དེང་རབས་སློབ་མ་ཆུང་ཆུང་གིས།། སྲོལ་རྒྱུན་རིག་གནས་འདི་ལྟར་སྦྱོང་།

        2018-12-20


དེང་རབས་སློབ་མ་ཆུང་ཆུང་གིས།། སྲོལ་རྒྱུན་རིག་གནས་འདི་ལྟར་སྦྱོང་།

དེང་རབས་སློབ་མ་ཆུང་ཆུང་གིས།། སྲོལ་རྒྱུན་རིག་གནས་འདི་ལྟར་སྦྱོང་།


    ཉེ་ཆར་སྡེ་རོང་རྫོང་རྐེད་ཤོད་སློབ་ཆུང་གིས་ཕ་མེས་ཡང་མེས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱ་རྒྱུ་གཙོ་བོར་བཟུང་ནས་སྲོལ་རྒྱུན་རིག་གནས་སློབ་རར་སྤེལ། ཚང་མ་ཁྱིམ་ཚང་གཅིག་ཅེས་པའི་ལུས་རྩལ་འགྲན་ཚོགས་ཀྱི་བྱེད་སྒོ་ཞིག་སྤེལ་ཡོད་པ་རེད།


དེང་རབས་སློབ་མ་ཆུང་ཆུང་གིས།། སྲོལ་རྒྱུན་རིག་གནས་འདི་ལྟར་སྦྱོང་།དེང་རབས་སློབ་མ་ཆུང་ཆུང་གིས།། སྲོལ་རྒྱུན་རིག་གནས་འདི་ལྟར་སྦྱོང་།དེང་རབས་སློབ་མ་ཆུང་ཆུང་གིས།། སྲོལ་རྒྱུན་རིག་གནས་འདི་ལྟར་སྦྱོང་།


      ཐེངས་འདིའི་བྱེད་སྒོའི་ནང་དུ་ཤུགས་རྩལ་འགྲན་པ་དང་རྨ་བྱ་ཆུ་འཐུང་། བཙན་རྫོང་བསྐྲུན་པའི་འགྲན་བསྡུར། ནས་བརྔོ་བའི་འགྲན་བསྡུར་སོགས་བོད་རང་གི་སྲོལ་རྒྱུན་གྱི་ཁྱད་ཆོས་ལྡན་ཞིང་རྒྱུན་སྤྱོད་འཚོ་བ་དང་ཁ་འབྲལ་ཐབས་མེད་པའི་བྱེད་སྒོའི་རྣམ་གྲངས་མི་འདྲ་བ་ཉི་ཤུ་ཙམ་གྱི་འགྲན་བསྡུར་སྤེལ་ཡོད་པ་རེད།


དེང་རབས་སློབ་མ་ཆུང་ཆུང་གིས།། སྲོལ་རྒྱུན་རིག་གནས་འདི་ལྟར་སྦྱོང་།དེང་རབས་སློབ་མ་ཆུང་ཆུང་གིས།། སྲོལ་རྒྱུན་རིག་གནས་འདི་ལྟར་སྦྱོང་།དེང་རབས་སློབ་མ་ཆུང་ཆུང་གིས།། སྲོལ་རྒྱུན་རིག་གནས་འདི་ལྟར་སྦྱོང་།


      དེ་ཡང་སློབ་གཙོ་ཚེ་རིང་ཆོས་འཕེལ་གྱིས་བཤད་པ་ལྟར་ན་ཐེངས་འདིའི་བྱེད་སྒོའི་ནང་སློབ་མ་རྣམས་ཀྱི་དུས་རྒྱུན་སློབ་སྦྱོང་གི་གནོད་ཤུགས་དྲག་པོ་དེ་ལ་སེམས་ཀྱི་ངལ་གསོ་བྱེད་པའི་དུས་བཟང་པོ་ཞིག་བསྐྲུན་པ་དང་སློབ་མ་རྣམས་འཚོ་བ་ལ་དགའ་ཞིང་དུང་བས་མ་ཚད། རྒྱུན་དུ་འཚོ་བའི་ཁྲོད་ཀྱི་བྱ་དངོས་གང་ལ་ཡང་རྟོག་དཔྱོད་བྱེད་པའི་ནུས་པ་ཇེ་མཐོར་བཏང་ཞིང་། ཁྱིམ་བདག་དང་སློབ་མའི་བར་གྱི་བརྩེ་བ་ཇེ་ཟབ་ཏུ་འགྲོ་བ་སོགས་གྲུབ་འབྲས་ཡིད་ལས་འདས་པར་ཐོབ་བྱུང་ཞེས་བཤད་པ་དང་། སློབ་གྲྭའི་ངོས་ནས་ཀྱང་སློབ་མ་ཚོས་རང་ངོ་རང་གིས་ཤེས་པ་དང་ཕ་ཡུལ་ལ་དགའ་བ། མི་རིགས་ལ་དགའ་བ། མེས་རྒྱལ་ལ་དགའ་བ་སོགས་མི་བཟང་པོ་ཞིག་གསོ་སྐྱོང་བྱེད་པ་ལ་ནུས་པ་ཆེན་པོ་ཐོན་སོང་ཞེས་བཤད།


དེང་རབས་སློབ་མ་ཆུང་ཆུང་གིས།། སྲོལ་རྒྱུན་རིག་གནས་འདི་ལྟར་སྦྱོང་།

དེང་རབས་སློབ་མ་ཆུང་ཆུང་གིས།། སྲོལ་རྒྱུན་རིག་གནས་འདི་ལྟར་སྦྱོང་།

དེང་རབས་སློབ་མ་ཆུང་ཆུང་གིས།། སྲོལ་རྒྱུན་རིག་གནས་འདི་ལྟར་སྦྱོང་།

དེང་རབས་སློབ་མ་ཆུང་ཆུང་གིས།། སྲོལ་རྒྱུན་རིག་གནས་འདི་ལྟར་སྦྱོང་།

དེང་རབས་སློབ་མ་ཆུང་ཆུང་གིས།། སྲོལ་རྒྱུན་རིག་གནས་འདི་ལྟར་སྦྱོང་།


  • ལེ་ཚན་སྔོན་མ།:མཐོ་གྲོང་ལི་ཐང་གི་གནམ་ས་ཁྱད་པའི་འཕེལ་འགྱུར།
  • ལེ་ཚན་རྗེས་མ།:ཀྲུང་གུང་དཀར་མཛེས་ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་རྒྱས་འཛོམས་གྲོས་ཚོགས་ཐེངས་དྲུག་པ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།