སྐལ་ཐུབ་ཀྱིས་བསྒྱུར། 2018-10-14
སྤྱི་ཟླ10པའི་ཚེས11ཉིན། བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་དང་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཔལ་ཡུལ་རྫོང་གི་འབྲེལ་མཚམས་སུ་རི་ཉིལ་ཏེ་འབྲི་ཆུའི་བཞུར་རྒྱུན་བཀག་སྟེ་ཆུ་བསྐྱིལ་མཚེའུ་གྱུར་བའི་ཉེན་ཁའི་གནས་ཚུལ་བྱུང་རྗེས། དྲག་ཆས་ཉེན་རྟོག་དཔུང་སྡེས་དེ་མ་ཐག་འཕྲལ་སྐྱོབ་གནོད་སེལ་བབ་བསྟུན་བཀོད་འདོམས་ནང་སྲོལ་ལག་ལེན་བྱས་ཏེ། དྲག་ཆས་ཉེན་རྟོག་སི་ཁྲོན་སྤྱི་ཁྱབ་རུ་ཁག་དང་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གི་དཔོན་དམག440ཉིན་མཚན་ལྟོས་མེད་ཀྱིས་གནོད་འཚེ་ཐེབས་ཡུལ་དུ་ཕྱིན་ནས་འཕྲལ་སྐྱོབ་གནོད་སེལ་གྱིས་ལས་ཀ་སྤེལ་བ་རེད།
བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་དང་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཔལ་ཡུལ་རྫོང་གི་འབྲེལ་མཚམས་སུ་རི་ཉིལ་ཏེ་འབྲི་ཆུའི་བཞུར་རྒྱུན་བཀག་སྟེ་ཆུ་བསྐྱིལ་མཚེའུ་གྱུར་བའི་ཉེན་ཁའི་གནས་ཚུལ་བྱུང་རྗེས། ནུབ་རྒྱུད་འཐབ་ཁུལ་མཉམ་འབྲེལ་འཐབ་འཛིང་བཀོད་འདོམས་ལྟེ་གནས་ཀྱིས་དེ་མ་ཐག་བབ་བསྟུན་སྔོན་ཇུས་ལག་ལེན་བྱས་ཏེ། གནོད་སྐྱོན་ཐེབས་ཚུལ་བསྡུ་ལེན་ཤེས་རྟོགས་དང་། འཐབ་ཁུལ་གྱི་བཟོ་དམག་དང་སྐམ་གྲུ་སོགས་དཔུང་སྡེ་སྒྲིག་འཛུགས་བྱས་ཏེ་མགྱོགས་མྱུར་འཕྲལ་སྐྱོབ་གནོད་སེལ་ལས་ཀ་སྤེལ་བ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10