སི་ཁྲོན་དང་ཀོང་ཏུང་ཤར་ནུབ་དབུལ་སྐྱོར་རོགས་ལས་དང་ཁ་གཏད་རོགས་སྐྱོར་མཉམ་འབྲེལ་གྲོས་ཚོགས་ཐེངས་གསུམ་པར་དར་མདོར་འཚོགས། 

སྐལ་ཐུབ་ཀྱིས་བསྒྱུར།        2018-08-13

   སྤྱི་ཟླ8པའི་ཚེས5ཉིན། སི་ཁྲོན་དང་ཀོང་ཏུང་ཤར་ནུབ་དབུལ་སྐྱོར་རོགས་ལས་དང་ཁ་གཏད་རོགས་སྐྱོར་མཉམ་འབྲེལ་གྲོས་ཚོགས་ཐེངས་གསུམ་པར་དར་མདོར་འཚོགས་པ་རེད། སི་ཁྲོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱི་ལི། ཀོང་ཏུང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་མཱ་ཞིང་རུའེ་གྲོས་ཚོགས་སུ་ཞུགས་ཤིང་གསུང་བཤད་གནང་བ་རེད།

  སི་ཁྲོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭས་མངགས་བཅོལ་གནང་བ་ལྟར་ཞིང་དཔོན་དབྱི་ལིས་ཞིང་ཆེན་ཏང་ཨུའི་དང་སྲིད་གཞུང་གི་ཚབ་མཛད་དེ་ཀོང་ཏུང་ཞིང་ཆེན་གྱིས་རོགས་སྐྱོར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུས་པ་རེད། དབྱི་ལིས་ཀོང་ཏུང་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིང་ཕིང་གིས་དབུལ་ཐར་འགག་སྒྲོལ་ལས་མཐའ་གཅིག་ཏུ་རྒྱལ་ཁ་འཐོབ་དགོས་པའི་བླང་བྱ་དོན་འཁྱོལ་མཐར་ཕྱིན་བྱས་ཤིང་། ཤར་ནུབ་དབུལ་སྐྱོར་རོགས་ལས་དང་ཁ་གཏད་རོགས་སྐྱོར་ལས་ཀར་མཐོང་ཆེན་དང་ཧུར་ཐག་སྤེལ་བར་བརྟེན། དཀར་མཛེས་བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་སྤེལ་ཤུགས་ཆེན་ཐེབས་པ་རེད། སི་ཁྲོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིང་ཕིང་གི་བཀའ་སློབ་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་དང་ལག་ལེན་བྱས་ཏེ། སྔར་ལས་ཀོང་ཏུང་གི་འབྲེལ་ཡོད་ཕྱོགས་དང་སྤེལ་རེས་རོགས་ལས་བྱེད་ཤུགས་ཆེ་རུ་གཏོང་ཞིང་། ཞིང་ཆེན་གཉིས་ཀྱི་དབུལ་སྐྱོར་རོགས་ལས་དང་ཁ་གཏད་རོགས་སྐྱོར་ལས་ཀའི་བཞུགས་མོལ་གྲོས་ཚོགས་དང་དབུལ་སྐྱོར་རོགས་ལས་གྲོས་ཡིག་ཐོག་གཏན་འབེབས་བྱས་པའི་དོན་ཚན་ཁག་དོན་ཐོག་འཁྱོལ་བར་སྐུལ་འདེད་མཉམ་གཏོང་བྱེད་ཅིང་། དམངས་འཚོ་འགན་སྲུང་དང་རིག་སྟོབས་རོགས་སྦྲེལ་བྱེད་ཤུགས་ཆེ་རུ་གཏང་རྒྱུ་དང་། ལས་གཞི་གལ་ཆེན་ལ་སྐུལ་འདེད་ཧུར་ཐག་གཏོང་བ། ཐོན་ལས་རོགས་ལས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། སྤེལ་རེས་མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་སྐྱེད་གཏོང་བ་བཅས་ཕྱོགས་སོ་སོའི་ལས་ཀར་གོང་འཕེལ་གསར་པ་དང་ཕན་འབྲས་གསར་པའི་ཐོག་ནས་སི་ཁྲོན་དང་ཀོང་ཏུང་ཕན་ཚུན་བར་ཁེ་ཕན་མཉམ་ཐོབ་ཀྱི་མཉམ་ལས་རྒྱུན་མཐུད་དེ་ཟབ་སྤེལ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད། 

   དབྱི་ལིས་དཀར་མཛེས་ཁུལ་དང་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག་གིས་དྲིན་དྲན་བརྩོན་སྐྱེད་ཀྱིས་ལས་ཀ་ཁག་དོན་ཐོག་འཁྱོལ་བར་བྱས་ཏེ། ཀོང་ཏུང་ཞིང་ཆེན་གྱིས་རོགས་སྐྱོར་གནང་བ་དེ་ས་གནས་ཀྱི་འཕེལ་རྒྱས་ཕན་འབྲས་སུ་བསྒྱུར་གང་ཐུབ་བྱེད་པ་དང་ཆབས་ཅིག ཀོང་ཏུང་གི་བོད་སྐྱོར་ཤེས་ལྡན་མི་སྣ་ལ་སེམས་ཁུར་བྱས་ནས་ལས་སྒྲུབ་ཐད་ཀྱི་འགན་སྲུང་གང་ལེགས་བྱ་དགོས། དཀར་མཛེས་ཁུལ་གྱི་རིམ་ཁག་གི་ལས་བྱེད་པས་ཀོང་ཏུང་གི་ལས་བྱེད་པའི་སྤོབས་པ་ཆེར་སྐྱེད་ཀྱི་བཅོས་བསྒྱུར་གསར་གཏོད་ཀྱི་སྙིང་སྟོབས་དང་དོ་དན་དོ་གཉེར་གྱི་ལས་ཀའི་སྤྱོད་ཚུལ་སློབ་སྦྱོང་བྱས་ཏེ་རང་རེའི་ཞིང་ཆེན་བོད་ཁུལ་གྱི་འཕེལ་རྒྱས་དང་དམངས་འཚོ། བརྟན་བརླིང་བཅས་ཀྱི་ལས་ཀ་སྔར་བས་ཡག་པོར་བསྒྲུབ་ཐུབ་པའི་འཇོན་ནུས་ཇེ་ཆེར་གཏང་དགོས་ཞེས་པའི་ཐུགས་རེ་གནང་བ་རེད། 

    ཀོང་ཏུང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལི་ཞིའི་མངགས་བཅོལ་ལྟར་མཱ་ཞིང་རུའེ་ཡིས་ཀོང་ཏུང་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་ཚབ་མཛད་དེ་སི་ཁྲོན་ཞིང་ཆེན་གྱིས་དུས་ཡུན་རིང་པོར་ཀོང་ཏུང་གི་བཅོས་བསྒྱུར་འཕེལ་རྒྱས་ཐད་ལ་གནང་བའི་རྒྱབ་སྐྱོར་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་ཤིང་། ཁོང་གིས་ནན་གསུང་གནང་དོན། ཀོང་ཏུང་གིས་དཀར་མཛེས་ཁུལ་གྱི་དབུལ་སྐྱོར་འགག་སྒྲོལ་ལས་ཀའི་གཙོ་གནད་དང་དཀའ་གནད་ལ་དེ་བས་ཀྱང་དམིགས་ནས་དམངས་འཚོའི་ཐད་ཀྱི་རོགས་འཛུགས་ཡག་པོ་བྱ་རྒྱུ་ལྷོད་དུ་མི་གཏོང་བར་རྒྱུན་འཁྱོངས་དང་། ཐོན་ལས་རོགས་འཛུགས་ལ་སྐུལ་འདེད་ཤུགས་ཆེན་གཏོང་ཞིང་། རིག་སྟོབས་རོགས་འཛུགས་ལ་སྔར་བས་དོ་ཁུར་བྱེད་ཅིང་། སྤེལ་རེས་དང་འབྲེལ་འདྲིས། མཉམ་འདྲེས་བཅས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དམིགས་ཕུགས་རིང་པོར་བསྲིངས་ཏེ་ཁ་གཏད་རོགས་འཛུགས་ཀྱི་ལས་ཀའི་ནང་སྲོལ་འཐུས་ཚང་དུ་གཏོང་བ། རོགས་འཛུགས་ལས་གཞིར་མཉམ་འབྲེལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་ཆེར་གཏོང་ཞིང་། སྤྱི་ཚོགས་ཀྱི་དབུལ་སྐྱོར་ཞལ་འདེབས་ལམ་ལུགས་འཐུས་ཚང་དུ་བཟོ་བ་བཅས་ཀྱིས་ཐོག་མཐའ་བར་གསུམ་དུ་ངར་སེམས་དང་སྤྲོ་བ་ཆེན་པོས་དཀར་མཛེས་ཁུལ་ལ་རོགས་སྐྱོར་ལས་ཀ་སྤེལ་ཐེངས་དང་པོའི་མཇུག་ཡོངས་སུ་བསྒྲིལ་ཐུབ་པར་བྱས་ནས་ཁ་གཏད་རོགས་འཛུགས་ལས་ཀ་ཁག་རྒྱལ་ཡོངས་ཀྱི་མདུན་གྲས་སུ་སླེབས་པར་ཁག་ཐེག་བྱ་རྒྱུ་ཡིན། 

   ཚོགས་ཐོག་འབྲེལ་ཡོད་ལས་ཁུངས་ཕན་ཚུན་བར་འཐབ་ཇུས་མཉམ་ལས་གྲོས་ཆིངས་བཞག་པ་དང་། ཚོགས་འདུ་གྲོལ་རྗེས་དབྱི་ལི་དང་མཱ་ཞིང་རུའེ་ཡིས་ཀོང་ཏུང་རོགས་སྐྱོར་ལས་བྱེད་པར་འཚམས་འདྲི་གནང་བ་རེད། ཚེས3ནས6ཉིན་གྱི་བར།    མཱ་ཞིང་རུའེ་དང་བཅས་པ་ལྕགས་ཟམ་རྫོང་དང་རོང་བྲག རྟའུ། དར་མདོ་བཅས་སུ་རོགས་འཛུགས་ལས་གཞིར་རྟོག་ཞིབ་གནང་བ་དང་ཆབས་ཅིག་དབུལ་ཕོངས་མང་ཚོགས་ལ་འཚམས་འདྲི་ཡང་ཞུས་པ་རེད།

 ཞིང་ཆེན་གྱི་འབྲེལ་ཡོད་འགོ་ཁྲིད་དང་ཁུལ་འགོ་ཁྲིད་རྒན་གཞོན་གྲོས་ཚོགས་སུ་ཞུགས་ཤིང་རྟོག་ཞིབ་ལྷན་ཕེབས་གནང་བ་རེད།


  • ལེ་ཚན་སྔོན་མ།:ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་ནག་སེལ་གཤེད་འཇོམས་ཆེད་དོན་འཐབ་འཛིང་ལས་ཀར་ལྟ་སྐུལ་ཁྲིད་སྟོན་བྱེད་པར་དང་ལེན་བྱ་དགོས།
  • ལེ་ཚན་རྗེས་མ།:བེ་ཤའི་ཐོན་ལས་ལ་བརྟེན་ནས་ཕྱུག་འགྱུར་གྱི་ཐམས་ལམ་རྒྱ་སྐྱེད་བཏང་།
  • དོ་སྣང་ཆེ་བའི་རྩོམ།