ཀུན་དགའ་དང་ཡེ་ཤེས་ཀྱིས་བྲིས། 2019-01-10
ཚེས9ཉིན་གྱི་སྔ་དྲོར། སྐབས་བཅུ་གཉིས་པའི་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པ་རེད། ཁུལ་དམངས་ཆེན་གྱི་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཁང་གིས་ཚོགས་འདུ་གཙོ་འགན་བཞེས།
ཚོགས་འདུ་ལ་ཞུགས་དགོས་པའི་འཐུས་མི43ཡིན་པ་དང་དངོས་སུ་ཞུགས་པའི་འཐུས་མི35ཡོད་པས་ཁྲིམས་བཀོད་མི་གྲངས་དང་མཐུན་པ་རེད།
ཚོགས་ཐོག་འཐུས་མི་ཚོགས་ཁག་སོ་སོས་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་འཛིན་པའི་བདམ་བྱ་འོས་མིའི་མིང་ཐོ་འཆར་ཟིན་གྱི་གནས་ཚུལ་སྙན་སེང་ལ་ཉན་འཇོག་བྱེད་པ་དང་། འཐུས་མི་ཚོགས་པ་ཁག་གིས་སྤྱི་ཁྱབ་འདེམས་ཤོག་ལྟ་སྐུལ་པ་དང་འདེམས་ཤོག་ལྟ་སྐུལ་པའི་མིང་ཐོ་འཆར་ཟིན་གྱི་གནས་ཚུལ་སྙན་སེང་ལ་ཉན་འཇོག་བྱེད་པ་དང་། མིང་ཐོ་དཔར་ནས་འཐུས་མི་ཚོགས་པ་ཁག་ལ་སྤྲད་པ་རེད། ཁུལ་དམངས་ཆེན་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གནོད་འགོག་གནོད་སྐྱོབ་སྲོལ་ཡིག〈འཆར་ཟིན〉ལ་གྲོས་ཞིབ་བྱས་པའི་མཇུག་འབྲས་ཀྱི་སྙན་སེང་སྐོར་ལ་ཉན་འཇོག་བྱས། སྲིད་གཞུང་གི་ལས་ཀའི་སྙན་སེང་དང་འཆར་གཞིའི་སྙན་སེང་། ནོར་སྲིད་ཀྱི་སྙན་སེང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཀའི་སྙན་སེང་། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་ཀའི་སྙན་སེང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ལས་ཀའི་སྙན་སེང་། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གནོད་འགོག་གནོད་སྐྱོབ་སྲོལ་ཡིག〈འཆར་ཟིན〉སྐོར་གྱི་ཐག་བཅད་འཆར་ཟིན་བརྡས་ཐག་བཅད་དེ་འཐུས་མི་ཚོགས་པ་ཁག་ལ་གྲོས་ཞིབ་བྱ་རྒྱུར་སྤྲད་པ་རེད།
ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཚོགས་འདུར་ཞུགས།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10