ཉག་རོང་རྫོང་དུ་མཁའ་དབུགས་སྤུས་ཚད་རང་ཤུགས་སུ་ལྟ་ཞིབ་ཚད་ལེན་བྱེད་སའི་ས་ཚུགས་ཡོད།
དབྱངས་ཅན་གྱིས་བསྒྱུར། 2014-10-21
ཉེ་ཆར།ཞིང་ཆེན་སྤྱི་ཁྱབ་ས་ཚུགས་ཀྱི་རླུང་ཁམས་ཆེན་པོའི་ལས་སྒྲུབ་ཁང་དང་ཉག་རོང་རྫོང་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན།གནམ་གཤིས་ཅུས་སོགས་སྡེ་ཁག་ལས་གྲུབ་པའི་ལས་སྒྲུབ་ཚོ་ཆུང་གིས་ལྟ་ཞིབ་ཚད་ལེན་ནན་པོ་བྱས་པར་བརྒྱུད་ནས། ཉག་རོང་རྫོང་གི་མཁའ་དབུགས་སྤུས་ཚད་རང་ཤུགས་སུ་ལྟ་ཞིབ་ཚད་ལེན་བྱེད་སའི་ས་ཚུགས་དེ་ཞིབ་བཤེར་རྩིས་ལེན་བྱས་པ་རེད།
ཡུལ་དངོས་སུ་ལྟ་ཞིབ་བྱས་པར་བརྒྱུད།འཕྲུལ་འཁོར་མཉམ་སྦྲེལ་བྱས་ཏེ་འཁོར་སྤྱོད་ཚོད་ལྟ་བྱས་རྗེས།ཞིབ་བཤེར་རྩིས་ལེན་ཚོ་ཆུང་གིས་ཉག་རོང་རྫོང་གི་ཁོར་ཡུག་ལྟ་ཞིབ་ཚད་ལེན་ས་ཚུགས་ཀྱི་ཚད་གཞིའི་གྲངས་ཀ་སྣ་ཚོགས་འཁོར་སྐྱོད་རྒྱུན་ལྡན་ལྟར་ཡིན་ལ་ཉོ་སྒྲུབ་བྱས་པའི་སྒྲིག་ཆས་དང་ཞིང་ཆེན་དང་ཁུལ་གྱི་གློག་ལམ་དྲ་སྦྲེལ་བྱས་པ་དེ་ཞིང་ཆེན་སྤྱི་ཁབ་ས་ཚུགས་ཀྱི་དམིགས་ཚད་དགོས་པ་དང་མཐུན་པ་དང་།རྫོང་དེའི་ཁོར་ཡུག་མཁའ་དབུགས་རང་འགུལ་ལྟ་ཞིབ་ཚད་ལེན་བྱེད་སའི་ས་ཚུགས་ཀྱི་མ་ལག་ལག་རྩལ་གྱི་དམིགས་ཚད་སྣ་ཚོགས་རྒྱལ་ཁབ་ཀྱི《ཁོར་ཡུག་མཁའ་དབུགས་ཀྱི་སྤུས་ཚད་རང་ཤུགས་སུ་ལྟ་ཞིབ་ཚད་ལེན་བྱེད་པའི་ལག་རྩལ་གྱི་དམིགས་ཚད》དགོས་པ་དང་འབྲེལ་ཡོད་ཞིབ་བཤེར་རྩིས་ལེན་གྱི་དམིགས་ཚད་དང་མཐུན་པས་ན་ཞིབ་བཤེར་རྩིས་ལེན་བྱ་རྒྱུར་གྲོས་མཐུན་བྱུང་བ་རེད།