ཁུལ་ཨུའི་དཔལ་འབྱོར་ལས་དོན་གྲོས་ཚོགས་དར་མདོར་འཚོགས།

བདེ་སྐྱིད་ཀྱིས་བསྒྱུར།        2019-01-14

    སྤྱི་ཟླ་དང་པོའི་ཚེས4ཉིན་གྱི་སྔ་དྲོར། ཁུལ་ཨུའི་དཔལ་འབྱོར་ལས་དོན་གྲོས་ཚོགས་དར་མདོར་འཚོགས་པ་རེད། ཚོགས་ཐོག་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དཔལ་འབྱོར་ལས་དོན་ཚོགས་འདུའི་སྙིང་དོན་དོན་འཁྱོལ་བྱས་པ་དང་རང་ཁུལ་གྱི2018ལོའི་དཔལ་འབྱོར་ལས་དོན་ལ་ཕྱོགས་བསྡོམས་བྱས་ཤིང་། མིག་སྔའི་གནས་བབ་དང་གོ་སྐབས་ལ་དབྱེ་ཞིབ། ད་ལོའི་ཁུལ་ཡོངས་ཀྱི་དཔལ་འབྱོར་ལས་དོན་ལ་བཀོད་སྒྲིག་བཅས་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་བཀའ་མངགས་ལྟར་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཅང་དང་ཁུལ་ཨུའི་རྒྱུན་ལས་ཁུལ་དཔོན་གཞོན་པ། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ལིའུ་ཅི་ཞང་གིས་ཁག་དབྱེ་ནས་གསུང་བཤད་གནང་བ་རེད།

ཁུལ་དམངས་ཆེན་གྱི་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཁང་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ་ཚོགས་འདུར་ཞུགས།

    ཚོགས་ཐོག་ནན་གསུང་གནང་དོན། སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་དགོས་ན་ངེས་པར་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་བྱ་དགོས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏང་རྒྱུ་དེ་ལྡོག་མེད་ཀྱི་བླང་བྱ་བྱ་དགོས། སྐྱེ་ཁམས་སྔོན་སྤེལ་དང་ལྗང་མདོག་འཕེལ་རྒྱས་དེ་དངོས་ཡོད་དགོས་མཁོ་དང་དོན་དངོས་ཀྱི་གཞི་ཚུགས་ས། གཙོ་གནད་མངོན་གསལ། གནད་གཅིག་ཏུ་ཤུགས་བརྒྱབ་ནས་བློ་བརྟན་འགྱུར་མེད་ཀྱིས་བོད་ཁུལ་གྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་སྔོན་སྤེལ་དང་། ལྗང་མདོན་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དགོས་ཤིང་། གཅིག་ནི་ས་ཁོངས་ཡོངས་སུ་ཡུལ་སྐོར་གཙོ་གནད་དུ་བཟུང་རྒྱུར་རྒྱུན་འཁྱོངས་བྱས་ཏེ་ཁྱད་ཆོས་ལྡན་པའི་ཐོན་ལས་ཀྱི་དགེ་མཚན་གསར་པ་ཆགས་པར་བྱ་དགོས། གཉིས་ནི་དབུར་ཐར་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུ་དེ་གལ་ཆེན་ནང་གི་འགངས་ཆེན་ཐོག་བཞག་ནས་ཁྱོན་ཡོངས་ནས་འབྱོར་འབྲིང་སྐྲུན་ཐུབ་པར་རྒྱལ་ཁ་གསར་པ་ལེན་ཐུབ་པར་བྱ་དགོས། གསུམ་ནི་གྲོང་ཡུལ་དར་རྒྱས་ཡོང་རྒྱུའི་འགག་རྩ་དེ་རྒྱུན་འཁྱོངས་བྱས་ནས་ཞིང་གསུམ་ལས་དོན་གྱི་རྣམ་པ་གསར་གཏོད་བྱ་དགོས། བཞི་ནི་རྫོང་ཁོངས་དཔལ་འབྱོར་གྱི་རྨང་གཞིར་བརྟེན་ནས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་གསར་པར་སྐུལ་འདེད་གཏང་དགོས། ལྔ་ནི་མ་འཇོག་དམ་འཛིན་བྱ་རྒྱུ་གཙོ་གནད་དུ་གཞག་རྒྱུར་རྒྱུན་འཁྱོངས་བྱས་ནས་ལས་གཞི་འཛུགས་སྐྲུན་གྱི་འདེགས་སྐྱོར་གསར་པའི་བྱེད་ཤུགས་ཆེ་རུ་གཏང་དགོས། དྲུག་ནི་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་རྒྱུན་མི་ཆད་པར་ཆེ་རུ་གཏང་དགོས། བདུན་ནི་བཅོས་བསྒྱུར་གཏིང་ཟབ་བྱ་རྒྱུའི་སྒུལ་ཤུགས་རྒྱུན་འཁྱོངས་བྱས་ནས་ས་ཁོངས་ཡོངས་སུ་སྒོ་འབྱེད་ཀྱི་རྣམ་པ་གསར་པ་ཆགས་པར་བྱ་དགོས། བརྒྱད་ནི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱ་རྒྱུར་ཁྲིད་སྟོན་བྱས་ནས་ལྗང་མདོག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཆགས་པར་བྱ་དགོས། དགུ་ནི་ཉེན་ཁ་ཆེན་པོ་སྔོན་འགོག་དང་སེལ་ཐབས་བྱ་རྒྱུ་འགན་སྲུང་བྱེད་པ་རྒྱུན་འཁྱོངས་བྱས་ནས་མཆམ་མཐུན་དང་བརྟན་ལྷིང་གི་རྣམ་པ་གསར་པ་ཆགས་པ་བྱ་དགོས།

    ཚོགས་ཐོག་ནན་གསུང་གནང་དོན། དཔྱིད་ཚིགས་ཀྱི་དཔལ་འབྱོར་ལས་དོན་མགྱོགས་སུ་བསྒྲུབས་ནས་དཔལ་འབྱོར་ལས་དོན་གྱི་ལས་འགོ་ཡག་པོ་ཚུགས་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་ལས་འགོ་ཡག་པོ་ཚུགས་པ་དང་གོམ་པ་སྤོ་མ་ཐག་འགག་སྒྲོལ་གྱི་བསམ་བློ་ཡོད་ཅིང་། སྔ་ཙམ་འཆར་གཞི་དང་སྔ་ཙམ་བཀོད་སྒྲིག སྔ་ཙམ་ལས་ཞུགས་བཅས་བྱས་ནས་ལས་ཀ་འཆར་གཞི་དང་ལས་གཞིའི་ལས་ཀ། དབུལ་ཐར་ལས་ཀར་ཞིབ་བཤེར་རྩིས་ལེན། ཚོང་འགུག་དངུལ་འདྲེན། གཞི་རིམ་བདེ་དྲོད་སྐྱེལ་བ། ཞིང་འབྲོག་ལས་ཐོན་སྐྱེད། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། ཏང་སྲིད་སྡེ་ཁག་བཅོས་བསྒྱུར་སོགས་ཀྱི་ལས་དོན་ཡག་པོ་འཛིན་ནས་ལས་དོན་ཁག་འགོ་ཡག་པོ་ཚུགས་པར་འགན་ལེན་བྱ་དགོས་པ་རེད།།


  • ལེ་ཚན་སྔོན་མ།:ཁུལ་ཡོངས་ཀྱི་ཉེན་མེད་ཐོན་སྐྱེད་ལས་ཀའི་བརྙན་འཕྲིན་ཁ་པར་ཚོགས་འདུ་དར་མདོར་འཚོགས
  • ལེ་ཚན་རྗེས་མ།:ལོ་གསར་པར་བཀྲ་ཤིས་སྨོན་འདུན་ཞུ། ཐུགས་ཁུར་གཅེས་སྐྱོང་གནང་བས་མི་སེམས་དྲོས།
  • དོ་སྣང་ཆེ་བའི་རྩོམ།