ཀྲུང་དབྱང་དང་ཞིང་ཆེན་གསར་འགྱུར་སྨྱན་སྦྱོར་གྱིས་རང་ཁུལ་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འབབ་རྒྱུད་ཀྱི་གྲོང་ཡུལ་དར་རྒྱས་གཏོང་ཚུལ་ལ་བཅར་འདྲི་བྱས།

ལྷ་འཛོམས་ཀྱིས།        2019-01-28

   ཉེ་ཆར་ཁུལ་ཨུའི་དྲིལ་བསྒྲགས་པུའུ་དང་ཁུལ་ཨུའི་ཞིང་ལས་ལས་དོན་ཨུ་ལྷན་གྱིས་གཙོ་གཉེར་བྱས་པའི་ཀྲུང་དབྱང་དང་ཞིང་ཆེན་གསར་འགྱུར་སྨྱན་སྦྱོར་གྱི་གཅིག་བསྡུས་བཅར་འདྲི་བྱེད་སྒོ་ལྕགས་ཟམ་རྫོང་དུ་སྤེལ་བ་རེད།

   ན་ལོའི་ཟླ་བ་ལྔ་པར་རང་ཁུལ་གྱིས་རྒྱལ་རོང་རྒྱལ་མོ་རྔུལ་ཆུ་འབབ་རྒྱུད་ཀྱི་གྲོང་ཡུལ་དར་རྒྱས་དཔེ་སྟོན་ས་ཁུལ་གྱི་འཛུགས་སྐྲུན་དངོས་སུ་སྤེལ་འགོ་ཚུགས་ཏེ་རྒྱལ་རོང་རྒྱལ་མོ་རྔུལ་ཆུ་འབབ་རྒྱུད་དུ་ཁྱོན་ཡོངས་ནས་གནད་སྨིན་དབུལ་ཐར་འགག་སྒྲོལ་དང་ཁྱད་ཆོས་ལྡན་པའི་ཐོན་ལས་མཉམ་འདྲེས། སྐྱེ་ཁམས་སྡོད་འཚམ་གྱི་གྲོང་གསེབ་འཛུགས་སྐྲུན། ཕུལ་བྱུང་རིག་གནས་རྒྱུད་འཛིན། གྲོང་གསེབ་སྤྱི་ཚོགས་ལེགས་བཅོས། གྲོང་གསེབ་འཇོན་ལྡན་མི་སྣ་འདུ་འཛོམས། ཁྱོན་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པ་བཅས་བྱ་སྤྱོད་སྣ་བདུན་ལག་བསྟར་བྱས་པ་དང་ནུས་ཤུགས་ཡོད་རྒུས་གྲོང་ཡུལ་དར་རྒྱས་དཔེ་སྟོན་གྲོང་སྡེ282བསྐྲུན་ཞིང་།《དཀར་མཛེས་ཁུལ་རྒྱལ་རོང་རྒྱལ་མོ་རྔུལ་ཆུ་འབབ་རྒྱུད་ཀྱི་གྲོང་ཡུལ་དར་རྒྱས་དཔེ་སྟོན་ས་ཁུལ་འཛུགས་སྐྱོང་ལས་ཀའི་ཇུས་གཞི》བཟོ་འགོད་བྱས་ཡོད། ལྕགས་ཟམ་དང་དར་མདོ། རོང་བྲག་བཅས་ལ་ཡུལ་སྐོར་དཔེ་སྟོན་གྲོང་སྡེ24བསྐྲུན་རྒྱུའི་ཇུས་གཞི་བཟོ་འགོད་ལས་ཀ་གྲུབ་ཅིང་། ཟླ་བ11པའི་ཟླ་མཇུག་ལ་རོང་བྲག་རྫོང་གི་ཉེ་དགའ་ཡུལ་སྦྲེལ་ས་ཁུལ་གྱི་གྲོང་སྡེ15དེ་ཚན་པ་དང་པོའི་དཔེ་སྟོན་གྲོང་སྡེའི་བཟོ་སྐྲུན་ནང་བཞག་པ་རེད།

   མིག་སྔར་རང་ཁུལ་གྱི་རྒྱལ་རོང་རྒྱལ་མོ་རྔུལ་ཆུ་འབབ་རྒྱུད་ཀྱི་ལྕགས་ཟམ་དང་དར་མདོ། རོང་བྲག་བཅས་རྫོང་དང་གྲོང་ཁྱེར་གསུམ་གྱི་གྲོང་ཡུལ་དར་རྒྱས་དཔེ་སྟོན་ས་ཁུལ་གྱི་གཙོ་གནད་འཛུགས་སྐྲུན་ལས་གཞི་སྦྲེལ་མཐུད་དུ་ལས་འགོ་ཚུགས་ཤིང་། ད་ལོའི་ཟླ་བ3པར་གྲུབ་འབྲས་གལ་ཆེན་ཞིག་འཐོབ་གང་ཐུབ་བརྩོན་ལེན་བྱས་ནས་ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་གྱི་གུང་གསེང་དུས་སུ་དངོས་སུ་འགྲུབ་པ་བྱ་རྒྱུ།

   ཐེངས་འདིའི་གཅིག་བསྡུས་བཅར་འདྲི་བྱེད་སྒོ་ཁྲོད་ཀྲུང་གོ་གསར་འགྱུར་དྲ་བ་དང་སི་ཁྲོན་ཉིན་རེའི་ཚགས་པར། སི་ཁྲོན་བརྙན་འཕྲིན་ཁང་སོགས་ཀྲུང་དབྱང་དང་ཞིང་ཆེན་གྱི་གསར་འགྱུར་སྨྱན་སྦྱོར10ལྷག་གི་གསར་འགོད་པ་ཡོང་ཡོད།།


  • ལེ་ཚན་སྔོན་མ།:ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་མཉམ་འབྲེལ་རྟོག་ཞིབ་ཚོ་ཆུང་རང་ཁུལ་དུ་ཡོང་ནས་འཆི་མེད་རྡོ་རྗེའི་སྔོན་ཐོན་བྱས་རྗེས་ལ་རྟོག་ཞིབ་བྱས།
  • ལེ་ཚན་རྗེས་མ།:ལིའུ་ཁྲེང་མིང་གིས་དར་མདོ་ས་ཁུལ་དུ་དཔྱིད་གསར་དུས་ཆེན་གྱི་འཚམས་འདྲི་བྱེད་སྒོ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།