ཞིང་ལས་ཀྱི་ཁྱད་ལྡན་ཐོན་རྫས་ཁྲོམ་རར་ཞུགས་ཤུགས་ཆེ་རུ་གཏང་དགོས།

གངས་སྐྱིད་ཀྱིས་བསྒྱུར་ཞུས་བྱས།        2019-01-08

     ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་སྲིད་གྲོས་ཨུ་ཡོན་ཧྥེང་ཆི་ཡིས་གྱིས་སྲིད་གྲོས་ཀྱི་ཚོ་ཆུང་གིས་།  དུས་ཡུན་རིང་པོར་གཞི་རིམ་དུ་ཞིང་ལས་ལས་ཀར་ཞུགས་པའི་སྲིད་གྲོས་ཀྱི་ཨུ་ཡོན་ཞིག་ལ་མཚོན་ན། རྒྱུན་དུ་ས་གནས་མང་ཚོགས་དང་འབྲེལ་བ་བྱས་ཏེ་ཁུལ་ཡོངས་ཀྱི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་འཕེལ་རྒྱས་ཕྱིན་པ་དང་སྟོབས་ཆེར་འགྲོ་བཞིན་ཡོད་པ་རྒྱུས་ལོན་བྱུང་ན་ཡང་། ཐོན་ཚད་དམའ་བ་དང་ཁྱད་རྟགས་ཉུང་བའི་གནད་དོན་ད་དུང་ཡོད་པ་རེད། 

     ཉེ་བའི་ལོ་ཤས་རིང་ཁུལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་བྱེད་ཤུགས་ཆེ་རུ་སོང་བར་བརྒྱུད།  རྫོང་ཁག་གིས་སོ་སོའི་ཆ་རྐྱེན་དང་དངོས་ཡོད་སྟོབས་ཤུགས་ལྟར་ཞིང་འབྲོག་ཐོན་ལས་ཅན་གྱི་རྟེན་གཞི་དང་ལྡུམ་རའི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ཡོད་མོད།  འོན་ཀྱང་ཐོན་ལས་འཕེལ་རྒྱས་གཏོང་བའི་དུས་མཉམ་དུ་ས་གནས་ཁག་གི་ཞིང་ལས་ཐོན་རྫས་ཐོན་སྐྱེད་དང་ལས་སྣོན་ཉོ་འཚོང་བྱེད་རིམ་འཕྲད་པའི་གནད་དོན་མང་པོ་རིམ་པར་འབུར་ཐོན་བྱུང་ཡོད།  དེའི་རྒྱུ་རྐྱེན་ནི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཀྱི་ཐོན་ཚད་དམའ་བ་དང་སྤུས་ཚད་ཞན་པ་ཡིན་པ།  ས་ཁོངས་ཀྱི་ཁྱད་པར་ཆེ་བ་དང་ཁྱད་རྟགས་མེད་པ།  ཐོན་སྐྱེད་ཀྱི་ཚད་གཞི་དང་ཐོན་སྐྱེད་ཀྱི་དཔང་བདེན་ར་སྤྲོད་ནན་པོ་མེད་པ་སོགས་ཡིན་པ་རེད། རང་ཁུལ་གྱི་ཞིང་ལས་ཁྱད་ལྡན་ཐོན་རྫས་འབོར་ཆེན་ཁྲོམ་རར་འཚོང་མི་ཐུབ་པས།  ཁེ་ལས་དང་ཞིང་འབྲོག་དམངས་ཀྱི་ཧུར་བརྩོན་རང་བཞིན་ལ་ཚོད་འཛིན་ཐེབས་ཡོད།   འབྲེལ་ཡོད་སྡེ་ཁག་གིས་རང་ཁུལ་ཞིང་ལས་ཀྱི་ཁྱད་ལྡན་ཐོན་རྫས་ཁྲོམ་རར་འཚོང་བའི་ནང་རྐྱེན་འཐུས་ཚང་དུ་གཏང་དགོས་ཤིང་ཁྱད་ལྡན་ཐོན་རྫས་ཁྲོམ་རར་ཞུགས་ཤུགས་ཆེ་རུ་གཏང་དགོས་པ་དང་།  ཞིང་འབྲོག་ཁྱད་ལྡན་ཐོན་རྫས་གཅིག་བསྡུས་ཀྱིས་ཐུམ་རྒྱག་དང་ཟོང་རྟགས་བསྐྲུན་དགོས། ཞིང་ལས་དང་འབྲེལ་བའི་སྣེ་ཁྲིད་ཁེ་ལས་ནང་འགུགས་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏང་དགོས། ཞིང་འབྲོག་ཁྱད་ལྡན་ཐོན་རྫས་བཟོ་སྣོན་ཐད་ལ་མ་དངུལ་འཇོག་ཤུགས་ཆེ་རུ་གཏང་དགོས། 


  • ལེ་ཚན་སྔོན་མ།:སྲིད་གྲོས་དཀར་མཛེས་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་གྲོས་ཚོགས་ཐེངས13པས་གྲོས་ཚོགས་ཐེངས་གཉིས་པ་འཚོགས།
  • ལེ་ཚན་རྗེས་མ།:སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་དར་མདོར་མཇུག་བསྒྲིལ།
  • དོ་སྣང་ཆེ་བའི་རྩོམ།