ངེད་གསར་འགོད་པ་ཡེ་མགོན་གྱིས་བྲིས། 2019-01-08
སྤྱི་ཟླ་དང་པོའི་ཚེས8ཉིན་གྱི་སྔ་དྲོར། སྲིད་གྲོས་དཀར་མཛེས་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་གྲོས་ཚོགས་ཐེངས13པས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ་རེད། གྲོས་ཚོགས་དེ་བྱང་ཆུབ་ཀྱིས་གཙོ་འགན་བཞེས།
གྲོས་ཚོགས་ཐོག་ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོས་ཚོ་ཆུང་གི་གྲོས་ཞིབ་གྲོས་བསྡུར་བྱས་ཚུལ་སྐོར་གྱི་སྙན་སེང་ལ་ཉན་འཇོག་བྱས་པ་རེད།
མི་དོན་བསྐོ་བཞག་གི་བྱ་བར་གྲོས་ཞིབ་བྱས་པ་སྟེ། གཅིག་སྲིད་གྲོས་དཀར་མཛེས་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་འདེམས་བསྐོའི་བྱེད་ཐབས(འཆར་ཟིན)ལ་གྲོས་ཞིབ་བྱས་ནས་གྲོས་འཆམས་བྱུང་མཐར། ཚོགས་ཆེན་ལ་གྲོས་འཆམས་བྱ་རྒྱུ་སྤྲད་པ་རེད། གཉིས་སྤྱི་ཁྱབ་འདེམས་ཤོག་ལྟ་སྐུལ་པ་དང་འདེམས་ཤོག་ལྟ་སྐུལ་པའི་གྲོས་འགོ་མིང་ཐོ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམས་བྱུང་མཐར།ཚོགས་ཆེན་ལ་གྲོས་འཆམས་བྱ་རྒྱུ་སྤྲད་པ་རེད། གསུམ་སྤྱི་ཁྱབ་འདེམས་ཤོག་རྩིས་མཁན་དང་འདེམས་ཤོག་རྩི་མཁན་གྱི་མིང་ཐོ་ལ་གྲོས་བྱས། བཞི་སྲིད་གྲོས་དཀར་མཛེས་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་གསབ་འདེམས་བྱ་རྒྱུའི་འོས་སྦྱོར་མི་སྣའི་མིང་ལ་གྲོས་ཞིབ་བྱས་མཐར།ཚོགས་ཆེན་འདེམས་བསྐོ་བྱ་རྒྱུ་སྤྲད་པ་རེད། ཚོགས་འདུའི་ཐོག་ད་དུང་སྲིད་གྲོས་དཀར་མཛེས་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་ཆོད(འཆར་ཟིན)ལ་གྲོས་ཞིབ་བྱས་ནས་གྲོས་འཆམས་བྱུང་མཐར། ཚོགས་ཆེན་ལ་གྲོས་འཆམས་བྱ་རྒྱུ་སྤྲད་པ་རེད། སྲིད་གྲོས་དཀར་མཛེས་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་འཆར་ལ་ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྙན་སྒྲོན(འཆར་ཟིན)ལ་གྲོས་ཞིབ་བྱས་ནས་གྲོས་འཆམས་བྱུང་མཐར། ཚོགས་ཆེན་ལ་གྲོས་འཆམས་བྱ་རྒྱུ་སྤྲད་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10