ངེད་གསར་འགོད་པ་ཡེ་མགོན་གྱིས་བྲིས། 2019-01-08
སྤྱི་ཟླ་དང་པོའི་ཚེས8ཉིན་གྱི་སྔ་དྲོར། སྲིད་གྲོས་དཀར་མཛེས་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གྲོས་ཚོགས་ཐེངས17པས་གྲོས་ཚོགས་ཐེངས་དང་པོ་འཚོགས་པ་རེད། གྲོས་ཚོགས་དེ་བྱང་ཆུབ་ཀྱིས་གཙོ་འགན་བཞེས་པ་རེད།
གྲོས་ཚོགས་ཐོག་ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོས་ཚོ་ཆུང་གིས་གྲོས་ཞིབ་གྲོས་བསྡུར་བྱས་ཚུལ་སྐོར་གྱི་སྙན་སེང་ལ་ཉན་འཇོག་བྱས་པ་དང་མི་དོན་བསྐོ་བཞག་གི་བྱ་བར་གྲོས་ཞིབ་བྱས་མཐར། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་གྲོས་འཆམ་བྱ་རྒྱུ་སྤྲད་པ་རེད། སྲིད་གྲོས་དཀར་མཛེས་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་ཆོད(འཆར་ཟིན)ལ་གྲོས་ཞིབ་བྱས་ནས་གྲོས་འཆམས་བྱུང་མཐར། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་གྲོས་འཆམས་བྱ་རྒྱུ་སྤྲད་པ་རེད། སྲིད་གྲོས་དཀར་མཛེས་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་འཆར་ལ་ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྙན་སྒྲོན(འཆར་ཟིན)ལ་གྲོས་ཞིབ་བྱས་ནས་གྲོས་འཆམས་བྱུང་མཐར། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་གྲོས་འཆམས་བྱ་རྒྱུ་སྤྲད་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10