ཁུལ་དབུལ་ཐར་འགག་སྒྲོལ་འགོ་ཁྲིད་ཚོ་ཆུང་གིས2018ལོའི་གྲོས་ཚོགས་ཐེངས་བརྒྱད་པ་འཚོགས།

ལྷ་འཛོམས་ཀྱིས་བསྒྱུར།        2018-09-03

   སྤྱི་ཟླ8པའི་ཚེས23ཉིན་གྱི་སྔ་དྲོར། ཁུལ་དབུལ་ཐར་འགག་སྒྲོལ་འགོ་ཁྲིད་ཚོ་ཆུང་གིས2018ལོའི་གྲོས་ཚོགས་ཐེངས8པ་དར་མདོར་འཚོགས་པ་རེད།

   གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི《དབུལ་ཐར་འགག་སྒྲོལ་ཆེན་པོ་ལས་རྒྱལ་ཁ་ཐོབ་པ་བྱ་རྒྱུའི་ལོ་གསུམ་གྱི་བྱ་སྤྱོད་སྐོར་གྱི་ཁྲིད་སྟོན་བསམ་འཆར 》དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་ལག་བསྟར་དང་སློབ་སྦྱོང་ཟབ་མོ་བྱས་ཤིང་། དེང་སྐབས་ཀྱི་དབུལ་ཐར་འགག་སྒྲོལ་ལས་ཀ་སྐུལ་འདེད་གཏོང་ཚུལ་གྱི་སྙན་སེང་ལ་ཉན་འཇོག་དང་ཕྱིན་ཆད་དུས་རིམ་ནང་ཀ་ལས་ཀར་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གྲོས་ཚོགས་ནང་ཞུགས་ནས་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་གྲོས་ཚོགས་གཙོ་འགན་བཞེས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཅང་གྲོས་ཚོགས་ནང་ཞུགས་ཡོད་པ་རེད།

   ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན། ཕྱིན་ཆད་ཀྱི་ལས་ཀའི་ཁྲོད་གཅིག་ནི་ཚད་གཞི་མཐོན་པོ་དང་སྤུས་ཀ་ཡག་པོའི་བླང་བྱ་ལྟར་རྒྱལ་ཁབ་ཀྱི་དབུལ་ཐར་འགག་སྒྲོལ་དང་དབུལ་ཕོངས་ཞྭ་མོ་ཕུད་རྒྱུའི་ཞིབ་བཤེར་རྩིས་ལེན་གྱི་ཚད་གཞི་དང་དཔེ་བསྡུར་བྱས་ནས་སྔར་ལྷག་གིས་ཧེ་བག་འཚོལ་བ། མི་འདང་སར་གསབ་སྣོན་བྱ་དགོས་པ་དང་། ལྷག་པར་དུ་རྫོང་སོ་སོས་ལས་ཡུན་ལྡོག་སྒྲིག་བྱས་ནས་ལྟ་སྐུལ་ཁྲིད་སྟོན་ལས་ཀ་ཡོངས་སུ་སྤེལ་དགོས། གཉིས་ནི་ཨར་པོ་རྒྱག་པའི་དུས་སྐབས་ཡག་ཤོས་དམ་དུ་འཛིན་ནས་སྤུས་ཚད་དང་ཉེན་མེད་ཀྱི་སྔོན་འགྲོའི་ཆ་རྐྱེན་འོག་ཁྱོན་ཡོངས་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་དང་ཨར་ལས་སྒྲུབ་ཚད་མགྱོགས་སུ་གཏང་དགོས། གསུམ་ནི་མུ་མཐུད་ནས་སློབ་གསོས་དབུལ་སྐྱོར་དང་སློབ་ཞུགས་འཐེན་པ་བཀག་འགོག་དང་སློབ་ཞུགས་འགན་ལེན། བདེ་ཐང་དབུལ་སྐྱོར་། ལས་ཞུགས་དབུལ་སྐྱོར་སོགས་ཀྱི་ལས་ཀ་ཁག་དངོས་འཛིན་དམ་འཛིན་བྱས་ནས་དབུལ་ཐར་འགག་སྒྲོལ་གྱི་དམིགས་འབེན་ལས་འགན་དོན་ཐོག་འཁྱོལ་བ་བྱ་དགོས། བཞི་ནི་རྫོང་དང་རྫོང་བར་མུ་སྦྲེལ་ས་མཚམས་ས་གནས་གྱི་གཅིག་སྡུད་ཡུག་སྦྲེལ་དབུལ་ཕོངས་གནད་དོན་དེ་རང་ཁུལ་གྱི་དབུལ་ཐར་འགག་སྒྲོལ་གྱི་གལ་ཆེན་ནང་གི་འགངས་ཆེན་ལ་བརྩིས་ཏེ་ཁྱོན་ཡོངས་ནས་འབྲེལ་ཡོད་ལས་ཀར་སྐུལ་འདེད་གཏང་དགོས། ལྔ་ནི་ཞིང་ཆེན་གྱི་བླང་བྱ་ལྟར་སེམས་གཅིག་མཉམ་སྐྲུན་གྱི་ཀྲུང་གོའི་ཕུགས་འདུན་མཉམ་འཆང་བྱས་ཏེ་ཏང་གི་དྲིན་གཟོ། མེས་རྒྱལ་ལ་དགའ་བ། ཁྲིམས་སྲོལ་སྲུང་བ། འབྱོར་འབྲིང་ཕྱོགས་སུ་སྐྱོད་པ་བཅས་སློབ་གསོའི་བརྗོད་དོན་གཙོ་བོ་ཇེ་ཟབ་ཏུ་གཏོང་ཞིང་། གསོ་སྐྱོང་ལས་ཀ་ལག་བསྟར་ཇེ་ཟབ་ཏུ་གཏོང་བ་དང་། སྔར་ལྷག་གིས་དབུལ་ཕོངས་མང་ཚོགས་ཀྱི་ནང་གནས་སྒུལ་ཤུགས་ངར་་སློང་བྱ་དགོས། དྲུག་ནི་སྔར་ལྷག་གིས་དབུལ་ཐར་འགག་སྒྲོལ་ལས་ཀའི་སྒྲིག་ལམ་ནན་པོ་བཟོས་ཏེ་དབུལ་སྐྱོར་ཁྱབ་ཁོངས་ཀྱི་སྤྱོད་ཚུལ་གནད་དོན་ཆེད་དོན་བཅོས་སྐྱོང་ལས་ཀ་ཟབ་པོ་སྤེལ་ཞིང་། ཡང་དག་པའི་སྤྱོད་ཚུལ་དང་འགན་ཁུར་ཕོད་པ་བྱས་ནས་ཁུལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་ལས་ཀར་སྲ་ཞིང་བརྟན་པའི་འགན་ལེན་བྱ་དགོས།

   གྲོས་ཚོགས་ཐོག་ད་དུང་ལོ་འགོ་ནས་བཟུང་། 《དཀར་མཛེས་ཁུལ་གྱི་ཧ་ཅང་དབུལ་ཕོངས་ས་ཁུལ་གྱི་ལོ་གསུམ་གྱི་འགག་སྒྲོལ་ཆེན་པོའི་བྱ་སྤྱོད་འཆར་གཞི་དང》དང་《སྔར་ལྷག་གིས་དབུལ་ཐར་འགག་སྒྲོལ་ལས་གཞི་དང་མ་དངུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏང་རྒྱུའི་སྐོར་གྱི་བརྡ་ཐོ།》ལ་གྲོས་ཞིབ་བྱས་པ་རེད།། 


  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་གསུམ་འཛུགས་མཉམ་འགུལ་གྱི་སྐུལ་སློང་བཀོད་སྒྲིག་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཚོགས་ཆེན་འཚོགས་པ།
  • ལེ་ཚན་རྗེས་མ།:ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱི2018ལོའི་བོད་སྐད་ཡིག་གི་ཡིག་སྒྱུར་ཆེད་མཁས་པའི་གྲོས་ཚོགས་དར་མདོར་འཚོགས
  • དོ་སྣང་ཆེ་བའི་རྩོམ།