བབ་བསྟུན་དོ་དམ་པུའུ་ཡིས་གེགས་སེལ་དངོས་ཟོག་གཏོང་སྤྲོད་བྱས།

​མིག་དམར་གྱིས་བསྒྱུར།        2018-10-14

   ཚེས13ཉིན་གསར་འགོད་པས་བབ་བསྟུན་དོ་དམ་པུའུ་ནས་ཤེས་རྟོགས་བྱུང་གསལ། བབ་བསྟུན་དོ་དམ་པུའུ་ཡིས་ཉིན་དེར་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་ཁྲེང་ཏུའུ་གྲབས་གསོག་མཛོད་ཁང་དང་ལྷ་སའི་གྲབས་གསོག་མཛོད་ཁང་ནས་སི་ཁྲོན་དང་བོད་ལྗོངས་གཉིས་ཀྱི་འབྲེལ་མཚམས་སུ་རི་ཉིལ་བ་དང་འབྲི་ཆུ་བཀག་སྟེ་ཆུ་བསྐྱིལ་མཚེའུ་ཆགས་ནས་གནོད་འཚེ་ཕོག་ཁུལ་དུ་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་གཏོང་སྤྲོད་བྱས་པ་རེད།  
   བབ་བསྟུན་དོ་དམ་པུའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། གེགས་སེལ་དངོས་ཟོག་འདི་དག་ཏུ་གུར7000དང་སྲིང་བལ་སྟོད་གོས་ཁྲི3  སྲིང་བལ་ཉལ་ཆས་ཁྲི5  ལྟེབ་རྒྱག་ཉལ་ཁྲི5000སོགས་ཚུད་ཅིང་། ཞིང་ལྗོངས་གཉིས་ཀྱིས་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་དང་བར་བརྒལ་དུས་ཀྱི་འཚོ་བར་འགན་སྲུང་བྱེད་པར་རྒྱབ་སྐྱོར་བྱས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་དང་སྤྱི་ཚོགས་བརྟན་བརླིང་ཡོང་བར་འགན་ལེན་བྱས་པ་རེད། 
       ཤེས་རྟོགས་བྱུང་བ་ལྟར་ན། རྒྱལ་ཁབ་གནོད་འཕྲི་ཨུ་ལྷན་དང་བབ་བསྟུན་དོ་དམ་པུའུ་ཡིས་དེ་སྔོན་སི་ཁྲོན་དང་བོད་ལྗོངས་གཉིས་ཀྱི་འབྲེལ་མཚམས་སུ་རི་ཉིལ་བ་དང་འབྲི་ཆུ་བཀག་སྟེ་ཆུ་བསྐྱིལ་མཚེའུ་ཆགས་ནས་གནོད་འཚེ་ཕོག་ཁུལ་དུ་རྒྱལ་ཁབ་ཀྱིⅣ(རིམ་པ་བཞི་པ)རིམ་པའི་གེགས་སེལ་བབ་བསྟུན་བྱ་ཐབས་སྤྱད་འགོ་ཚུགས་པ་རེད།། 


 


  • ལེ་ཚན་སྔོན་མ།:ལིའུ་ཁྲེང་མིང་དང་ཞའོ་ཡིའུ་ཚའེ་ཡིས་གནོད་སྐྱོབ་ལས་ཀར་བཀོད་པ་བྱས།
  • ལེ་ཚན་རྗེས་མ།:སྐྱེ་ཁམས་ཁོར་ཡུག་པུས་འབྲི་ཆུའི་ཁོར་ཡུག་ཉེན་ཁ་ལ་ཁ་གཏད་འཇལ།
  • དོ་སྣང་ཆེ་བའི་རྩོམ།