དམངས་སྲིད་ཐིང་གིས་གནོད་སྐྱོབ་དངོས་རྫས་མྱུར་འདྲེན་ལས་ཀ་བཀོད་སྒྲིག་བྱས།

སྐལ་ཐུབ་ཀྱིས་བསྒྱུར།        2018-10-12

    སི་ཁྲོན་ཞིང་ཆེན་དམངས་སྲིད་ཐིང་གི་དྲྭ་ཚུགས་ནས་གནས་ཚུལ་འབྱོར་བ་ལྟར་ན། སྤྱི་ཟླ10པའི་ཚེས11ཉིན་གྱི་ཕྱི་དྲོའི་ཆུ་ཚོད6པར། ཞིང་ཆེན་དམངས་སྲིད་ཐིང་གིས་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྤོ་ལོ་ཤང་དཔལ་དགེ་གྲོང་དུ་རི་ཉིལ་ནས་འབྲི་ཆུ་བཅད་དེ་ཆུ་བསྐྱིལ་མཚེའུ་ཆགས་པའི་ཉེན་ཡོད་ས་ཁོངས་ལ་གནོད་སྐྱོབ་དངོས་རྫས་འདྲེན་པའི་ལས་ཀ་བཀོད་སྒྲིག་བྱས་པ་རེད།

  གོང་རིམ་གྱི་བཀའ་འབྱོར་རྗེས། ཞིང་ཆེན་གནོད་སྐྱོབ་དངོས་རྫས་གྲབས་གསོག་ལྟེ་གནས་ཀྱིས་དེ་མ་ཐག་གནོད་སྐྱོབ་དངོས་རྫས་སྐྱེལ་འདྲེན་འཕྲལ་བསྟུན་འཆར་གཞི་ལག་བསྟར་བྱེད་འགོ་བཙུགས་པ་དང་། གཅིག་ནི་འབྲེལ་ཡོད་མི་སྒྲིག་འཛུགས་ཚགས་ཚུད་བྱས་ཤིང་། གཉིས་ནི་གནོད་སྐྱོབ་དངོས་རྫས་ཀྱི་རིགས་དང་གྲངས་ཚད། སྐྱེལ་འདྲེན་བྱེད་སྟངས་དང་འགྲོ་ལམ་སོགས་བཀོད་སྒྲིག་ཚགས་ཚུད་བྱས།གསུམ་ནི་མི་སྣ་སྒྲིག་འཛུགས་བྱས་ཏེ་སྲིང་བལ་ཉལ་ཐུལ10000དང་གུར1000གྲ་སྒྲིག་བྱས། བཞི་ནི་ལས་རེས་བརྟན་སྲུང་བྱས་ཏེ་གནོད་ཐེབས་ས་ཁུལ་དུ་གནོད་སྐྱོབ་དངོས་རྫས་སྐྱེལ་འདྲེན་བྱ་རྒྱུའི་གྲ་སྒྲིག་བྱས་པ་རེད།


  • ལེ་ཚན་སྔོན་མ།:མགྱོགས་འཕྲིན། རི་ཉིལ་ཏེ་འབྲི་ཆུ་བཀག་པའི་འཕྲིན་གསར།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་གནོད་ཉེན་ཐེབས་པའི་རྫོང་ཁག་གིས་གནོད་གཡོལ་ལས་ཀ་ཧུར་ཐག་སྤེལ།
  • དོ་སྣང་ཆེ་བའི་རྩོམ།