ན་ནིང་རང་ཁུལ་གྱི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར200ལས་བརྒལ།

བདེ་ཆེན་གྱིས་བསྒྱུར།        2019-03-12

   

ན་ནིང་རང་ཁུལ་གྱི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར200ལས་བརྒལ།

   ན་ནིང་། ཁུལ་ཡོངས་ཀྱིས་ཡུལ་སྐོར་བ་མིའི་ཐེངས་གྲངས་ཁྲི2230སྣེ་ལེན་བྱས་ཏེ། ཡུལ་སྐོར་བ་ཁྲི་ཉིས་སྟོང་གི་སྐས་རིམ་ལས་ཐོག་མར་བརྒལ་བ་དང་། ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར222.5རག་ནས་སྒོར་དུང་ཕྱུར་ཉིས་བརྒྱའི་ཚད་ལས་བརྒལ་བ་རེད།

    རང་ཁུལ་གྱིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལོ་དང་ཞབས་འདེགས་སྤུས་ཚད་ཡར་འདེགས་ལོ། ཡུལ་སྐོར་ཚོང་གཉེར་དྲིལ་བསྒྲགས་ལོའི་བྱེད་སྒོ་སྤེལ་བ་དང་། ལས་གཞི33ལག་བསྟར་བྱས་ཏེ། མ་དངུལ་སྒོར་དུང་ཕྱུར19.58བཏང་ནས། དུང་དཀར་ལུང་པའི་རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁུལ་བསྐྲུན་འགོ་ཚུགས་པ་དང་། རྒྱལ་ཁབ་ཀྱིAབཞི་རིམ་པའི་ལྗོངས་ཁུལ2དང་། Aགསུམ་རིམ་པའི་ལྗོངས་ཁུལ11བསྐྲུན་ཏེ། Aརིམ་པའི་ལྗོངས་ཁུལ་བསྡོམས་གྲངས26ལ་བསླེབས་ཡོད། ཁྱོན་ཡོངས་ནས་ཡུལ་སྐོར་ཕྱོགས་བསྡུས་ཞབས་འདེགས་མ་ལག83འཛུགས་སྐྲུན་བྱས་ཏེ། ཆབ་ཁང127བསྒྱུར་བཀོད་བྱས་པ་དང་། སྤྱི་པའི་ཆབ་ཁང252གསར་དུ་བསྐྱར་བཟོ་བྱས་པ། མཉམ་སྤྱོད་ཆབ་ཁང283སྒོ་འབྱེད་པ་དང་། ཡུལ་སྐོར་ལས་དོན་ཁང21དང་ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ཁེ་ལས་ཁྲི3། ཡུལ་སྐོར་གྱི་མགྲོན་ཁང5130གསོ་སྐྱོང་དང་འཕེལ་རྒྱས་བཏང་བ་མ་ཟད། ཡུལ་སྐོར་ལས་རིགས་ཀྱི་ཕུལ་བྱུང་ཤེས་ལྡན་མི་སྣ643དཔྱད་འདེམས་བྱས་ཏེ། Aབཞི་རིམ་པའི་ཡན་ཆད་ཀྱི་ལྗོངས་ཁུལ་ལས་སྒྲུབ་མི་སྣ་ཚང་མ་ལག་ཁྱེར་ཐོག་ནས་ལས་ཀར་ཞུགས་པ་མངོན་འགྱུར་བྱུང་བ་རེད།
    འདབ་པའི་ཉི་སྟེན་རྒྱལ་ཡོངས་ཀྱི་ཡུལ་སྐོར་ལྗོངས་ཁུལ་ཆབ་ཁབ་བསྒྱུར་བཀོད་ཀྱི་གསོ་སྦྱོང་རྟེན་གཞིར་བྱས་པ་དང་། དུང་དཀར་ལུང་པའི་ལྗོངས་ཁུལ་ནི་ཡུལ་སྐོར་བ་ཚོས་ཆེས་དགའ་བསུ་ཐོབ་པའི་ཕུལ་བྱུང་ཡུལ་སྐོར་བྱ་ཡུལ་གྱི་གྲས་སུ་གྱུར་བ་རེད།།

 


  • ལེ་ཚན་སྔོན་མ།:བྱང་སྡེ་ཉི་མ་རྫ་ཆུ་ཁའི་འཕེལ་རིམ་གྱི་མཆོར་ཉམས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་ས་གནས་ཁག་གི་ལས་བྱེད་པ་དང་ལས་བཟོས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལ་ཚ་ཚ་འུར་འུར་གྱིས་གྲོས་བསྡུར་བྱས།
  • དོ་སྣང་ཆེ་བའི་རྩོམ།