ཀུན་དགས་བསྒྱུར། 2018-08-27
ཨ་ཆེན་དགའ་ནི་ཕྱག་ཕྲེང་རྫོང་གདོང་གསུམ་ཤང་འཇང་ལུང་གྲོང་སྡེ་རུ་སྐྱེས་ཤིང་། ས་གནས་དེ་ནི་རྫོང་གི་གྲོང་ཁུལ་དང་ཐག་རིང་ཞིང་ས་རྒྱུད་ཞན་པ་དང་ཆུའི་ཐོན་ཁུངས་མི་འདང་བ་སོགས་ཀྱིས་དབུལ་ཕོངས་རྗེས་ལུས་ཡིན། སྡེ་བའི་མི་རྣམས་ཀྱིས་དུས་ཡུན་རིང་པོའི་ནང་སྲིད་ཇུས་རང་བཞིན་གྱི་ཁ་གསབ་རོགས་དངུལ་ལ་བརྟེན་ནས་འཚོ་བ་འཁྱོལ་ཐུབ་ཙམ་བྱས། ཨ་ཆེན་དགའ་ནི་གྲོང་པ་དེའི་ནང་ཆེས་དབུལ་པོའི་མ་རྒན་ལས་མེད་པའི་ཁྱིམ་ཚང་ཞིག་ཏུ་འཚོ་བ་རོལ་ཞིང་། ཁྱིམ་ནང་གི་མིང་སྲིང་ལྔ་པོ་དེ་མ་རྒན་གཅིག་པོས་གསོས་བ་རེད།
ཆུང་དུས་ནས་དབུལ་ཞིང་ཕོངས་པས་འཚོ་བར་དཀའ་སྤྱད་སྙིང་རུས་ཆེ་བའི་གཤིས་རྒྱུད་ལྡན་པས་མ་ཚད་འཚོ་བ་ལེགས་སུ་གཏོང་རྒྱུའི་རེ་འདུན་བསླངས་བ་རེད། ཁོ་ལོ་ན13ལ་སླེབས་སྐབས་ཁྱིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་ཆེད། ཙི་དབྱང་དུ་སོང་ནས་གཉེན་ཉེར་བུ་ཕྲུག་ལྟ་སྐྱོང་བྱས་ཏེ་ལོ་ན21བར་བསྡད་ཅིང་། ཙི་དབྱང་གི་མི་ཞེ་ཧྲའོ་ཅུན་དང་མཉམ་དུ་བསྡད་དེ་བཟའ་ཟླར་གྱུར། ཙི་དབྱང་དུ་ལོ8ལ་འཚོ་བ་རོལ་དུས་ཨ་ཆེན་དགའ་ཡིས་འབད་བརྩོན་བྱས་ན་འཚོ་བ་ཇེ་བཟང་ནས་ཇེ་བཟང་དུ་འགྲོ་བའི་གནས་ལུགས་ཤེས། གཉེན་སྒྲིག་བྱས་རྗེས་ཨ་ཆེན་དགའ་བཟའ་མི་གཉིས་སྔ་ཕྱིར་ཁྲེང་ཏུའུ་དང་ཁྲུང་ཆིང་། མེན་དབྱང་། ཁུན་མིང་སོགས་སུ་ཞོར་ལས་ལ་སོང་། 2000ལོའི་ལོ་འགོར། ཁུན་མིང་གི་མགྲོན་ཁང་ག་གེ་མོ་རུ་གླ་བྱས་ནས་ཡོད་པའི་ཨ་ཆེན་དགའི་ས་གནས་དེ་གའི་སྔོ་ཚལ་རྨོ་མཁན་གཅེན་པོ་ཝང་ཁྱོ་ཤུག་གཉིས་ངོ་ཤེས་པ་རེད། ཁོ་གཉིས་ཀྱི་ཡོང་འབབ་རང་ཉིད་ལས་ལྡབ་འགའ་མཐོ་བས་མ་ཚད་ད་དུང་བྱིས་པར་ལྟ་སྐྱོང་བྱེད་པའི་དུས་ཚོད་ཀྱང་ཡོད་པ་ཤེས་རྗེས། ཨ་ཆེན་དགའ་ལ་སྔོ་ཚལ་འདེབས་པའི་ལག་རྩལ་སྦྱངས་ཏེ་ཕ་ཡུལ་དུ་ལོག་ནས་ལས་ལམ་གསར་གཏོད་བྱ་རྒྱུའི་བསམ་བློ་བཅངས་ཏེ། འདུག་རོགས་དང་གྲོས་བྱས་ནས་མགྲོན་ཁང་གི་ལས་ཀ་ནས་དགོངས་པ་ཞུས་ཏེ་ཝང་བཟའ་ཚང་དགེ་རྒན་ལ་བསྟེན་ནས་ལག་རྩལ་སྦྱངས་བ་རེད། ཁོ་མོ་རྟེན་གཞིར་སོང་སྟེ་ས་སྣོན་རྒྱག་པ་དང་ས་བོན་འདེབས་པ། མྱུག་གསོ། དོ་དམ་སོགས་ལག་རྩལ་ལོ་གཅིག་ལ་སྦྱངས་ཏེ། 2001ལོའི་དཔྱིད་ཀར། ཨ་ཆེན་དགའ་བཟའ་མི་གཉིས་ཀྱིས་བུ་མོ་ཆེ་བ་ཁྲིད་དེ་ཕ་ཡུལ་དུ་ལོག་ནས་རྫོང་གི་གྲོང་ཁུལ་གྱི་ཉེ་སར་ས་ཞིང་མུའུ་འགའ་བོགས་གཡར་བྱས་ཏེ་སྔོ་ཚལ་བཏབ་ཅིང་། སྐབས་དེར་ཕྱག་ཕྲེང་རྫོང་གི་མི་རྣམས་ཀྱིས་གཞི་ཁྱོན་ཆེ་བའི་སྒོ་ནས་སྔོ་ཚལ་འདེབས་པའི་གོམས་གཤིས་དང་ཉམས་མྱོང་མེད་པས། ཁོ་མོས་ས་ཞིང་བོགས་གཡར་བྱས་ཏེ་སྔོ་ཚལ་འདེབས་པ་གོ་དུས་ཚང་མས་ཁོ་སྨྱོ་པ་མ་རེད་དམ་ཞེས་མང་པོས་ཁོ་ལ་སློབ་གསོ་དང་བཀོད་པ་བརྒྱབ་ཀྱང་ཁོ་མོས་ཐག་བཅད་པའི་བྱ་བ་ལ་གཡོ་འགུལ་སྤུ་ཙམ་མེད་པའི་ངང་སྔོ་ཚལ་འདེབས་པ་རེད། ཡུན་རིང་མ་འགོར་བར་ཨ་ཆེན་དགའ་ཡིས་སྔོ་ཚལ་བདེ་བླག་ངང་ཚོང་རར་བཏོན། ཁོ་མོས་རིམ་བཞིན་ཚལ་སྣ་ཕུན་སུམ་ཇེ་ཚོགས་དང་འདེབས་འཛུགས་ཀྱི་རྒྱ་ཁྱོན་ཇེ་ཆེར་བཏང་སྟེ། ཁོ་བཟའ་མི་གཉིས་ས་གནས་དེ་གའི་འདེབས་འཛུགས་དུད་ཆེན་ཞིག་ཏུ་གྱུར། ཁོ་མོས་ས་གནས་དེ་གའི་མི་རྣམས་ལ་རང་གིས་སྦྱངས་པའི་ལག་རྩལ་རྣམས་སྦ་གསང་སྤུ་ཙམ་ཡང་མེད་པའི་སྒོ་ནས་གཞན་ལ་བསླབས་པ་རེད། 2006ལོར་ཨ་ཆེན་དགའ་ཡིས་སྔོ་ཚལ་རྟེན་གཞི་དེ་རྫོང་དེའི་ཕྲེང་སྟོད་གྲོང་རྡལ་དུ་སྤོ་བསྒྱུར་བྱས་པར་མ་ཟད། གྲོང་རྡལ་དུ་ཁང་པ་ཞིག་ཉོས་པ་རེད། ལོ་གཉིས་ཀྱི་རྗེས་སུ། ཕྲེང་སྟོད་གྲོང་རྡལ་གྱིས་རྒུན་འབྲུམ་འདེབས་འཛུགས་བྱ་རྒྱུ་ཁྱབ་གདལ་བཏང་བས་ཁོ་མོས་གླས་པའི་ས་ཞིང་དུ་རྒུན་འབྲུམ་འདེབས་འཛུགས་བྱས་པ་དང་། ཏག་ཏག་སྐབས་དེར་གདོང་གསུམ་ཤང་འཇའ་ལུང་གྲོང་སྡེ་དེ་ཕྲེང་སྨད་ཤང་དུ་གནས་སྤོ་དགོས་པས་ཨ་ཆེན་དགའ་ཡིས་སྔོ་ཚལ་རྟེན་གཞི་དེ་ཕྲེང་སྨད་ཤང་གྲོང་ཚོ་གསར་པར་སྤོ་རྒྱུའི་ཐག་བཅད་པ་རེད། ཕྲེང་སྨད་ཤང་གི་གྲོང་གསར་དུ་སླེབས་རྗེས། ཨ་ཆེན་དགའ་ཡིས་ཚལ་སྣ་རིགས་སྔར་བས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། སྔོ་ཚལ་རྟེན་གཞི་མུའུ20བར་རྒྱ་བསྐྱེད་བཏང་བར་མ་ཟད་ས་གནས་དེ་གའི་མི་གླས་ནས་ལས་ཀ་ལས་པ་རེད། 2012ལོར། ཨ་ཆེན་དགའ་ཁུལ་རིམ་པའི་ངལ་རྩོལ་དཔེ་བཟང་དང་ཁུལ་རིམ་པའི་གསུམ་བརྒྱད་དར་དམར་བར་བདམས་པ་རེད། 2013ལོར། སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་དུས་རབས་ཀྱི་ཡར་ཐོན་དང་བསྟུན་ནས་ཁོ་མོས་ཀྱང་ཚོང་ར་བསྒྱུར་ཞིང་། ཁོས་ཕྱིར་དྲན་བྱས་ཏེ་བཤད་རྒྱུར། འགྲིམ་འགྲུལ་ཆ་རྐྱེན་ཇེ་བཟང་དུ་སོང་བ་དང་སྦྲགས་ཕྱི་རོལ་ནས་ཕྱག་ཕྲེང་དུ་སྔོ་ཚལ་འབོར་ཆེན་འདྲེན་པ་དང་ས་གནས་དེ་གའི་མི་རྣམས་ཀྱིས་ཀྱང་སྔོ་ཚལ་མང་པོ་འདེབས་པས་ཁོ་མོས་གསོ་འདེབས་གཉིས་ལྡན་གྱི་ལམ་བུར་ཞུགས་པ་དང་། 2016ལོ་ནས་སྲིད་གཞུང་གིས་གསོ་སྤེལ་ལས་རིགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་འགྲོ་བ་དང་བསྟུན་ནས་ཐོན་ལས་ཀྱི་འཕེལ་ཕྱོགས་དེ་གསོ་སྤེལ་ལས་རིགས་སུ་བསྒྱུར་བ་རེད། ཏག་ཏག་སྐབས་དེར་ཕྲེང་སྨད་ཤང་གྲོང་གསར་གྱི་ཏང་ཡོན་ཕྱུག་གྱུར་སྣེ་ཁྲིད་པར་བདམས་པས་མ་ཚད་ཐོན་ལས་རོགས་སྐྱོར་གྱི་སྒོར5000ཐོབ་པ་རེད། ཁོ་མོས་མུ་མཐུད་ནས་གསོ་སྤེལ་ལས་རིགས་རྒྱ་བསྐྱེད་བཏང་ནས་ཁྱིམ་བྱ60ལྷག་དང་བ་མོ50ལྷག འབྲི་མ10ལྷག བོད་ཕག20ལྷག ར100ལྷག ལུག100ལྷག་གསོས་ཤིང་། མ་རྩ་ཇེ་ཉུང་གཏོང་ཆེད་གསོ་སྤེལ་ར་བའི་ཉེ་འགྲམ་དུ་ཞིང་མུའུ་དོ་རྨོས་པ་དང་། གསར་འགོད་པས་ཁོ་མོ་ལ་བདེ་བདེ་ལྷོད་ལྷོད་ཀྱི་འཚོ་བར་རོལ་ཆོག་ཀྱང་འདི་འདྲའི་དཀའ་ལས་རྒྱག་དོན་ཅི་ཡིན་ཞེས་འདྲི་དུས། ཁོ་ངོ་ལ་འཛུམ་དང་བཅས་ཏེ་ངས་བསམ་ན་བརྩོན་འགྲུས་བྱས་པ་ནི་བདེ་སྐྱིད་ཅིག་རེད། ངེད་བཟའ་མི་གཉིས་ཀྱིས་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་ད་གཟོད་འཚོ་བ་བདེ་སྐྱིད་དང་གྲོང་མི་ལ་ལས་ཞུགས་ཀྱི་གོ་སྐབས་སྤྲད་ཐུབ་པ་རེད་མ་གཏོགས། དཀའ་ལས་མེད་པའི་འབྲས་བུ་དེ། ལེ་ལོ་ཅན་གྱི་སྟོང་བསམ་མ་རེད་དམ་ཞེས་བཤད་པ་རེད། ཨ་ཆེན་དགའ་ཡི་སྣེ་ཁྲིད་འོག་ཕྲེང་སྨད་ཤང་གྲོང་གསར་གྱི་དབུལ་པོའི་དུད་ཚང་གིས་ཀྱང་རང་གི་ལག་ཟུང་ལ་བརྟེན་ནས་སྔོ་ཚལ་བཏབ་སྟེ་དབུལ་ཐར་ཕྱུག་འགྱུར་བྱུང་བ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10