ཁུལ་ཡོངས་ཀྱི་འགོ་ཁྲིད་ཚོགས་པའི་བསམ་བློ་ཆབ་སྲིད་འཛུགས་སྐྱོང་དང་ལག་བསྟར་དོན་འཁྱོལ་ལོའི་སྐུལ་སློང་གྲོས་ཚོགས་འཚོགས།

ལྷ་འཛོམས་ཀྱིས་བསྒྱུར།        2015-04-14

ཟླ་བ4པའི་ཚེས6ཉིན།རང་ཁུལ་གྱིས་ཁུལ་ཡོངས་ཀྱི་འགོ་ཁྲིད་ཚོགས་པའི་བསམ་བློ་ཆབ་སྲིད་འཛུགས་སྐྱོང་དང་ལག་བསྟར་དོན་འཁྱོལ་ལོའི་སྐུལ་སློང་གྲོས་ཚོགས་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གལ་ཆེ་བའི་གསུང་བཤད་རབ་རིམ་དང་ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ཚན་ཁག་གི་བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལས་ཀའི་གྲོས་ཚོགས་ཀྱི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་པ་དང་།ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུའི་བླང་བྱ་ཁག་དོན་ཐོག་འཁྱོལ་བ།ཁུལ་ཡོངས་ཀྱི་འགོ་ཁྲིད་ཚན་ཁག་གི་བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལས་ཀ་བཀོད་སྒྲིག་བྱས་ཤིང་།ལག་བསྟར་དོན་འཁྱོལ་ལོའི་ལས་ཀར་ཡང་བསྐྱར་སྐུལ་སློང་དང་ཡང་བསྐྱར་བཀོད་སྒྲིག་བཅས་བྱས་པ་རེད།ཁུལ་ཨུའི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་ཚོགས་ཐོག་གསུང་བཤད་གལ་ཆེན་གནང་ཞིང་།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཡེ་ཤེས་ཟླ་བས་གྲོས་ཚོགས་ཀྱི་གཙོ་འགན་བཞེས།
 ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཁང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་ཝང་དབྱང་།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བྱང་ཆུབ་བཅས་གྲོས་ཚོགས་ནང་ཞུགས་ཡོད།
 ཧུའུ་ཁྲང་ཧྲེང་གིས་བསྟན་དོན།ཤེས་པ་ནི་བྱ་བ་མཐའ་དག་གི་འགོ་འཛུགས་ས་ཡིན་པས་བསམ་བློ་ཆབ་སྲིད་འཛུགས་སྐྱོང་གི་སྤྱིའི་གཏོང་འཛིན་དམ་པོར་བསྒྲིམ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད།ཁུལ་ཡོངས་ཀྱི་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་ནི་དམིགས་བསལ་གྱི་རྙོག་རྫབ་ཆེ་བའི་གནས་བབ་དང་ཉམས་སད་རིགས་སྣ་ཚོགས་ལ་ཁ་གཏད་འཇལ་ཡས་ཀྱི་འགག་རྩ་ཡིན་ཞིང་།བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་ནི་ཁྱོན་ཡོངས་ནས་ཏང་ནན་སྐྱོང་དང་དཀར་མཛེས་ཁུལ་གྱི་ཆབ་སྲིད་ཁོར་ཡུག་གཙང་མ་གཙང་དག་བཟོ་ཡས་ཀྱང་ཡིན།དེ་ཡང་བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་ནི་ལག་བསྟར་དོན་འཁྱོལ་ཇེ་དྲག་ཏུ་གཏོང་བའི་འགན་སྲུང་གལ་ཆེན་ཡིན་པར་ངོས་འཛིན་གསལ་པོ་བྱ་དགོས།
 ཧུའུ་ཁྲང་ཧྲེང་གིས་ཤེས་པས་བྱ་སྤྱོད་ལ་སྐུལ་འདེད་བཏང་ནས་འགོ་ཁྲིད་ཚོགས་པའི་བསམ་བློ་ཆབ་སྲིད་འཛུགས་སྐྱོང་ནན་འཛིན་དངོས་འཛིན་བྱ་དགོས།ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་ལམ་སང་བྱ་སྤྱོད་སྤེལ་ནས་རྗེས་ཡོང་སྔོན་དྲན་གྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་།དེང་སྐབས་ཀྱི་ཚན་ཁག་དཔུང་སྡེའི་ཁྲོད་དུ་གནས་པའི་གནད་དོན་དག་ལ་དབྱེ་ཞིབ་ནན་པོ་བྱས་ནས་བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལ་དངོས་འཛིན་ནན་འཛིན་བྱ་དགོས་པའི་ཐུགས་རེ་གནང་བ་རེད།
ཡེ་ཤེས་ཟླ་བས་གྲོས་ཚོགས་ཀྱི་སྙིང་དོན་དོན་འཁྱོལ་མཐར་ཕྱིན་པ་བྱ་རྒྱུའི་སྐོར་ཐུགས་རེ་གནང་བ་སྟེ།གཅིག་ནི་སྐུལ་འདེད་གཏང་རྒྱུར་མཐོང་ཆེན་བྱས་ནས་འགན་འཁྲི་བསྒྲུབས་ཏེ་གྲོས་ཚོགས་ཀྱི་སྙིང་དོན་དོན་འཁྱོལ་མཐར་ཕྱིན་པ་བྱ་རྒྱུར་འགན་སྲུང་བྱ་དགོས།གཉིས་ནི་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་ཅིང་།སྤྱོད་ཚུལ་འཛུགས་སྐྱོང་ལ་མཐོང་ཆེན་བྱས་ནས་མང་ཚོགས་ལ་དེ་བས་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་པ་བྱ་དགོས།གསུམ་ནི་རྩ་འཛུགས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ནན་པོ་གསུམ་དང་དོ་དན་གསུམ་གྱི་བྱེད་སྒོའི་གཞི་སྟེགས་གསར་གཏོད་བྱས་ཏེ་བྱེད་སྒོ་དེ་རྒྱུན་ཆད་མེད་པར་དེ་བས་ཟབ་མོ་སྤེལ་བར་འགན་སྲུང་བྱ་དགོས།།
  • ལེ་ཚན་སྔོན་མ།:དགེ་རྒན་ཆེན་མོ་དཔལ་ལྡན་ཉི་མས་ཁམས་ལྷོ་མཐོ་རིམ་སློབ་འབྲིང་དུ་ཆེད་དོན་འཆད་ཁྲིད་གནང་།
  • ལེ་ཚན་རྗེས་མ།:ས་མཚམས་ཞི་མཐུན་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་ནས་ས་མཚམས་བརྟན་བརླིང་ཡོང་བར་འཚོ་སྲུང་བྱེད།
  • དོ་སྣང་ཆེ་བའི་རྩོམ།