སྡེ་དགེ་རྫོང་གིས་ཞིང་སྤྱོད་ཐོན་རྫས་རྫུན་མ་དང་སྤུས་ཞན་བཟོ་ཚོང་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་བཏང་།

        2015-04-15

ཉེ་ཆར།སྡེ་དགེ་རྫོང་གིས་རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་ཞིང་སྤྱོད་ཐོན་རྫས་རྫུན་མ་དང་སྤུས་ཞན་བཟོ་ཚོང་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་གཏོང་བའི་ཆེད་གཉེར་བྱེད་སྒོ་སྤེལ་ནས།ཞིང་སྤྱོད་ཐོན་རྫས་རྫུན་མ་དང་སྤུས་ཞན་བྲིན་འཚོང་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་བ་རེད།
རྫོང་དེའི་ཞིང་འབྲོག་དང་།བཟོ་ཚོང་།སྤྱི་བདེ།བཟའ་བཅའ་དང་སྨན་རྫས།སྤུས་ཚད་ལྟ་ཞིབ་སོགས་སྡེ་ཁག་ལས་གྲུབ་པའི་ཁྲིམས་འཛིན་ལས་སྒྲུབ་ཚོ་ཆུང་གིས་ཞིང་སྤྱོད་ཐོན་རྫས་ཐོན་སྐྱེད་དང་འཁོར་རྒྱུག་བྱེད་པའི་ཁྱབ་ཁོངས་ཁྲོད།སྤུས་ཚད་དང་མི་མཐུན་པའི་ས་བོན་དང་།ཐོན་དབང་བཙན་བཟུང་དང་རྫུན་བཟོ།ཞིང་སྤྱོད་སྨན་རྫས་རྫུན་མ་དང་སྤུས་ཞན་གསར་བཟོ་དང་བྲིན་འཚོང་བྱེད་པ་སོགས་ཁྲིམས་འགལ་བྱ་སྤྱོད་སོགས་གཙོ་གནད་དུ་བཟང་ནས་ཞིབ་བཤེར་བྱས་པར་བརྟེན།ཁོངས་གཏོགས་ས་ཁུལ་དུ་ཞིང་ལས་ཐོན་རྫས་ཀྱི་ཚོང་ར་ཚད་ལྡན་བྱས་ནས་ས་ཁོངས་ཡོངས་སུ་བློ་བདེའི་ཞིང་སྤྱོད་ཐོན་རྫས་ཁེབས་ཐུབ་པར་ཁག་ཐེག་བྱས།
ཤེས་རྟོགས་བྱུང་བ་ལྟར།ཐེངས་འདིའི་ཞིང་སྤྱོད་ཐོན་རྫས་རྫུན་མ་དང་སྤུས་ཞན་བཟོ་ཚོང་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་གཏོང་བའི་ཆེད་གཉེར་བྱ་སྤྱོད་དེ་རྒྱུན་མཐུད་དུ་ཟླ་བ5རིང་སྤེལ་རྒྱུ་རེད།མིག་སྔར།མཉམ་འབྲེལ་ཁྲིམས་འཛིན་ལས་སྒྲུབ་ཚོ་ཆུང་གིས་རྫོང་ཁོངས་ཡོངས་ཀྱི་ཞིང་སྤྱོད་ཐོན་རྫས་ཚོང་ཁང་ལ་འཐེན་ཞིབ་བྱས་པར་མ་ཟད།ཡིད་ཆེས་ལྡན་པའི་ཞིང་སྤྱོད་ཐོན་རྫས་ཐོན་སྐྱེད་དང་ཚོང་གཉེར་བྱེད་མཁན་གྱི་ཚོང་ཁང་གསར་སྐྲུན་བྱེད་པའི་བྱེད་སྒོ་སྤེལ་བ་དང་།ཁྲིམས་དང་འགལ་ནས་ཚོང་གཉེར་བྱེད་གྲངས་མང་བ་དང་གནས་ཚུལ་ཚབས་ཆེ་བའི་ཚོང་ཁང་དེ་ཚོ་མིང་ཐོ་ནག་པོའི་ནང་བཞག་པར་མ་ཟད།སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱས་ཏེ་གཙོ་གནད་ལྟ་སྐུལ་ཚོད་འཛིན་བྱ་རྒྱུ་རེད།།
  • ལེ་ཚན་སྔོན་མ།:ཉི་སྟེན་མཛེས་ལྗོངས་ས་ཁུལ་གྱིས་སྐྱེ་ཁམས་ལྗོངས་རྒྱུའི་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་།
  • ལེ་ཚན་རྗེས་མ།:གནོད་སྐྱོན་ཐེབས་རྗེས་གྲོང་སྡེ་གསར་པ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་།
  • དོ་སྣང་ཆེ་བའི་རྩོམ།