རང་ཁུལ་གྱིས་སྒྲིག་གཞི་བཅོས་བསྒྱུར་སྐུལ་སློང་དང་བཀོད་སྒྲིག་ཚོགས་ཆེན་འཚོགས།

ལྷ་འཛོམས་ཀྱིས་བསྒྱུར།        2019-03-04

རང་ཁུལ་གྱིས་སྒྲིག་གཞི་བཅོས་བསྒྱུར་སྐུལ་སློང་དང་བཀོད་སྒྲིག་ཚོགས་ཆེན་འཚོགས།

   སྤྱི་ཟླ2པའི་ཚེས19ཉིན་གྱི་སྔ་དྲོར། དཀར་མཛེས་ཁུལ་གྱི་སྒྲིག་གཞི་བཅོས་བསྒྱུར་སྐུལ་སློང་དང་བཀོད་སྒྲིག་ཚོགས་ཆེན་དེ་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་རྣམ་པའི་ཐོག་ནས་དར་མདོར་འཚོགས་ཤིང་། དེ་ནས་རང་ཁུལ་གྱིས་སྒྲིག་གཞི་བཅོས་བསྒྱུར་ལས་ཀ་ཁྱོན་ཡོངས་ནས་སྤེལ་ཞིང་ལག་བསྟར་དུས་རིམ་དུ་སླེབས་པ་རེད། གྲོས་ཚོགས་ཐོག《དཀར་མཛེས་ཁུལ་གྱི་སྒྲིག་གཞི་བཅོས་བསྒྱུར་གྱི་ཇུས་གཞི》དང་ཁུལ་རིམ་པའི་སྒྲིག་གཞི་བཅོས་བསྒྱུར་དང་འབྲེལ་ཡོད་སྒོ་བྱང་འགེལ་བའི་སྡེ་ཁག་གི་འགན་ཁུར་མི་སྣའི་མིང་ཐོ་སྒྲོག་སྦྱངས་བྱས། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་དར་མདོའི་གཙོ་གཉེར་ཚོགས་རའི་ནང་ཞུགས་ཤིང་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་གྲོས་ཚོགས་ཀྱིས་གཙོ་འགན་བཞེས་པ་རེད།

   ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཁང་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ་སོགས་ཁུལ་གྱི་ཚོགས་པ་ཆེན་པོ་བཞིའི་འགོ་ཁྲིད་གཙོ་གཉེར་ཚོགས་རའི་ནང་ཞུགས་ཡོད།

   ལིའུ་ཁྲེང་མིང་གིས་ཁུལ་ཡོངས་ཀྱི་གོང་འོག་ཚང་མར་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྒྲིག་གཞི་བཅོས་བསྒྱུར་ལས་ཀའི་བཀོད་སྒྲིག་དང་སྙིང་དོན་བཅས་དང་འབྲེལ་ཡོད་བླང་བྱ་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བསྟར་ནས་སྔར་ལས་ལྷག་པར་བསམ་བློ་གཅིག་གྱུར་དང་དངོས་སྒྲུབ་དོན་གཉེར་བྱེད་པ་དང་། ཞིང་ཆེན་ཏང་ཨུས་ཞུས་ལན་གནང་བའི《དཀར་མཛེས་ཁུལ་གྱི་སྒྲིག་གཞི་བཅོས་བསྒྱུར་གྱི་ཇུས་གཞི》དོན་འཁྱོལ་ནན་ཏན་བྱེད་པ། མགྱོགས་མྱུར་དང་མཐའ་གཅིག སྤུས་ཀ་དང་གྲངས་འབོར་གཉིས་ཀར་འགན་ལེན་བཅས་ཀྱི་ཐོག་ནས་སྒྲིག་གཞི་བཅོས་བསྒྱུར་ལས་ཀ་གྲུབ་པར་ཁག་ཐེག་བྱ་དགོས་ཞེས་ཐུགས་རེ་གནང་བ་རེད།

   ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན། གཅིག་ནི་ཆབ་སྲིད་ལངས་ཕྱོགས་བརྟན་པོ་བྱས་ཏེ་ཐེངས་འདིའི་སྒྲིག་གཞི་བཅོས་བསྒྱུར་གྱི་དོན་སྙིང་གལ་ཆེན་ཁོང་དུ་ཡང་དག་པ་ཆུད་པ་བྱ་དགོས། གཉིས་ནི་དམིགས་ཡུལ་ལས་འགན་གསལ་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་སྒྲིག་གཞི་བཅོས་བསྒྱུར་གྱི་ཇུས་གཞི་ལག་བསྟར་བྱ་རྒྱུར་སྐུལ་འདེད་བྱ་དགོས། གསུམ་ནི་འགན་འཁྲི་ནན་པོ་དཀྲིས་ནས་སྤུས་ཀ་དང་གྲངས་འབོར་གཉིས་ཀར་འགན་ལེན་ཐོག་སྒྲིག་གཞི་བཅོས་བསྒྱུར་གྱི་ལས་འགན་གྲུབ་པར་ཁག་ཐེག་བྱ་དགོས། བཞི་ནི་མ་སྐུལ་དང་བླངས་ཀྱིས་འགན་འཁྲི་འཁུར་བ་དང་ལས་ཀ་བསྒྲུབས་ཏེ་སྒྲིག་གཞི་གསར་པ་དང་ཚན་ཁག་གསར་པ། རྣམ་པ་གསར་པ་བཅས་གང་ལེགས་མཚོན་པ་བྱ་དགོས།།


  • ལེ་ཚན་སྔོན་མ།:ཁུལ་ཨུའི་སྤྱིར་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ལས་དོན་ཨུ་ལྷན། ཁུལ་གཞུང་ཞབས་པ་ཅུས་ཀྱི་སྒོ་བྱང་འགེལ་ནས་ལས་ཁུངས་དངོས་སུ་བཙུག
  • ལེ་ཚན་རྗེས་མ།:ཞིང་ཆེན་ཏང་ཨུའི་དབུལ་སྐྱོར་ཁྱབ་ཁོངས་ཀྱི་ཆེད་དོན་སྐོར་གཟིགས་ཚོ་ཆུང་གིས་བསམ་འཆར་ལྡོག་ལན་སྤྲོད་པར་དག་བཅོས་སྐུལ་སློང་དང་བཀོད་སྒྲིག་ཚོགས་ཆེན་དར་མདོར་འཚོགས།
  • དོ་སྣང་ཆེ་བའི་རྩོམ།