བོད་ཁུལ་གྱི་འཕེལ་རྒྱས་གསར་པར་དཔང་པོ་བྱེད།དཀར་མཛེས་བོད་ཁུལ་གྱི་འགྱུར་ལྡོག་གསར་པར་སྤྲོ་ཞིང་བལྟས།

ལྷ་འཛོམས་ཀྱིས་བསྒྱུར།        2018-08-27

   སྤྱི་ཟླ8པའི་ཚེས15ཉིན་ནས18ཉིན་བར། ཕྱི་འབྲེལ་ཕྱི་ཕྱོགས་བདེ་འཇགས་ལས་དོན་སི་དང་ཞིང་ཆེན་ཕྱི་སྡོད་སྤུན་ཟླའི་གཞུང་ལས་ཁང་། ཁུལ་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ2018ལོའི་ཕྱི་རྒྱལ་གྱི་ཆེད་རམས་པ་དང་མཁས་དབང་སི་ཁྲོན་བོད་རིགས་ས་ཁུལ་དུ་སྐྱོད་པའི་འཚམས་འདྲི་ཚོགས་པ་སྒྲིག་འཛུགས་བྱས་པ་རེད།

    ཐེངས་འདིའི་འཚམས་འདྲི་ཚོགས་པའི་གྲུབ་མི་ནི་པི་ལི་ཧྲི་དང་རྒྱ་གར། ལྗར་པན། ཧན་གོ ལི་ཐའོ་ཝན། མོང་གོལ། ཨ་ཧྥེ་རི་ཁ་ལྷོ་མ། སུའེ་ཏེན་སོགས་རྒྱལ་ཁབ་ནས་འོངས་པའི་ཆེད་རམས་པ་དང་མཁས་དབང་བརྒྱད་རང་ཁུལ་གྱི་ལྕགས་ཟམ་རྫོང་དང་རྟའུ་རྫོང་། རོང་བྲག་རྫོང་སོགས་ཀྱི་ས་གནས་སུ་ལྟ་སྐོར་འཚམས་འདྲི་བྱས་པ་རེད། ཆེད་རམས་པ་དང་མཁས་དབང་ཚོས་ཡུལ་དངོས་སུ་ལྟ་སྐོར་དང་བཞུགས་མོལ་བྱས་ནས་གནས་ཚུལ་ངོ་སྤྲོད་ཉན་འཇོག་བྱས་ཏེ་རང་ཁུལ་གྱི་ས་ཁོངས་ཡོངས་སུ་ཡུལ་སྐོར་དང་སློབ་གསོ་འཕྲོད་བསྟེན། རིག་གནས་དམངས་ཁྲོད་ཡུལ་སྲོལ། གྲོང་གསེབ་འཕེལ་རྒྱས་གཏོང་ཚུལ་ལ་ཡུལ་དངོས་སུ་རྟོག་ཞིབ་བྱས་ནས་སྔ་ལས་ལྷག་པར་རང་ཁུལ་གྱི་དཔལ་འབྱོར་དང་རིག་གནས། སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་རྣམ་པ་གསར་པར་བདེན་དཔང་བྱས་པ་རེད།

   བསྟུད་མར་ཉིན་འགའི་རིང་ལ་ཕྱི་རྒྱལ་གྱི་ཆེད་རམས་པ་དང་མཁས་དབང་རྣམ་པས་སྔོན་རྗེས་སུ་ལྕགས་ཟམ་རྫོང་དང་རྟའུ་རྫོང་དཔལ་སྨད་གྲོང་རྡལ་གྱི་རྒྱ་བོད་སྨན་ཁང་དང་མགར་ཐར་དགོན་པ། རོང་བྲག་རྫོང་གི་ཧྲུའེ་ཙེ་ཤང་ཞག་སྡོད་སློབ་གྲྭ གྱ་གྱུ་བོད་གྲོང་སོགས་ལ་རྟོག་ཞིབ་བྱས་པ་རེད། ས་གནས་རེར་སླེབས་དུས་ཡུལ་དེ་གའི་རྨང་གཞིའི་སྒྲིག་བཀོད་ལ་རྟོག་ཞིབ་བྱས་པ་དང་མི་རིགས་ཁག་གི་མང་ཚོགས་དང་ཁ་བརྡ་ལབ་རེས་བཅས་བྱས་ནས་རང་ཁུལ་གྱི་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དང་ཐོན་ལས་འཕེལ་རྒྱས་གཏོང་བ། དམངས་འཚོ་ལེགས་བཅོས་གཏོང་བ་བཅས་ཕྱོགས་གང་ཅིའི་ཐད་ལ་ཞིབ་ཕྲ་བལྟས་ནས་སྔར་ལྷག་གིས་དཀར་མཛེས་ཁུལ་གྱི་བོད་རིགས་ས་ཁུལ་ལ་ཆ་རྒྱུས་ཡང་དག་པ་བླངས་པ་རེད།། 


  • ལེ་ཚན་སྔོན་མ།:ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ནམ་རེད།
  • ལེ་ཚན་རྗེས་མ།:ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གིས་ཆེད་དོན་སློབ་སྦྱོང་ཚོ་ཆུང་འཚོགས་ཏེ་སློབ་སྦྱོང་ཆེན་པོ་དང་གྲོས་བསྡུར་ཆེན་པོ།བརྟག་ཞིབ་ཆེན་པོའི་བྱེད་སྒོའི
  • དོ་སྣང་ཆེ་བའི་རྩོམ།