འབྲི་ཆུའི་སྟོད་རྒྱུད་ཀྱི་ཆེས་ཆེ་བའི་གློག་འདོན་ས་ཚུགས་ཀྱིས་ཆུ་གསོག་འགོ་ཚུགས།

བདེ་སྐྱིད་ཀྱིས་བསྒྱུར།        2019-04-03

     སྤྱི་ཟླ3པའི་ཚེས30ཉིན། འབྲི་ཆུའི་སྟོད་རྒྱུད་ཁྲོན་བོད་བར་གྱི་སྒ་རྗེ་ཤང་དང་གླང་སྨད་ཤང་འབྲེལ་མཚམས་སུ་འཕྲུལ་ཆས་ཀྱི་སྒྲིག་ཆས་ཆ60﹙ཆ་ཚང་﹚ལྷག་ཙམ་གྱིས་འབྲི་ཆུའི་ནང་ཆུ་གཅོད་བྱེད་ཀྱི་རྒྱུ་ཆ་བླུགས་རྗེས་ས་འབུད་འཕྲུལ་འཁོར་དང་རྐོ་འདྲུའི་འཕྲུལ་འཁོར་གྱིས་ཁོད་སྙོམས་བྱས་པ་རེད། གཡས་པ་ཐང་ཆུ་གློག་ས་ཚུགས་ཀྱི་སྟོད་རྒྱུད་ལ་ལེགས་གྲུབ་ངང་ཆུ་གཅོད་ཐུབ་པ་རེད། དེ་ནི་གཡས་པ་ཐང་ཆུ་གློག་ས་ཚུགས་ཀྱི་ལས་གྲྭ་གཙོ་བོ་དེ་ཁྱོན་ཡོངས་ནས་ལས་འགོ་ཚུགས་པའི་མཚོན་ཚུལ་ཞིག་རེད།

གཡས་པ་ཐང་ཆུ་གློག་ས་ཚུགས་ནི་ལོ་ལྔའི་འཆར་གཞི་བཅུ་གཉིས་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ནང་ཀྲུང་དབྱང་གིས་བོད་ཁུལ་དུ་རྒྱབ་སྐྱོར་བྱས་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་གཞི་གལ་ཆེན་ཡིན་ལ། རྒྱལ་ཁབ་ཀྱི་ནུབ་གློག་ཤར་གཏོང་གི་འབྲེལ་མཐུད་བྱེད་པའི་ནུས་ཁུངས་རྟེན་གཞིའི་སྔོན་ཁྲིད་ལས་གྲྭའི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན་པ་རེད།

     ཆུ་གློག་ས་ཚུགས་ཀྱི་ལས་གཞི་དེ་ནི་ཆུ་འགོག་བཟོ་བཀོད་དང་ཆུ་ལོག་བཤང་བའི་བཟོ་བཀོད། ཆུ་འདྲེན་གློག་འདོན་བཟོ་བཀོད་བཅས་གྲུབ་ཆ་གསུམ་ལས་གྲུབ་པ་རེད། ཆུ་འགོག་བཟོ་བཀོད་ནི་ཨར་འདམ་ཆུ་རགས་གཞུ་དབྱིབས་གཉིས་ལྡན་ཡིན་ལ། ཆུ་རགས་མཐོ་ཚད་སྨི2894དང་མཐོ་ཚད་མཐོ་ཤོས་སྨི217ཡོད་པ། འདི་ནི་རང་རྒྱལ་གྱི་སྨི200ཡན་ཟིན་པའི་ཧ་ཅང་མཐོ་བའི་གཞུ་དབྱིབས་ཆུ་རགས་ཞིག་ཡིན་པ་རེད།།


  • ལེ་ཚན་སྔོན་མ།:གནས་མཆོག་དཀར་མཛེས་ཞང་ཀང་དུ་བསྐྱོད་པའི་ཐོན་ཁུངས་ལེགས་ཆའི་ཐད་མ་དངུལ་གཏོང་འཇོག་གི་འོས་སྦྱོར་ཚོགས་འདུ་ཞང་ཀང་དུ་གཉེར།
  • ལེ་ཚན་རྗེས་མ།:སྡེ་དགེ་པར་ཤིང་བཤམས་སྟོན་ཁང་བསྐྲུན་པའི་ལས་གཞི་འགོ་ཚུགས་པ།
  • དོ་སྣང་ཆེ་བའི་རྩོམ།