རང་ཁུལ་གྱིས་བྱེད་ཐབས་བླངས་ནས་དཔྱིད་གྲང་དུས་ཚོད་ནང་གཞུང་ལམ་གྱི་ཉེན་མེད་བདེ་འཇགས་ལ་འགན་སྲུང་ཏན་ཏིག་བྱས།

བདེ་སྐྱིད་ཀྱིས།        2015-04-27

ཉེ་ཆར།རང་ཁུལ་གྱི་ས་གནས་མང་ཆེ་བར་དཔྱིད་གྲང་གི་ཁ་ཆར་འབབ་པའི་གནས་ཚུལ་ལ་དམིགས་ནས།ཁུལ་གཞུང་ལམ་དོ་དམ་ཅུས་ཀྱིས་བྱེད་ཐབས་བླངས་ནས་དཔྱིད་གྲང་དུས་ཚོད་ནང་གཞུང་ལམ་བདེ་བགྲོད་ལ་འགན་ལེན་ཏན་ཏིག་བྱས་པ་རེད།ཅུས་དེས་གཞུང་ལམ་བདེ་སྲུང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་ཡོད་པ་སྟེ།གཅིག་ནི་ཉེན་འགོག་དཔུང་སྡེ་དང་བབ་བསྟུན་དངོས་རྫས་དོན་འཁྱོལ་ཡག་པོ་བྱས་ཏེ་གཙོ་གནད་གཞུང་ལམ་ལ་རླངས་འཁོར་གྱི་འཕྲུལ་ཆས་ཡོ་བྱད་དང་རླངས་འཁོར་བཟོ་བཅོས་བྱེད་མཁན་བཀོད་སྒྲིག་བྱས་ཡོད་པ་རེད།གཉིས་ནི་གནམ་གཤིས་སྡེ་ཁག་དང་འབྲེལ་བ་བྱས་ནས་དུས་ཐོག་ཏུ་སྔོན་ཚུད་ཉེན་བརྡ་བཏང་ནས་སྔ་སྣུར་དུ་གྲ་སྒྲིག་ལས་ཀ་བསྒྲུབས།གསུམ་ནི་གངས་འཁྱགས་ཆགས་པའི་གཞུང་ལམ་དང་རི་མཐོ་སའི་གཞུང་ལམ་ལ་ལྟ་སྐུལ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་དུས་ཚོད་དང་པོ་ནས་གནས་བབ་ཉེན་ཁ་མེད་པ་བཟོས་ཡོད།བཞི་ནི་བབ་བསྟུན་ལས་རེས་ཀྱི་ལས་ཀའི་ལམ་ལུགས་གཏན་འབེབས་བྱས་ནས་འགོ་ཁྲིད་དང་ལས་རེས་འགན་འཁུར་མི་སྣ།ཆ་འཕྲིན་འབྲི་མཁན་བཅས་ཀྱིས་ཉིན་མཚན་མེད་པར་ཁ་པར་སྒོ་མི་བརྒྱབ་ནས་ཆ་འཕྲིན་གཏང་རྒྱུར་འགན་ལེན་ཏན་ཏིག་བྱས།ར་ལྔ་ཁ་དང་རྒྱུ་ལར་ཁ་བ་ཆེན་པོ་བབ་ནས་མངོན་མེད་ཉེན་ཁ་བྱུང་བའི་གནས་ཚུལ་ལ་དམིགས་ནས་ཅུས་དེས་རླངས་འཁོར་གཏང་རྒྱུར་བཀག་སྡོམ་དང་རྩིས་སྤྲོད་དོ་དམ་གྱི་བྱེད་ཐབས་བླངས་པ་རེད།།  
  • ལེ་ཚན་སྔོན་མ།:ཧུའུ་ཁྲང་ཧྲེང་གིས་གསེར་ཐར་རྫོང་གི་འགོ་ཁྲིད་ལས་བྱེད་པའི་ཚོགས་ཆེན་ཐོག་དཀའ་ངལ་སྔུན་བསུས་མདུན་སྐྱོད་བྱས་ཏེ་འབད་བརྩོན་ལྷོད་མེད་ཀྱིས་ལེ་ཚན་གསར་པ་བསྐྲུན་དགོས་ཞེས་གསུངས།  
  • ལེ་ཚན་རྗེས་མ།:ཕྱག་ཕྲེང་རྫོང་གིས་གསུམ་གྲོང་གསེབ་ཏུ་སྐྱེལ་བ་དང་ཕྱོགས་བདུན་ལ་བཅའ་ཁྲིམས་སྐྱེལ་བའི་བྱེད་སྒོ་སྤེལ།  
  • དོ་སྣང་ཆེ་བའི་རྩོམ།