མཁས་གྲུབ་ཀྱིས་བྲིས་ཤིང་པར་བླངས། 2018-12-21
ཟླ12པའི་ཚེས21ནས23ཉིན་གྱི་བར། དཀར་མཛེས་ཉིན་རེའི་ཚགས་པར་ཁང་གི2018ལོའི་འཕྲིན་སྦྱོར་བ་དང་རྩོམ་སྒྲིག་པ། གསར་འགོད་པ་བཅས་ཀྱི་གསོ་སྦྱོང་ཚོགས་འདུ་དར་མདོའི་གེ་སར་མགྲོན་ཁང་དུ་འཚོག་རྒྱུ་རེད།
དཀར་མཛེས་ཉིན་རེའི་ཚགས་པར་ཁང་གི་ཏང་ཨུའི་ཧྲུའུ་ཅི་དབལ་ཤུལ་ཕུན་ཚོགས་ཀྱིས་གསོ་སྦྱོང་ཚོགས་འདུའི་འགོ་ཚུགས་མཛད་སྒོར་ཤིས་ཚིག་ཕུལ་བཞིན་པ།
ཚེས21ཉིན་གྱི་སྔ་དྲོར་གསོ་སྦྱོང་ཚོགས་འདུའི་འགོ་ཚུགས་མཛད་སྒོ་སྤེལ་བ་སྟེ། དཀར་མཛེས་ཉིན་རེའི་ཚགས་པར་ཁང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཧོང་ལའང་ཧྥུ་ཡིས་ཚོགས་འདུ་གཙོ་སྐྱོང་བྱས་པ་དང་། དཀར་མཛེས་ཉིན་རེའི་ཚགས་པར་ཁང་གི་ཏང་ཨུའི་ཧྲུའུ་ཅི་དབལ་ཤུལ་ཕུན་ཚོགས་དང་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཐེན་ཅི། ཀྲོའུ་ཧྭ། བཀྲ་ཤིས་བཅས་དང་། ཧྭ་ཤིས་གྲོང་ཁྱེར་ཚགས་པར་གྱི་མཐོང་ཚོར་སྤྱི་ཁྱབ་ལྟ་ཞིབ་པ་ཁྲེན་ཀྲང་ཕེ། ཧྭ་ཤིས་གྲོང་ཁྱེར་ཚགས་པར་གྱི་དབུ་བཞུགས་རྩོམ་སྒྲིག་འགན་འཁུར་པ་ཀུང་ཨའེ་ཆིའུ། ཁྲེང་ཏུའུ་ཚོང་ལས་ཚགས་པར་གྱི་པར་ལེན་ཁང་གི་ཀྲུའུ་རེན་ཀོའུ་ཀོང་ཡུས་བཅས་དང་། ཁུལ་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་ཁག་སོ་སོ། ཁུལ་རིམ་པའི་འབྲེལ་ཡོད་ལས་ཁུངས་བཅས་ནས་ཡོང་བའི་རྐང་འཛིན་འཕྲིན་སྦྱོར་བ་དང་དཀར་མཛེས་ཉིན་རེའི་ཚགས་པར་ཁང་གི་རྩོམ་སྒྲིག་པ་དང་གསར་འགོད་པ་བཅས་ཁྱོན་གྲངས་མི་བརྒྱ་ལ་ཉེ་བ་གསོ་སྦྱོང་ཚོགས་འདུའི་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།
ཚོགས་རའི་ཡུལ་དངོས།
འགོ་ཚུགས་མཛད་སྒོ་རུ་དཀར་མཛེས་ཉིན་རེའི་ཚགས་པར་ཁང་གི་ཏང་ཨུའི་ཧྲུའུ་ཅི་དབལ་ཤུལ་ཕུན་ཚོགས་ཀྱིས་ཤིས་ཚིག་ཕུལ་བ་དང་། 2018ལོའི་ལོ་འཁོར་གྱི་ཕུལ་བྱུང་གི་འཕྲིན་སྦྱོར་བར་གཟེངས་བསྟོད་གནང་བ། བསྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ40འཁོར་བར་དྲན་གསོ་ཞུ་ཆེད་བོད་ཡིག་གི་ལྷུག་རྩོམ་འགྲན་བསྡུར་སྤེལ་བར་བྱ་དགའ་ཐོབ་མཁན་གྱི་རྩོམ་པ་པོ་རྣམས་ལ་གཟེངས་བསྟོད་དང་བྱ་དགའ་བཅས་གནང་བ་རེད།
ཕུལ་བྱུང་གི་འཕྲིན་སྦྱོར་བ་དང་རྩོམ་པ་པོ་རྣམས་ལ་གཟེངས་བསྟོད་གནང་བཞིན་པ།
ཉིན་གསུམ་ཉིན་གྱི་གསོ་སྦྱོང་ཚོགས་འདུའི་ནང་ཧྭ་ཤིས་གྲོང་ཁྱེར་ཚགས་པར་གྱི་མཐོང་ཚོར་སྤྱི་ཁྱབ་ལྟ་ཞིབ་པ་ཁྲེན་ཀྲང་ཕེ་ཡིས《དཀར་མཛེས་ཉིན་རེའི་ཚགས་པར》གྱི2018ལོའི་ཟླ8པ་ནས11པའི་བར་གྱི་པར་ངོས་དཔྱད་བརྗོད་སྐོར་ནས་འཆད་ཁྲིད་བྱ་རྒྱུ་དང་། ཧྭ་ཤིས་གྲོང་ཁྱེར་ཚགས་པར་གྱི་དབུ་བཞུགས་རྩོམ་སྒྲིག་འགན་འཁུར་པ་ཀུང་ཨའེ་ཆིའུ་ཡིས་གསར་འགྱུར་བཅར་འདྲིའི་ཐབས་རྩལ་སྐོར་ནས་འཆད་ཁྲིད་བྱ་རྒྱུ། ཁྲེང་ཏུའུ་ཚོང་ལས་ཚགས་པར་གྱི་པར་ལེན་ཁང་གི་ཀྲུའུ་རེན་ཀོའུ་ཀོང་ཡུས་ཡིས་གསར་འགྱུར་པར་ལེན་སྐོར་ནས་འཆད་ཁྲིད་བྱ་རྒྱུ། སི་ཁྲོན་དྲ་བའི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ལའེ་ཡུང་ཆང་གིས་འཕྲིན་སྦྱོར་ཀུན་འདུས་ཀྱི་བཅའ་འདྲི་རྩོམ་སྒྲིག་དང་འཕྲིན་སྦྱོར་གསར་པའི་དོ་དམ་ཚད་ལྡན་དང་འབྲེལ་ཡོད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་སྐོར་ནས་འཆད་ཁྲིད་བཅས་བྱ་རྒྱུ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10