དཔལ་ཡུལ་རྫོང་གིས་ཡུལ་སྐོར་ལས་རིགས་ཀྱི་མི་སྣར་གསོ་སྦྱོང་བྱས།

དབྱངས་ཅན་གྱིས་བསྒྱུར།        2018-08-15

   མིག་སྔར་དཔལ་ཡུལ་རྫོང་གིས་སྡེ་ཁག་མང་པོ་དང་མཉམ་འབྲེལ་བྱས་ཏེ2018ལོའི་ཡུལ་སྐོར་ལས་རིགས་ཀྱི་མི་སྣ་དང་ཚོགས་དོན་དང་བླངས་ཞབས་ཞུའི་འཇོན་ནུས་ཇེ་དྲག་གཏོང་བའི་གསོ་སྦྱོང་འཛིན་གྲྭ་བཙུགས་པ་རེད།

   གསོ་སྦྱོང་བྱེད་སྒོ་དེས་དངོས་ཕན་ཐོབ་པར་ཁག་ཐེག་བྱ་ཆེད། རྫོང་དེས་སི་ཁྲོན་ཡུལ་སྐོར་སློབ་གླིང་གི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པའི་དགེ་རྒན་ཆེན་མོ་དང་འཆད་འཁྲིད་དགེ་རྒན་གདན་འདྲེན་ཞུས་ནས་ཡུལ་དངོས་སུ་སློབ་ཁྲིད་བྱས་ཤིང་། རིགས་གཞུང་སློབ་ཁྲིད་དང་། དོན་དངོས་བཀོལ་སྤྱོད། ཕན་ཚུལ་བཀོལ་སྤྱོད། ཕྱོགས་བསྡུས་དཔྱད་ཞིབ་ཚད་བསྡུར་སོགས་ཀྱི་བྱེད་སྟངས་སྤྱད་ནས། རྒྱ་ཆེ་བའི་སློབ་མ་དག་ལ་ཡུལ་སྐོར་ཞབས་ཞུའི་འབྲེལ་ཡོད་འཇོན་ནུས་སློབ་ཁྲིད་བྱས་པ་རེད།

   སློབ་མཇུག་སྒྲིལ་བའི་མཛད་སྒོའི་ཐོག་ད་ལོའི་ཁྱད་ཆོས་ལྡན་པའི་ཡུལ་སྐྱོར་གྱི་ཁྱད་བཏགས་གྲགས་ཅན་གྱི་མགྲོན་ཁང་ལ་སྒོ་བྱང་སྤྲད་ནས། དངོས་སུ་བཀོལ་སྤྱོད་འགྲན་བསྡུར་བྱེད་པའི་ཁྲོད་མགྲོན་ཁང་གི་འཇོན་ནུས་ཚོ་ཆུང་དང་། བཟའ་བཅའི་འཇོན་ནུས་ཚོ་ཆུང་གི་ཕུལ་བྱུང་དཔེ་འོས་འཇོན་ནུས་མི་སྣ་དང་། འཇོན་ནུས་དཔེ་འོས་མི་སྣ། ཕུལ་བྱུང་སློབ་མ་སོགས་ལ་གཟི་བརྗིད་མཚན་སྙན་གྱི་ལག་ཁྱེར་སྤྲད་པ་རེད།

   ཚྭ་ཆེན་སུམ་མདོ་མགྲོན་ཁང་དུ་ཆང་ཁང་གི་དོ་དམ་ལས་ཀ་བསྒྲུབས་ནས་ལོ་ལྔའི་ཉམས་མྱོང་ཡོད་མཁན་ལི་མའོ་ཧྭ་ཡིས་གསོ་སྦྱོང་གྲོས་ཚོགས་མཇུག་སྒྲིལ་རྗེས། སྔོན་མར་མགྲོན་ཁང་གིས་གསོ་སྦྱོང་བྱེད་སྒོ་སྤེལ་མྱོང་ཡང་ནང་དོན་དེ་ཙམ་ཆ་ཚང་མིན་པ་རེད། ཐེངས་འདིར་ཡུལ་སྐོར་སློབ་གླིང་གི་དགེ་རྒན་ཚོ་གསོ་སྦྱོང་བྱེད་སར་འོངས་ནས་མགྲོན་ཁང་ཁྲོད་ཀྱི་ཞབས་ཞུ་ཤེས་བྱ་མང་པོ་བསླབས་ནས་ཕན་འབྲས་ཆེན་པོ་ཐོབ་པ་རེད་ཅེས་བཤད།།


  • ལེ་ཚན་སྔོན་མ།:གསེར་ཐར་རྫོང་སྤྱི་བདེ་ཅུས་ཀྱིས་འགྲིམ་འགྲུལ་ཉེན་མེད་ཡོང་བར་ཤུགས་སྣོན་བརྒྱབ།
  • ལེ་ཚན་རྗེས་མ།:ལི་ཐང་འབྲོག་པས་ནོར་གནག་གི་ཁུ་ལུ་བཙོངས་ནས་ཡོང་འབབ་འཕར་སྣོན་གཏོང་།
  • དོ་སྣང་ཆེ་བའི་རྩོམ།