དར་མདོ་རྫོང་གིས་ཚོང་འགུགས་དངུལ་འདྲེན་གྱི་ལས་འགོ་ཡག་མོ་བཙུགས། 

བདེ་སྐྱིད་ཀྱིས་བསྒྱུར།        2015-04-16

ད་ལོ་ནས་བཟུང་དར་མདོ་རྫོང་གིས་ཚོང་འགུགས་དངུལ་འདྲེན་དང་ཁེ་ལས་ཞབས་འདེགས་ཞུས་པའི་བྱེད་སྒོ་སྤེལ་བ་ནས་ཐབས་བརྒྱ་ཇུས་སྟོང་གིས་རྣམ་གྲངས་བརྩོན་ལེན་དང་། ནུས་ཤུགས་ཡོད་དགུས་ཚོང་འགུགས་དངུལ་འདྲེན་བྱས་ཏེ་ཚོང་འགུགས་དངུལ་འདྲེན་གྱི་ཁོར་ཡུག་ཡག་མོ་བསྐྲུན་ཏེ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་རེད།ཟླ་བ3པའི་ཟླ་མཇུག་བར་དུ་སླེབས་དུས།རྫོང་དེའི་ཚོང་འགུགས་དངུལ་འདྲེན་གྱི་མ་དངུལ་སྒོར་ཁྲི140292.56གནས་སུ་འབྱོར་ཡོད་པར་བརྟེན།དམིགས་འབེན་ལས་འགན་གྱི་བརྒྱ་ཆ29.8ལེགས་འགྲུབ་བྱུང་ནས་ན་ནིང་ལོའི་དུས་མཉམ་ལས་བརྒྱ་ཆ145འཕར་བས་ཚོང་འགུགས་དངུལ་འདྲེན་གྱི་ལས་ཀ་འགོ་ཡག་མོ་ཞིག་བཙུགས་ཡོད་པ་རེད།།
  • ལེ་ཚན་སྔོན་མ།:དར་མདོ་རྫོང་གིས་སྤྱི་སྤྱོད་འགྲུལ་སྐྱེལ་ལམ་ལྔ་གསར་སྣོན་བྱས།
  • ལེ་ཚན་རྗེས་མ།:ཆིང་ཧྭ་སློབ་གླིང་ལས་སྒྲུབ་ཚོ་ཆུང་གིས་བོད་སྐྱོར་དགེ་རྒན་ལ་འཚམས་འདྲི་ཞུས།
  • དོ་སྣང་ཆེ་བའི་རྩོམ།