ཨོ་རྒྱན་གྱིས་བསྒྱུར། 2019-04-01
རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ཉེ་ཆར《སི་ཁྲོན་པད་མའི་མཚོ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་གི་སྤྱིའི་འཆར་འགོད(2018-2027)》ལ་མཆན་འགོད་བཀའ་ལན་གནང་ཡོད་པ་རེད། དེར་བརྟེན་རང་ཁུལ་ལ་ཡང་དུ་རྒྱལ་ཁབ་རིམ་པའི་ནགས་ཚལ་སྤྱི་གླིང་ཞིག་བསྣན་ཡོད་པ་རེད།
རྒྱ་ཁྱོན་སྤྱི་ཆིངས16481ཡོད་པའི་ནགས་ཚལ་སྤྱི་གླིང་ནང་ཁུལ་དུ་ལྟེ་བའི་ཡུལ་ལྗོངས་ཁུལ་དང་སྐྱེ་ཁམས་སྲུང་སྐྱོང་ཁུལ་དང་། ནགས་ཚལ་སྐྱེ་ཁམས་ཁུལ་བཅས་ཁག་གསུམ་དུ་བཀོད་སྒྲིག་བྱས་ཡོད་ཅིང་། འདི་ནི་པད་མའི་མཚོ་རྒྱལ་ཁབ་རིམ་པའི་ནགས་ཚལ་སྤྱི་གླིང་དེ་ཕྱོགས་ཡོངས་ནས་ཁྲིམས་སྲོལ་བཞིན་འཛུགས་སྐྲུན་གཏན་འབེབས་ཀྱི་དུས་མཚམས་སུ་བསླེབས་ཡོད་པ་རེད།
《འཆར་འགོད》ལྟར་ན་ལྟེ་བའི་མཛེས་ལྗོངས་ཁུལ་ལ་སྤྱི་ཆིངས2800ལྷག་དང་། སྐྱེ་ཁམས་སྲུང་སྐྱོང་ཁུལ་ལ་སྤྱི་ཆིངས8000 ཙམ་ལ་ཟིན་གྱིན་ཡོད་པ་དང་། དེ་མིན་ཚང་མ་ནགས་ཚལ་སྐྱེ་ཁམས་ཁུལ་གྱི་ས་ཁྱོན་དུ་གྱུར་ཡོད་པ་རེད། སྤྱི་གླིང་འདི་རུ་མ་འོངས་པར་ཡུལ་སྐོར་དོ་དམ་ཚོད་འཛིན་བྱེད་པའི་ལམ་ལུགས་ལག་བསྟར་བྱས་ནས་ཉིན་རེར་ཡུལ་སྐོར་བ་མི་གྲངས5900ལས་བརྒལ་མི་ཆོག་པ་རེད།
པད་མའི་མཚོ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་ནི་དཀར་མཛེས་ཁུལ་དར་མདོ་གྲོང་ཁྱེར་དཔའ་སྲེག་རོང་ཡུལ་ཤོག་ཏུ་ཡོད་ལ། འདི་ནི་དཀར་མཛེས་ཁུལ་གྱི་ཆེས་ཐོག་མའི་ནགས་བཟོ་ཁེ་ལས་འཛུགས་སྐྲུན་བདག་གཉེར་གྱི་རྒྱལ་ཁབ་ཀྱི་ནགས་ཚལ་སྤྱི་གླིང་དེ་ཡིན་ལ། རང་ཁུལ་ལ་ཡང་དུ་བསྣན་པའི་རྒྱལ་ཁབ་རིམ་པའི་ནགས་ཚལ་སྤྱི་གླིང་ཡང་ཡིན་པ་རེད། སྤྱི་གླིང་ནང་ཁུལ་དུ་གཙོ་བོ་བསེ་རུ་རི་བོ་དང་ཟླ་བའི་མཚེའུ། པད་མའི་མཚོ་སོགས་ལྗོངས་ཁུལ་གྱིས་གྲུབ་ཅིང་ཆ་སྙོམས་མཚོ་འཕགས་སྨི3000ཡས་མས་སུ་བསླེབས་ཡོད་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10