རང་ཁུལ་གྱི་ད་ལོའི་ཞིང་འབྲོག་ལས་ཀྱི་འཕེལ་རྒྱས་དམིགས་འབེན་གཏན་ཁེལ་བྱས།

ལྷ་འཛོམས་ཀྱིས།        2015-04-14

ད་ལོར་ཁུལ་ཡོངས་ཀྱི་ཞིང་འབྲོག་ལས་སྡེ་ཁག་གིས་ཁྱད་ཆོས་ལྡན་པའི་ཐོན་ཁུངས་མཐུན་རྐྱེན་ལ་བརྟེན་ནས་འབྲུ་རིགས་ཐོན་སྐྱེད་བརྟན་པོ་དང་ཡོང་འབབ་འཕར་སྣོན་གཏོང་ཞིང་སྤུས་ཚད་མཐོར་འདེགས་དང་ཁེ་ཕན་སྣོན་པ།བྱེད་སྟངས་སྒྱུར་བ་བཅས་གཙོ་ཕྱོགས་བྱས་ནས་ཞིང་འབྲོག་ལས་ཀྱི་བདག་གཉེར་མ་ལག་ཁྱོན་ཡོངས་ནས་ཇེ་ཟབ་ཏུ་གཏོང་ཞིང་།ཚན་རིག་ལག་རྩལ་གསར་སྐྲུན་ལ་སྐུལ་འདེད་གཏོང་བ་དང་དཔེ་གསར་ཅན་གྱི་ཞིང་འབྲོག་ལས་བདག་གཉེར་མ་ལག་འཛུགས་སྐྱོང་མགྱོགས་སུ་གཏོང་བ།འབྲུ་རིགས་ཐོན་སྐྱེད་བརྟན་ཞིང་འཕེལ་རྒྱས་གཏོང་བ།མཐོ་སྒང་གི་དེང་རབས་ཅན་གྱི་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏང་རྒྱུར་ཤུགས་རྒྱག་པ་བཅས་བྱས་ནས་ཞིང་འབྲོག་དམངས་ཀྱི་ཡོང་འབབ་འཕར་སྣོན་གཏོང་བར་ཁག་ཐེག་བྱ་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན།ད་ལོའི་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་སྤྱིའི་དམིགས་འབེན་ནི་ཁུལ་ཡོངས་སུ་ཞིང་ལས་ཐོན་རྫས་འདེབས་ཁྱོན་མུའུ་ཁྲི133ཐོག་བསླེབས་གང་ཐུབ་བྱ་དགོས་པ་དང་དེའི་ནང་འབྲུ་དང་སྣུམ།ཚལ་བཅས་འདེབས་ཁྱོན་ཁག་བགོས་ནས་མུའུ་ཁྲི113དང་མུའུ་ཁྲི9།མུའུ་ཁྲི11ཐོག་སླེབས་པ།འབྲུ་སྣུམ་ཚལ་བཅས་ཀྱི་ཐོན་ཚད་བསྡོམས་འབོར་ཁག་བགོས་ནས་ཏུན་ཁྲི28དང་ཏུན་ཁྲི1.31ཏུན་ཁྲི23ཐོག་བསླེབས་པ་བྱ་དགོས།རིགས་སྣ་ཚོགས་ཀྱི་ཕྱུགས་ཟོག་མགོ་གྲངས་ཁྲི403གསོ་ཚགས་བྱེད་པ་དང་ཕྱུགས་རིགས་སྣོན་གྲངས་བསྡོམས་འབོར་དང་བཤས་ཁོངས་སུ་འཇོག་ཚད།འཚོང་ཚད་ཁག་བགོས་ནས་བརྒྱ་ཆ22.5དང་བརྒྱ་ཆ22.5 བརྒྱ་ཆ16ཐོག་བསླེབས་པ་བྱ་དགོས།ཤ་རིགས་དང་འོ་རིགས།ཆུའི་ཐོན་རྫས་རིགས་ཀྱི་ཐོན་ཚད་བསྡོམས་འབོར་ཁག་བགོས་ནས་ཏུན་ཁྲི6.1དང་ཏུན་ཁྲི9 ཏུན་ཁྲི153ཐོག་བསླེབས་པ་བྱ་དགོས།།
  • ལེ་ཚན་སྔོན་མ།:རང་ཁུལ་གྱི་ར་གྲོད་ཤ་མོའི་ཐོན་ཚད་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསླེབས།
  • ལེ་ཚན་རྗེས་མ།:ད་ལོའི་ས་གནས་དཔྱ་ཁྲལ་ཡོང་འབབ་སྒོར་དུང་ཕྱུར༢༢ལས་བརྒལ་བར་བརྩོན་ལེན་བྱ་རྒྱུ།
  • དོ་སྣང་ཆེ་བའི་རྩོམ།