ལི་ཐང་རྫོང་གིས་དཔྱིད་རྨོས་དངོས་ཟོག་གསོག་འཇོག་འདང་ངེས་བྱས།

བསོད་ནམས་སྒྲོལ་དཀར་གྱིས་བསྒྱུར།        2019-04-10

   ཉེ་ཆར། སྨྱུག་འཛིན་པས་ལི་ཐང་རྫོང་ཞིང་འབྲོག་དང་ཞིང་སྡེ་ལས་དོན་ཅུས་ནས་ཤེས་རྟོགས་བྱུང་དོན། རྫོང་དེས་དངོས་ཟོག་གསོག་འཇོག་བྱེད་པའི་གྲ་སྒྲིག་ལས་ཀ་ཡོད་ཚད་ཡག་པོ་བསྒྲུབས་ནས་དཔྱིད་རྨོས་ཐོན་སྐྱེད་ལས་ཀ་བདེ་བླག་ངང་སྤེལ་ཐུབ་པར་ཁག་ཐེག་བྱས་པ་རེད།

    ད་ལོར། ལི་ཐང་རྫོང་གི་འབྲུ་རིགས་འདེབས་ཁྱོན་སྔོན་རྩིས་བྱས་ན་མུའུ་ཁྲི5.2དང་། ཐོན་ཚད་བསྡོམས་འབོར་ཏུན་ཁྲི1.26ལ་ཟིན་རྒྱུ་རེད། ཞིང་ལས་ཐོན་སྐྱེད་ཀྱི་རྒྱུ་ཆ་དུས་ཐོག་ཏུ་གནད་ལ་འཁེལ་ཐུབ་པ་དང་གྲོང་ཚོ་དབུལ་པོ37གྱི་ཞིང་སྤྱོད་དངོས་རྫས་ཀྱི་དགོས་མཁོ་སྐོང་ཆེད། རྫོང་དེས་དུས་ཐོག་ཏུ་རིགས་སྣ་ཚོགས་ཀྱི་ཞིང་སྤྱོད་དངོས་རྫས་གྲ་སྒྲིག་དང་བཀོད་སྒྲིག་བྱས་པ་རེད། དེའི་ནང་ནས་ཀྱི་སོན་བཟང་རྒྱ་མ་ཁྲི15.2གཏོང་འདྲེན་བྱས་པ་དང་ཞིང་པའི་དུད་ཚང་རང་ཉིད་ཀྱིས་ནས་རྒྱ་མ་ཁྲི114.3གསོག་ཉར་བྱས། ཞོག་ཁོག་རྒྱ་མ་ཁྲི120གཏོང་འདྲེན་བྱ་རྒྱུ་སྒྲིག་འཛུགས་བྱས་པ་དང་ཞིང་པའི་དུད་ཚང་རང་ཉིད་ཀྱིས་ཞོག་ཁོག་རྒྱ་མ230གསོག་ཉར་བྱས་ཡོད། པད་ཁ་རྒྱ་མ6000གཏོང་འདྲེན་བྱས་པའི་དུས་མཚུངས་སུ་རྫོང་དེས་ལྕགས་དྲྭ་སྨི་ཁྲི3དང་། སྐྱེ་ལྡན་གྱི་ལུད་ཏུན350 ཞིང་སྤྱོད་འགྱིག་ཤོག་ཏུན3 ཞིང་སྨན་ཏུན2བཅས་ཉོ་སྒྲུབ་བྱས་ཚར་བ་དང་། སོན་འདེབས་འཕྲུལ་འཁོར་དང་རྨོ་ཡུར་འཕྲུལ་འཁོར། འདྲུད་འཐེན་འཕྲུལ་འཁོར་སོགས་བསྡོམས་པས་འཕྲུལ་འཁོར1800ཞིབ་བཤེར་བཟོ་བཅོས་དང་བདག་གཅེས་ཉམས་གསོ་བྱས་ནས། དཔྱིད་འདེབས་དུས་སྐབས་སུ་དངོས་ཟོག་འདང་ངེས་བྱས་ནས་ཞིང་ལས་འཕྲུལ་ཆས་ཉེན་མེད་ངང་བེད་སྤྱོད་གཏོང་ཐུབ་པར་ཁག་ཐེག་བྱས་པ་རེད།

    ཤེས་རྟོགས་བྱུང་བ་ལྟར་ན། ཞིང་དུད་ཀྱི་དགོས་མཁོ་ལྟར་གཞི་གྲངས་བསྡོམས་རྩིས་དང་ལོ་ཏོག་གི་ཐོན་འབབ་གནས་ཚུལ་ལ་དབྱེ་ཞིབ་བྱས་ནས། རྫོང་དེས་གོང་སྨོས་ཀྱི་དངོས་ཟོག་དེ་དག་རིན་པ་མི་དགོས་པར་གྲོང་ཚོ་ཁག་གི་དུད་ཚང་ལ་སྤྲད་ནས་ཞིང་དུད་ཀྱི་དཔྱིད་རྨོས་ཐོན་སྐྱེད་ཀྱི་ལས་ཀ་བདེ་བླག་ངང་སྒྲུབ་ཐུབ་པར་རྨང་གཞི་བརྟན་པོ་བཏིང་བ་རེད།།


  • ལེ་ཚན་སྔོན་མ།:དུར་མཆོད་ཉིན་མོའི་གུང་གསེང་སྐབས་སུ་རང་ཁུལ་གྱི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་གཉིས་ལས་བརྒལ།
  • ལེ་ཚན་རྗེས་མ།:དཔལ་ཡུལ་རྫོང་གིས་ཞིང་སྤྱོད་དངོས་རྫས་གྲ་སྒྲིག་འདང་ངེས་བྱས་ཏེ་དཔྱིད་རྨོས་འགན་སྲུང་བྱས།
  • དོ་སྣང་ཆེ་བའི་རྩོམ།