དུས་དེབ«གངས་དཀར་རི་བོ»ཀློག་པ་པོ་དང་ལྷན་དུ་འཛོམས།

སྒྲོན་དབྱངས།        2018-09-13

དུས་དེབ«གངས་དཀར་རི་བོ»ཀློག་པ་པོ་དང་ལྷན་དུ་འཛོམས།

དཔེ་ཀློག་གི་གོམས་གཤིས་དང་རྩོམ་རིག་གི་ཡོན་ཚད་གོང་འཕེལ་ཡོང་ཕྱིར། དཀར་མཛེས་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས«གངས་དཀར་རི་བོའི»རྩོམ་སྒྲིག་ཁང་གིས་ཐེངས34པའི་དགེ་རྒན་དུས་ཆེན་གྱི་སྐབས་དང་བསྟུན་ནས། རྒྱ་བོད་ཡིག་གི་དུས་དེབ«གངས་དཀར་རི་བོ»སློབ་གླིང་དུ་བསྐྱོད་པའི་བྱེད་སྒོ་སྤེལ་བ་རེད།

2018ལོའི་ཟླ8པའི་ཚེས11ཉིན་གྱི་ཕྱི་དྲོར་དུས་དེབ«གངས་དཀར་རི་བོ»དར་མདོ་གྲོང་ཁྱེར་བོད་ཡིག་སློབ་འབྲིང་དུ་བསྐྱོད་དེ་ཀློག་པ་པོ་དང་ལྷན་འཛོམས་ཀྱི་བྱེད་སྒོ་སྤེལ་བ་རེད།

དར་མདོ་གྲོང་ཁྱེར་བོད་ཡིག་སློབ་འབྲིང་གི་སློབ་གཙོ་ཐུབ་བསྟན་ལགས་ཀྱིས་མཛད་སྒོའི་གཙོ་སྐྱོང་གནང་བ་དང་། ངེད་རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་འགན་འཁུར་བ་དག་གིས་རྒྱ་བོད་ཡིག་གཉིས་ཀྱི་དུས་དེབ«གངས་དཀར་རི་བོའི»བྱུང་འཕེལ་དང་གནས་ཚུལ་ངོ་སྤྲོད་བྱས་ཤིང་། ཀློག་པ་པོ་དག་ལ་རྩོམ་ཡིག་འཇུག་པའི་རེ་སྐུལ་དང་། དཔེ་ཆ་ལྟ་ཀློག་དང་རྩོམ་རིག་གི་ཤེས་བྱ་དམ་འཛིན་དགོས་པའི་སྐོར་བརྗོད་ཡོད་པ་རེད། མཇུག་ཏུ་ཐེངས་འདིར་འདུས་པའི་དགེ་སློབ་ཡོངས་ལ་རྒྱ་བོད་ཡིག་གི་དུས་དེབ«གངས་དཀར་རི་བོ»500ལྷག་དཔེ་སྦྱིན་བྱས་པ་རེད།

དུས་དེབ«གངས་དཀར་རི་བོ»ཀློག་པ་པོ་དང་ལྷན་དུ་འཛོམས།
དུས་དེབ«གངས་དཀར་རི་བོ»ཀློག་པ་པོ་དང་ལྷན་དུ་འཛོམས།
དུས་དེབ«གངས་དཀར་རི་བོ»ཀློག་པ་པོ་དང་ལྷན་དུ་འཛོམས།


  • ལེ་ཚན་སྔོན་མ།:དར་མདོ་གྲོང་ཁྱེར་ཁྲིམས་ཁང་གིས་སླར་ཡང་ནག་སེལ་གཤེད་འཇོམས་བྱེད་ཤུགས་ཆེ་རུ་གཏོང་།
  • ལེ་ཚན་རྗེས་མ།:ཁམས་ལི་ཐང་ཡུལ་ལ་བསྐུར་བའི་རྩོམ་བརྡ་གལ་ཆེན།
  • དོ་སྣང་ཆེ་བའི་རྩོམ།