གཞི་རིམ་མང་ཚོགས་ཀྱིས་དགའ་དགའ་སྤྲོ་སྤྲོས་ལོ་སར་བཏང་།

བདེ་སྐྱིད་ཀྱིས་བསྒྱུར།        2019-02-20

སྤྱི་ཟླ2པའི་ཚེས8དེ་དཔྱིད་གསར་དུས་ཆེན་གྱི་ཚེས4ཉིན་ལ། དྲིན་དྲན་དང་དྲིན་གཟོ་བའི་དམངས་ཕན་བྱ་སྤྱོད་སྤེལ་ཞེས་པའི་བརྗོད་བྱ་གཙོ་བོའི་གྲོང་གསེབ་ཀྱི་ཚོང་འདུའི་ཉོ་ཚོང་བྱེད་སྒོ་དེ2014ལོའི་ཟླ་བ11པའི་ཚེས22ཉིན་ལ་དར་མདོ་གྲོང་ཁྱེར་དུ་བྱུང་བའི་ས་ཡོམ་གྱི་ཡོམ་ལྟེ་སྟེ་ལྷ་སྒང་གྲོང་རྡལ་གྱི་རྡོ་ར་དཀར་མོ་སྡེ་གྲོང་སྡེར་གཟབ་རྒྱས་ངང་སྤེལ་བ་རེད།

བྱེད་སྒོའི་ཡུལ་དངོས་སུ་དར་མདོ་མི་རིགས་ཉོ་ཚོང་སྤྱི་གཉེར་ཁང་སོགས་ཁེ་ལས་ཚོའི་ལས་མི་རྣམས་ཀྱིས་ཉེར་མཁོའི་ཚོང་ཟོག་སྣ་ཚོགས་གོང་ཁེ་པོས་འཚོང་བཞིན་ཡོད་ལ། འབྲོག་པ་ཚོས་རང་གི་སྒོ་ཁར་གོང་ཁེ་ལ་བློ་བདེ་བའི་ལོ་སར་གྱི་མཁོ་དངོས་ཉོ་ཆོག་པ་རེད། བྱེད་སྒོའི་ཐོག་གློག་རྡུལ་དབུལ་སྐྱོར་གྱི་ཐོན་རྫས་སྐད་གྲགས་ཅན་བཤམས་ཡོད་པར་མ་ཟད། འཕྲིན་ཕྲན་དང་དངུལ་སྤྲོད་ནོར་ཁུག་སོགས་ཀྱི་དྲྭ་ཐོག་དངུལ་སྤྲོད་ཞབས་ཞུ་མཁོ་འདོན་བྱས་ཤིང་། ཚོང་དོན་དབུལ་སྐྱོར་དང་གློག་རྡུལ་ཚོང་དོན་གྱི་དབུལ་སྐྱོར་ཐོན་རྫས་ཚོང་གཉེར་འདྲི་རྩད་ཞབས་ཞུའི་བྱེད་ས་བཅས་བཙུགས་ནས་བཅར་འདྲི་ཡོང་བའི་མང་ཚོགས1000ལྷག་ཙམ་ལ་སྣེ་ལེན་བྱས་པ་རེད། འབྲོག་མང་ཚོགས་ཀྱིས་སྤུས་ལེགས་གོང་ཁེའི་ཚོང་ཟོག་འཚང་ཁ་ཤིག་ཤིག་ངང་ཉོས་ནས་ཉིན་དེར་གོང་ཁེ་པོས་ཐོན་རྫས་ཕྱིར་ཚོང་སྒོར་ཁྲི30ལྷག་ཙམ་ཟིན་པ་རེད། ཡུལ་དངོས་སུ་དྲྭ་ཐོག་ནས་སྒོར་ཁྲི4ཚོང་འགྲིག་ཐུབ་ཅིང་འབྲོག་པ་ཚོས་དྲ་བའི་ཕན་འབྲས་དངོས་སུ་མྱོང་རོལ་བྱས་པ་རེད།

ཤེས་རྟོགས་བྱུང་པར་གཞིགས་ན། ཐེངས་འདིའི་བྱེད་སྒོར་ཞུགས་མཁན་ཁེ་ལས་ཀྱིས་ད་དུང་གྲོང་སྡེ་དེར་འདྲི་རྩད་ཞབས་ཞུ་བྱས་ནས་ས་དེ་གའི་ཞིང་ལས་ཀྱི་ཁྱད་ལྡན་ཐོན་རྫས་ཁྲོམ་རར་འགྲེམ་པར་རྒྱབ་སྐྱོར་བྱས་པ་རེད།། ﹙བདེ་སྐྱིད་ཀྱིས་བསྒྱུར།﹚


  • ལེ་ཚན་སྔོན་མ།:ལིའུ་ཁྲེང་མིང་གིས་ཁེར་ལུས་རྒན་རྒོན་དང་ཕན་བདེ་ཁང་གིས་བྱིས་པར་འཚམས་འདྲི་གནང་།
  • ལེ་ཚན་རྗེས་མ།:ལོ་གསར་པའི་ནང་རང་ཁུལ་གྱིས་ཡུལ་སྐོར་བ་ཁྲི49.13ལ་སྣེ་ལེན་བྱས།
  • དོ་སྣང་ཆེ་བའི་རྩོམ།