དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་འབའ་ཐང་རྫོང་ནས་བོད་ལྗོངས་ས་ཁུལ་དུ་འགྲོ་འོང་བྱེད་པའི་རླངས་འཁོར་ཚང་མ་རྒྱལ་ལམ317བསྐོར་ནས་འགྲོ་དགོས་པའི་སྐོར་གྱི་བརྡ་ཁྱབ།

        2018-10-12

    ཟླ་བ10ཚེས11ཉིན། བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྤོ་ལོ་ཤང་གི་མངའ་ཁོངས་སུ་རི་ཉིལ་བའི་གནས་ཚུལ་བྱུང་ནས་འབྲི་ཆུ་བཀག་སྟེ་ཆུ་བསྐྱིལ་མཚེའུར་གྱུར་པ་དང་། འབྲི་ཆུའི་སྨད་རྒྱུད་ཀྱི་འགྲིམ་འགྲུལ་ཐད་ཀྱི་རྨང་གཞིའི་སྒྲིག་བཀོད་ལ་གནོད་པ་ཆེན་པོ་ཐེབས་བཞིན་ཡོད་ཅིང་། མིག་སྔར་ཉེན་ཡོལ་གྱི་བྱ་ཐབས་གང་མང་སྤྱོད་བཞིན་ཡོད།དེས་ན་ཉེ་དུས་ས་ཁོངས་དེའི་འགྲིམ་འགྲུལ་བདེ་འཇགས་འགན་ལེན་བྱ་ཆེད། རྒྱལ་ལམ318བརྒྱུད་དེ་འབའ་ཐང་རྫོང་ནས་བོད་ལྗོངས་ས་ཁུལ་དུ་འགྲོ་འོང་བྱེད་པའི་རླངས་འཁོར་ཚང་མ་བཀག་རྒྱུ་དང་། ངེས་པར་དུ་བོད་ལྗོངས་ས་ཁུལ་དུ་འགྲོ་འོང་བྱེད་དགོས་པའི་རླངས་འཁོར་རྣམས་རྒྱལ་ལམ317བརྒྱུད་དེ་སྡེ་དགེ་རྫོང་སྐམ་ཐོག་ཟམ་ཆེན་ནམ། ཡང་ན་ལམ་རྒྱུད་གཞན་ནས་བསྐོར་ཏེ་འགྲོ་རོགས་གྱིས། ཆུ་བསྐྱིལ་མཚེའུ་ཡི་ཉེན་ཁ་སེལ་རྗེས་གཞི་ནས་དེའི་ཐད་ཀྱི་བརྡ་ཁྱབ་སྤེལ་རྒྱུ་ཡིན།


དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས།

2018ལོའི་ཟླ10པའི་ཚེས11ཉིན།


  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་དཔལ་ཡུལ་རྫོང་དང་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་གཉིས་ཀྱི་འབྲེལ་མཚམས་སུ་རི་ཉིལ་ནས་འབྲི་ཆུ་བཀག་སྟེ་ཆུ་བསྐྱིལ་མཚེའུར་གྱུར།
  • ལེ་ཚན་རྗེས་མ།:ཕེང་ཆིང་ཧྭ་དང་དབྱི་ལིས་འབྲི་ཆུའི་ཉེན་སེལ་ལས་ཀར་མཆན་བཀོད་གནང་།
  • དོ་སྣང་ཆེ་བའི་རྩོམ།