གསེར་ཐར་རྫོང་གིས་དམངས་གཙོའི་ཚོགས་འདུ་འཚོགས།

རྒྱ་མཚོ་ལྷ་མོས་བྲིས།        2019-03-13

   ཉེ་ཆར། གསེར་ཐར་རྫོང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་དམངས་གཙོའི་ཚོགས་འདུ་ལ་གཞིགས་ནས། ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རང་ལུགས་ཀྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་ཀའི་ཐད་གནང་བའི་མཛུབ་སྟོན་གྱི་སྙིང་དོན་སོགས་ལ་སློབ་སྦྱོང་ཟབ་མོ་བྱས་པ་རེད།

    དམངས་གཙོའི་ཚོགས་འདུའི་ཐོག་རེ་འདུན་བཏོན་དོན། གཞུང་ལུགས་སློབ་སྦྱོང་ཐད་ལ་ཤུགས་སྣོན་བརྒྱབ་ནས་འདུ་ཤེས་བཞི་བརྟན་པོ་འཆང་བ་དང་ཡིད་ཆེས་བཞི་བརྟན་སྲུང་། སྲུང་སྐྱོང་གཉིས་ལེགས་སྒྲུབ། འགན་ཁུར་ཕོད་ལ་ལས་ཀ་སྒྲུབ་ཐུབ་ཅིང་། བདེན་འཚོལ་དོན་གཉེར་བྱས་ནས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་འགོད་སོགས་ཀྱིས་བརྗོད་བྱ་གཙོ་བོ་བྱ་དགོས།

   ཁུལ་ཨུའི་རྒྱུན་ལས་ཨུ་ཡོན། གསེར་ཐར་རྫོང་ཨུའི་ཧྲུའུ་ཅི་ཧོ་པིའོ་ཡིས་ཚོགས་འདུ་གཙོ་སྐྱོང་བྱས། ཚོགས་འདུའི་ཐོག2018ལོའི་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་སྙིང་དོན་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གཏན་འབེབས་བཅུ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་གཏན་འབེབས་བདུན་སོགས་ལག་བསྟར་བྱས་ཚུལ་ལ་གྲོས་ཞིབ་བྱས་པ་རེད།

   ཁུལ་ཨུའི་རྒྱུན་ལས་ཨུ་ཡོན། གསེར་ཐར་རྫོང་ཨུའི་ཧྲུའུ་ཅི་ཧོ་པིའོ་ཡིས་རྫོང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་ཞིབ་བསྡུར་བྱས་པ་དང་། བསམ་བློ་ཆབ་སྲིད་དང་རྣམ་འགྱུར། སྤྱོད་ཚུལ། བསམ་གཞིག འདུ་ཤེས། ཏང་འཛུགས་སྐྱོང་གི་འགན་འཁྲི། ཏང་སྲོལ་སྲིད་གཙང་བཅས་ཕྱོགས་བདུན་གྱི་ཐད་ནས་འགོ་འཛིན་ཞིབ་བསྡུས་བྱས་པ་དང་ཆབས་ཅིག རྫོང་ཨུའི་རྒྱུན་ལས་ཨུ་ཡོན་སོ་སོའི་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས། ཚང་མས་གཏམ་བཤད་ནང་དུ་རང་ཉིད་ཀྱིས་གནད་དོན་འཚོལ་ཞིབ་བྱས་པ་རེད།

   ཕྱོགས་བསྡོམས་གནང་སྐབས་ཧོ་པིའོ་ཡིས་ཐེངས་འདིའི་དམངས་གཙོའི་ཚོགས་འདུ་ཐོག་བསམ་བློ་གཅིག་གྱུར་དང་། འདུ་ཤེས་གཅིག་འདུས། ནུས་ཤུགས་ཀུན་འདུས་བཅས་བྱུང་ཡོད་པ་རེད། ཚོགས་མི་ཡོངས་ཀྱིས་དྲང་བདེན་དང་ལྷག་བསམ་རྣམ་དག། མཐུན་སྒྲིལ་བཅས་བྱ་དགོས་ལ། སྲུང་སྐྱོང་གཉིས་ལག་ལེན་བྱེད་སྐབས་དང་ཕུགས་འདུན་གྱི་འདུ་ཤེས་བརྟན་སྲུང་། ཇུས་འགོད་ལག་ལེན། མཐུན་སྒྲིལ་འཆམ་མཐུན་ཀྱི་རྣམ་པ་འཛུགས་སྐྱོང་། སྲིད་གཙང་རྣམ་པ་སྲུང་འཛིན། གནད་དོན་དག་བཅོས་སོགས་ཀྱི་ཐད་ནས་དཔེ་སྟོན་བྱ་དགོས་ཞེས་རེ་འདུན་བཏོན་པ་རེད།།


  • ལེ་ཚན་སྔོན་མ།:ཁུལ་ཨུའི་སྲིད་ཇུས་ཞིབ་འཇུག་ཁང་གི་སྒོ་བྱང་དངོས་སུ་བཀལ་ནས་ལས་ཁུངས་བཙུགས།
  • ལེ་ཚན་རྗེས་མ།:ཉམ་ཐག་པའི་ནད་པར་གཅེས་སེམས་རོགས་དངུལ་ཕུལ་ནས་བདེ་དྲོད་སྟེར།
  • དོ་སྣང་ཆེ་བའི་རྩོམ།