གསེར་རྟ་ལ་དམངས་ཡོངས་ལུས་རྩལ་ལ་ཞུགས་པའི་བྱེད་སྒོ་སྤེལ།

གཡུ་མགོན་གྱིས།        2018-08-20

   དམངས་ཡོངས་ལུས་རྩལ་བྱེད་སྒོ་རུ་ཞུགས་པར་སྐུལ་སློང་དང་། རྒྱ་ཆེ་བའི་ལས་བྱེད་དང་ལས་བཟོ་བ་རྣམས་ཀྱི་ལས་ཞོར་གྱི་རིག་གནས་འཚོ་བ་སྔར་ལས་ཕུན་སུམ་ཚོགས་པོར་ཡོང་བ་དང་། གནད་སྨིན་དབུལ་སྐྱོར་གྱི་བགྲོད་ལམ་བདེ་བླག་ཡོང་བ། མཐུན་སྒྲིལ་འབད་བརྩོན་ཡོང་བ། རྒྱ་ཆེ་བའི་ལས་བྱེད་དང་ལས་བཟོ་བའི་གསར་གཏོད་ཀྱི་སྤྲོ་སེམས་བསླང་ཕྱིར། ཟླ་བ8པའི་ཚེས13ཉིན་གྱི་སྔ་དྲོར། ཀྲུང་གུང་གསེར་རྟ་རྫོང་ཨུ་དང་གསེར་རྟ་རྫོང་མི་དམངས་སྲིད་གཞུང་གིས་གཙོ་གཉེར་གནང་བ་དང་། རྫོང་རིག་སློབ་དང་ལུས་རྩལ་ཅུས། རྫོང་སྡོད་ཁང་འཛུགས་སྐྲུན་ཅུས་དང་རྫོང་རིག་གནས་རྒྱང་སྒྲོག་ཅུས་བཅས་ཀྱི་མཉམ་དུ་སྒྲུབ་འགན་ཁུར་བའི“འཛུགས་སྐྲུན་གཟེངས་བུམ”ཞེས་པའི་སྐྱེས་པའི་ལག་རྩེ་སྤོ་ལོ་འགྲན་སྡུར་འགོ་ཚུགས་པའི་མཛད་སྒོ་དེ་རྫོང་ཆ་ཚང་སློབ་ཆུང་གཉིས་པ་རུ་སྤེལ།

    དབུ་ཚུགས་མཛད་སྒོ་རུ་རྫོང་ཨུའི་འབྲེལ་ཡོད་འགོ་ཁྲིད་ཀྱིས་ཤིས་ཚིག་ཕུལ་བ་དང་། རིག་རྩལ་འཁྲབ་སྟོན་ཏེ་བཀྲ་ཤིས་པའི་གསེར་རྟ། བདེ་ཐང་གི་གསེར་རྟ། འཆམ་མཐུན་མཛེས་སྡུག་གི་གསེར་རྟ་བཅས་ཚན་པ་གསུམ་དུ་བགོས་ནས། བཅོས་བསྒྱུར་སྒོ་འབྱེད་བྱས་ཏེ་ལོ་ངོ་བཞི་བཅུའི་རིང་། རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་ཡང་དག་པའི་སྣེ་ཁྲིད་ལ་བརྟེན་ནས། རྫོང་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱི་མཐུན་སྒྲིལ་རོགས་རེས་དང་དཀའ་སྤྱད་སྡུག་རུས་བྱེད་པ། དབུལ་ཐར་འགག་སྒྲོལ་ཡོང་བར་བྱས་ནས་མཉམ་དུ་སྔར་ལས་ལྷག་པའི་གྲུབ་འབྲས་ལེགས་པོ་ཐོབ་པ་མངོན་པར་བྱས།

   ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་འགྲན་བསྡུར་བྱེད་སྒོ་འདི་ཚན་པ10བགོས་ཤིང་། རྫོང་གི་འབྲེལ་ཡོད་ལས་ཁུངས་དང་ཡུལ་ཤོག་སོ་སོ། གཞན་པའི་རུ་ཁག16དང་། ལས་བྱེད་ལས་བཟོ་བ200ལྷག་དང་ན་གཞོན་རུ་ཁག་བཅས་ཡོད་ལ། ཐེངས་འདིའི་འགྲན་སྡུར་གྱི་ཁེབས་རྒྱ་ཆེ་བར་མ་ཟད། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་ཤན་འབྱེད་པ་གདན་འདྲེན་ཞུས་ཡོད། དེ་ཡང་རྒྱ་ཆེའི་ལྟད་མོ་བ་རྣམས་ལ་འདྲ་མཉམ་དང་དྲང་བདེན། སྤྲོ་སེམས་དང་དཔལ་ཡོན་ལྡན་པའི་འགྲན་སྡུར་གྱི་ཁོར་ཡུག་ཅིག་བསྐྲུན་ཡོད།

   ཐེངས་འདིའི་འགྲན་སྡུར་ནི་རྫོང་ཡོངས་ཀྱི་གོང་འོག་བར་གསུམ་གྱིས་མཐུན་སྒྲིལ་རོགས་རེས་བྱས་ཤིང་། དབུལ་ཐར་འགག་སྒྲོལ་ཡོང་བར་འབད་པའི་དུས་སྐབས་སུ་སྤེལ་བའི་ལུས་རྩལ་བྱེད་སྒོ་ཞིག་ཡིན་པ་དང་། རྫོང་གི་ཚོགས་པ་ཆེན་པོ་བཞི་དང་། རྫོང་རིམ་པའི་འབྲེལ་ཡོད་ལས་ཁུངས། ཡུལ་གྲོང་སོ་སོའི་འཐུས་ཚབ་སྡེ་ཁག་དང་རོགས་སྐྱོར་ཁེ་ལས་སྡེ་ཁག དྲག་ཆས་དམག་དཔུང་དང་རྒྱུན་སྡོད་དམག་དཔུང་།སློབ་སྟོན་པ་དང་ཤན་འབྱེད་པ། ལས་བྱེད་དང་མང་ཚོགས་བཅས་མི་གྲངས1300ལྷག་ཞུགས་པ་རེད།།


  • ལེ་ཚན་སྔོན་མ།:བཟའ་ཚང་གཉིས་ཀ་དང་ཡང་ན་ཅིག་ཤོས་ཞིང་འབྲོག་པ་ཡིན་ན་བུ་ཕྲུག་གསུམ་སྐྱེས་ཆོག
  • ལེ་ཚན་རྗེས་མ།:ཁྲེང་ཏུའུ་གྲོང་ཁྱེར་ཞིན་ཏུའུ་ཆུས་ཀྱིས་ལི་ཐང་རྫོང་ལ་སྤྱི་སྤྱོད་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཞལ་འདེབས་ཕུལ།
  • དོ་སྣང་ཆེ་བའི་རྩོམ།