ཀྲུང་དབྱང་དྲིལ་བསྒྲགས་པུའུ་སོགས་སྡེ་ཚན་གྱིས་བཅོས་བསྒྱུར་མཐར་ཕྱིན་པ་བྱ་དགོས་པའི་མི་སེར་གྱི་སྒྲོག་འགྲེལ་བྱེད་སྒོའི་རྒྱལ་ཡོངས་ཀྱི་སྒྲོག་འགྲེལ་ཚོགས་འདུ་ཐོག་མ་མཉམ་དུ་འཚོགས།

        2018-09-26

     ཉེ་ཆར། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས། གུང་གཞོན་ཚོགས་པ་ཀྲུང་དབྱང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་པེ་ཅིན་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་སློབ་ཆེན་དུ“བཅོས་བསྒྱུར་མཐར་ཕྱིན་པ་བྱ་དགོས”པའི་མི་སེར་གྱི་སྒྲོག་འགྲེལ་བྱེད་སྒོའི་རྒྱལ་ཡོངས་ཀྱི་སྒྲོག་འགྲེལ་ཚོགས་འདུ་ཐོག་མ་མཉམ་དུ་སྤེལ་བ་རེད།

    སྒྲོག་འགྲེལ་ཚོགས་འདུའི་ཐོག“དུས་རབས་ཀྱི་མིག་དཔེ”ཝང་ཡུང་དང་། “རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན”ཡུས་ལིའུ་ཧྥེན། “རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་བ”ཤོལ་དབྱིང་། “རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས”ཐོབ་མཁན་ཞུས་ལི་ཕིང་། “ཀྲུང་གོ་ལྔ་བཞི་གཞོན་ནུའི་གཟེངས་རྟགས”ཐོབ་མཁན་ཧན་ཤའོ། “རྒྱལ་ཡོངས་གསུམ་བརྒྱད་དར་དམར་བའི་མིག་དཔེ”ཝང་ལི་ཕིང་། མ་ལིར་སྐྱོད་མཁན་ཀྲུང་གོའི་ཁག་དྲུག་པའི་ཞི་བདེ་སྲུང་སྐྱོང་སྐུ་སྲུང་ཡན་ལག་རུ་ཁག་གི་ལི་ཆིང་ཁུན་སོགས་དཔེ་མཚོན་མི་བདུན་གྱིས་རང་ཉིད་ཀྱི་མྱོང་བ་དངོས་ལ་བརྟེན་ནས་སྒྱུར་བཅོས་སྒོ་དབྱེའི་འཐབ་ས་མདུན་མར་འབད་འཐབ་བྱས་པའི་གཏམ་རྒྱུད་བཤད་ནས། སྒྱུར་བཅོས་སྒོ་དབྱེ་དང་ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་གྲུབ་འབྲས་ཐོབ་སེམས་གཅིག་སྡུད་མངོན་པས་གཟིགས་མོ་བའི་དགའ་བསུ་ཚད་མེད་དང་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ་རེད།།

 


  • ལེ་ཚན་སྔོན་མ།:ཕུལ་བྱུང་རིག་གནས་སྲོལ་རྒྱུན་འཆད་ཁྲིད་ཆེན་མོ་འགོ་ཚུགས།
  • ལེ་ཚན་རྗེས་མ།:གསེར་ཐར་རྫོང་གིས་ཏང་ཨུའི་མང་ཚོགས་ལས་ཀའི་ཚོགས་འདུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།