རང་ཁུལ་གྱིས་ཆུ་གློག་ལྷག་མ་ཕྱིར་གཏོང་ཐོན་ལས་ཀྱི་དཔེ་སྟོན་ཁུལ་དངོས་སུ་འཛུགས་སྐྲུན་བྱེད་འགོ་ཚུགས།

བདེ་སྐྱིད་ཀྱིས་བསྒྱུར།        2018-12-05

    སྤྱི་ཟླ11པའི་ཚེས29ཉིན། རང་ཁུལ་དང་ཞིང་ཆེན་དཔལ་འབྱོར་ཆ་འཕྲིན་ཐིང་། ཞིང་ཆེན་དཔལ་འབྱོར་མཉམ་ལས་ཅུས། རྒྱལ་ཁབ་གློག་དྲྭའི་སི་ཁྲོན་ཞིང་ཆེན་གློག་ཤུགས་ཡན་ལག་སྤྱི་གཉེར་ཁང་བཅས་ཀྱིས་ཁྲེང་ཏུའུ་ལ་ཆུ་གློག་ལྷག་མ་ཕྱིར་གཏོང་ཐོན་ལས་དཔེ་སྟོན་ཁུལ་འཛུགས་སྐྲུན་གྱི་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་གན་རྒྱ་བཞག་པ་རེད།

    གྲོས་མཐུན་གན་རྒྱ་བཞག་པ་འདི་ནི་དཀར་མཛེས་ཁུལ་གྱི་ཆུ་གློག་ལྷག་མ་ཕྱིར་གཏོང་ཐོན་ལས་དཔེ་སྟོན་ཁུལ་འཛུགས་སྐྲུན་ལས་དོན་དངོས་སུ་འགོ་ཚུགས་པ་དང་། གཞི་གྲངས་ཆེན་པོའི་ཐོན་ལས་གཙོ་བོ་བྱས་པའི་ལྡུམ་ཁུལ་ཞིག་དཀར་མཛེས་མཐོ་སྒོང་དུ་ཆགས་ནས། རང་ཁུལ་གྱི་ཆུ་གློག་ལྷག་མ་ཕྱིར་གཏོང་གནད་དོན་འདི་ཐག་གཅོད་ནུས་ལྡན་ཐུབ་རྒྱུ་དང་རང་ཁུལ་གྱི་ཐོན་ལས་གྲུབ་ཚུལ་ལེགས་སྒྱུར་དང་རིམ་སྤར། དཔལ་འབྱོར་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏང་རྒྱུ་རེད།

    ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གྲོས་མཐུན་གན་རྒྱ་འཇོག་པའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ་བ་རེད། ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་ཐིང་གི་ཐིང་ཀྲང་། ཏང་ཙུའུ་ཡི་ཧྲུའུ་ཅི་ཁྲེན་ཞིན་ཡིའུ་དང་ཞིང་ཆེན་དཔལ་འབྱོར་མཉམ་ལས་ཅུས་ཀྱི་ཅུས་ཀྲང་། ཏང་ཙུའུ་ཡི་ཧྲུའུ་ཅི་ཁྲེན་ཀོང་ཧའོ། རྒྱལ་ཁབ་གློག་དྲྭའི་སི་ཁྲོན་ཞིང་ཆེན་གློག་ཤུགས་ཡན་ལག་སྤྱི་གཉེར་ཁང་གི་འགོ་འཛིན། ཏང་ཙུའུ་ཡི་ཧྲུའུ་ཅི་ཐན་ཧུང་ཨེན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་སོགས་ཁག་བགོས་ནས་སྡེ་ཁག་སོ་སོའི་ཚབ་མཛད་ནས་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་གན་རྒྱ་འཇོག་པ་རེད།

    ལིའུ་ཁྲེང་མིང་གིས་དཀར་མཛེས་ཁུལ་གྱིས་ཆུ་གློག་ལྷག་མ་ཕྱིར་གཏོང་ཐོན་ལས་དཔེ་སྟོན་ཁུལ་འཛུགས་སྐྲུན་ལས་དོན་དངོས་སུ་འགོ་ཚུགས་ནས་ངེས་པར་དུ་རང་ཁུལ་གྱི་ཆུ་གློག་ལྷག་མ་ཕྱིར་གཏོང་གནད་དོན་ཐག་གཅོད་བྱ་རྒྱུར་རོགས་རམ་བྱེད་པ་དང་། རང་ཁུལ་གྱི་ཐོན་ལས་ཆགས་ཚུལ་ལེགས་སྒྱུར་དང་རིམ་སྤར་ཡོང་བ་དང་དཔལ་འབྱོར་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་གཏང་རྒྱུར་སྐུལ་འདེད་གཏོང་བ། དཀར་མཛེས་ཁུལ་གྱི་མི་དམངས་དང་མཉམ་དུ་འབྱོར་འབྲིང་ཕྱོགས་སུ་སྐྱོད་པ་དང་སྤྱི་ཚོགས་ཡུན་རིང་བདེ་འགོད་ཡོང་བར་གལ་ཆེའི་ལེགས་སྐྱེས་ཕུལ་བ་རེད།

ཁྲེན་ཀོང་ཧའོ་ཡིས་ཞིང་ཆེན་དཔལ་འབྱོར་མཉམ་ལས་ཅུས་ཀྱིས་རང་ངོས་ཀྱི་ལས་སྟེགས་ལེགས་ཆ་དང་སྒེའུ་ཁུང་ཞབས་ཞུའི་ལེགས་ཆ། སྐོར་ཚོང་ལེགས་ཆ་སོགས་འདོན་སྤེལ་གང་ལེགས་བྱས་ཏེ། དཀར་མཛེས་ཁུལ་དྲིལ་བསྒྲགས་དང་འོས་སྦྱོར་ཤུགས་ཆེན་བྱས་ནས་འདོད་མོས་ཡོད་པའི་ཚོང་པ་སྒྲིག་འཛུགས་ཧུར་ཐག་བྱས་ནས་དཀར་མཛེས་ཁུལ་དུ་བརྟག་ཞིབ་དང་གྲོས་མོལ་བྱེད་ས་གདན་ཞུ་བྱེད་པ་དང་། ཐེག་ནུས་ཆེ་བའི་ཁག་གཅིག་དང་གཞི་གྲངས་ཆེན་པོའི་ཐོན་ལས་དཀར་མཛེས་ཁུལ་དུ་ཆགས་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུང་པ་རེད།

    ཐན་ཧུང་ཨེན་གྱིས་རྒྱལ་ཁབ་གློག་དྲྭའི་སི་ཁྲོན་ཞིང་ཆེན་གློག་ཤུགས་ཡན་ལག་སྤྱི་གཉེར་ཁང་གིས་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། གཉིས་ཕན་མཉམ་ཐོབ་དང་མཉམ་དུ་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་གཏོད་རྒྱུ་ཡིན་ཞེས་གསུང་པ་རེད།།


  • ལེ་ཚན་སྔོན་མ།:གསར་འགྱུར་གནད་བསྡུས།
  • ལེ་ཚན་རྗེས་མ།:ད་ལོར་རང་ཁུལ་གྱིས་རྫོང(གྲོང་ཁྱེར)5དབུལ་ཐར་ནས་དབུལ་པོའི་ཞྭ་མོ་ཕུད་རྒྱུར་ཁུལ་རིམ་པའི་ཞིབ་བཤེར་ཚད་ལོན་བྱུང་།
  • དོ་སྣང་ཆེ་བའི་རྩོམ།