར་དང་ཕྱོགས་བསྡུས་མཐོར་འདེགས། ཞབས་ཞུ་ཚད་ལྡན་དུ་གཏོང་བའི་རྩ་དོན་ལྟར། སྤྱི་ཕྱོགས་སྒོ་འབྱེད་སྒོས་རིག་རྩལ་དགའ་ཕྱོགས་མཁན30ལྷག་བསལ་འདེམས་བྱས་པར་མ་ཟད། རྫོང་རིག་གནས་རྒྱང་སྒྲོག་ཅུས་དང་ཡུལ་ཚོའི་ཏང་ཨུའི་སྲིད་གཞུང་གིས་དམངས་སྒོར་ཁྲི7ལྷག་བཏང་ནས།གྱོན་ཆས་དང་སྒྲིག་ཆས་རིག་གནས་འཁྲབ་སྟོན་ལྟེ་གནས་སོགས་འཛུགས་སྐྲུན་གནང་བ་དང་། དེང་རབས་རིག་གནས་ཞབས་ཞུའི་མ་ལག་གི་སྤྱིའི་རེ་འདུན་ལྟར།མི་དམངས་སྲོག་སྙིང་དུ་འཛིན་པ་དང་གཞི་རིམ་གཙོ་གནད་དུ་འཛིན་པའི་ལས་ཀའི་བྱེད་ཕྱོགས་ལྟར། བསམ་བློ་གསར་གཏོད་དང་སྤོབས་པ་ཆེན་པོའི་འཚོལ་སྙེག་བྱས་ཏེ། ཡུལ་སྡེའི་རིག་རྩལ་རྐང་འཛིན་པ་གསོ་སྦྱོང་གི་ལས་ལ་བརྩོན་བཞིན་མཆིས།དེ་ནི་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བའི་དགོས་མཁོ་སྐོང་བ་དང་། གཞི་རིམ་སྤྱི་པའི་རིག་གནས་ཞབས་ཞུརིག་གནས་སྐྱེལ་བདང་རིག་གནས་ཀྱི་ས་བོན་འདེབས་པནས་རིག་གནསམཛེས་སྤྲས་བྱེད་པའིགོ་རིམ་དུ་བསྒྱུར་ཡོད་ཅེས་མཁན་ལེབ་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་གག་པོ་ལགས་ཀྱིས་ངོ་སྤྲོད་གནང་བྱུང་།

      2018ལོར། མཁན་ལེབ་ཡུལ་ཚོའི་སྐབས་དང་པོའི་ཡུལ་སྡེ་རིག་གནས་སྒྱུ་རྩལ་སོགས་ཆེ་ཆུང13ལྷག་འཁྲབ་སྟོན་གནང་བ་དང་། ,ཐེངས་རེ་བཞིན་ཏང་གི་སྲིད་ཇུས་བྱེད་ཕྱོགས་དང་གཞི་རིམ་གྱི་རིག་གནས་འཚོ་བ་དར་འཕེལ་ཡོང་དགོས་པའི་སྐོར་དྲིལ་སྒྲོལ་གནང་བ་དང་།སྤྱི་ཚོགས་རིང་ལུགས་སྔོན་ཐོན་རིག་གནས་ཁྱབ་བསྒྲགས་དང་འཆམ་མཐུན་བརྟན་བརླིང་གི་སྤྱི་ཚོགས་ཁོར་ཡུག་བསྐྲུན་པ། ཞིང་འབྲོག་མང་ཚོགས་ལ་གུང་ཁྲན་ཏང་གི་དབུ་ཁྲིད་བྱེད་པར་སྣེ་ཁྲིད་ལམ་སྟོན་བགྱི་བ། དམངས་སེམས་གཅིག་སྡུད་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་ཡོང་བར་ནུས་པ་གང་ལེགས་ཐོན་ཡོད།


  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་དཔྱ་ཁྲལ་ཆག་ཡང་དང་འགྲོ་གྲོན་ཉུང་དུ་གཏོང་བའི་སྲིད་ཇུས་བྱེད་ཐབས་དོན་འཁྱོལ་བྱེད་པར་འགན་སྲུང་བྱས།
  • ལེ་ཚན་རྗེས་མ།:སྡེ་ཁག་གི་གསར་འགྱུར།
  • དོ་སྣང་ཆེ་བའི་རྩོམ།