རུ་སྟར་གྲུ་བཞི་ཆུང་ཆུང་ཐོག་ནས་དམག་དཔུང་གི་རྔམ་བརྗིད་ལྡན་པའི་རང་མདངས་མཚོན།

དབྱངས་ཅན་གྱིས་བསྡུས་བསྒྱུར་བྱས།        2018-08-10

   ད་ལོ་ནི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ91འཁོར་བ་རེད། ལོ91སྔོན་གྱི་སྤྱི་ཟླ8པའི་ཚེས1ཉིན། ཀྲུང་གོ་མི་དམངས་བཅིངས་དམག་བཙུགས་པའི་དུང་བརྡ་ནན་ཁྲང་དུ་གྲགས་པ་རེད། ཀྲོའུ་ཨེན་ལའེ་དང་ཧོ་ལུང་། ཡེ་ཐིང་། ཀྲུའུ་ཏེ། ལིའུ་པོ་ཁྲེང་སོགས་ཀྱིས་བྱང་འདུལ་དམག་མི་ཁྲི་གཉིས་ལྷག་སྣེ་ཁྲིད་ནས་ནན་ཁྲང་དུ་འོས་ལངས་བྱས་ནས། གོ་མིང་ཏང་ལོག་སྤྱོད་ཕྱོགས་ཁག་ལ་ཕར་རྒོལ་བྱས་མཐར། ཏང་གིས་རང་ཚུགས་སུ་དབུ་ཁྲིད་མཛད་པའི་གསར་བརྗེའི་དྲག་ཆས་འཐབ་རྩོད་བྱེད་འགོ་ཚུགས།དེ་ནས་བཟུང་གུང་ཁྲན་ཏང་གིས་རང་ཚུགས་སུ་དབུ་ཁྲིད་མཛད་པའི་མི་དམངས་དམག་དཔུང་གསར་པ་བཙུགས་པ་རེད། བརྒྱད་གཅིག་གི་ཨང་རྟགས་ཡོད་པའི་དམག་དར་གྱི་སྦྲག་རྟགས་རེ་རེ་བཞིན་དུ་བལྟས་ཚེ།ང་ཚོ་བརྗིད་ཉམས་ལྡན་པའི་ལོ་རྒྱུས་ཀྱི་རི་མོར་ཡང་དུ་སླེབས་ཟིན་པ་དང་ཀུན་ནས་མཚུངས།

    རང་རྒྱལ་དུ་བརྒྱད་གཅིག་དམག་དར་གྱི་སྦྲག་རྟགས་ཆེས་ཐོག་མར་དེ1949ལོའི་སྤྱི་ཟླ8པའི་ཚེས1ཉིན་ཐོན་པ་རེད། བཅིངས་འགྲོལ་བཏང་བའི་ཧྲང་ཧའེ་ཧྭ་ཏུང་མི་དམངས་སྦྲག་སྲིད་ཁང་གིས《ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ22འཁོར་བར》ཁ་སྐད་དུ《ཧྭ་ཏུང་དཔུང་འཇུག་རི་མོའི》སྦྲག་རྟགས་ (རི་མོ་དང་པོ)འགྲེམ་སྤེལ་བྱས་པ་དང་། ཆ་གཅིག་ལ་རི་མོ་ལྔ་ཡོད་པ་དེའི་རི་མོའི་ཚོན་མདོག་དང་རིན་ཐང་མི་འདྲ་བ་རེད། སྦྲག་རྟགས་གཡས་པའི་སྟོད་ཕྱོགས་སུ་ཀྲུའུ་ཞི་མའོ་ཙེ་ཏུང་དང་དམག་སྤྱི་ཆེན་པོ་ཀྲུའུ་ཏེ་ལགས་ཀྱི་དབུ་པར་ཡིན་པ་རེད། སྨད་ཕྱོགས་སུ་མི་དམངས་དམག་དཔུང་གིས་བརྒྱད་གཅིག་དམག་དར་ཞིག་མཐོན་པོར་སྒྲེང་བཞིན་པའི་མཚོན་ཚུལ་རེད། ལོ་དེའི་ཟླ་བ12པར་ལྷོ་ནུབ་ས་ཁུལ་གྱི་མི་དམངས་སྦྲག་སྲིད་ཁང་གིས་ཡང་དུ་ཆ་གཅིག་ལ་རི་མོ་བཅུ་གཅིག་ཡོད་པའི་ལྷོ་ནུབ་དཔུང་འཇུག་རི་མོ་འདྲ་མཚུངས་ཆ་གཅིག་གི་སྦྲག་རྟགས(རི་མོ་གཉིས་པ།)འགྲིམ་སྤེལ་བྱས་པ་རེད།།

    1977ལོའི་ཟླ་བ8པའི་ཚེས1ཉིན། སྔོན་མའི་ཡིག་སྐྱེལ་གློག་འཕྲིན་པུའུ་ཡིས《ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ50འཁོར་བར》དྲན་གསོ་ཞུ་བའི་སྦྲག་རྟགས་འགྲེམ་སྤེལ་བྱས་པ་རེད། དེའི་ནང་གི་རི་མོ་བཞི་པར་སྟོབས་ལྡན་དམག་དཔུང་ཆུ་བོར་བརྒལ་བའི(རི་མོ3པ)རི་མོའི་ཁྲོད། འཐབ་འཛིང་པ་ཞིག་གིས་བརྒྱད་གཅིག་རྟགས་ཅན་གྱི་དམག་དར་བསྒྲེངས་ནས་ཆུ་བོར་བརྒལ་ཏེ་དཔུང་སྡེའི་སྔོན་དུ་གདོང་མཆོང་བྱེད་བཞིན་པའི་མཚོན་ཚུལ་རེད།

    1987ལོའི་སྤྱི་ཟླ8པའི་ཚེས1ཉིན། སྔོན་མའི་ཡིག་སྐྱེལ་གློག་འཕྲིན་པུའུ་ཡིས《ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ60འཁོར་བར》དྲན་གསོ་ཞུ་བར་རི་མོ་བཞི་ཡོད་པའི་སྦྲག་རྟགས་ཆ་གཅིག་འགྲིམ་སྤེལ་བྱས་པ་རེད།དེའི་ནང་རི་མོ་དང་པོར་དམག་མིའི་བླ་སྲོག་ཅེས་པར(རི་མོ4ཡོད)སྦྲག་རྟགས་ཐོག་མིག་དབང་འཕྲོག་པའི་བརྒྱད་གཅིག་དམག་དར་ལྷབ་ལྷུབ་ཏུ་གཡོ་བཞིན་པ་དང་། དར་དམར་གྱི་འོག་ཏུ་ལེ་དབར་ཁྲི་ལྡན་གྱི་གཡུ་འབྲུག་ལྡིང་བའི་སྟངས་སྟོབས་ཀྱི་ལྕགས་རི་རིང་པོ་དེ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ནི་མེས་རྒྱལ་དང་མི་དམངས་སྲུང་སྐྱོང་བྱེད་པའི་ངར་ལྕགས་ལྟ་བུའི་ཡིན་པ་མཚོན་པ་རེད།

    1995ལོའི་སྤྱི་ཟླ8པའི་ཚེས1ཉིན། སྔོན་མའི་ཡིག་སྐྱེལ་གློག་འཕྲིན་པུའུ་ཡིས་འོས་འགན་དམག་མིས་ཆེད་དུ་སྤྱོད་པའི་སྦྲག་རྟགས་ཆ་གཅིག་གི་རི་མོ་གཅིག(རི་མོ5པ)ཚོད་ལྟ་འགྲེམ་སྤེལ་བྱས་པ་དང་སྦྲག་རྟགས་ཀྱི་མིང་ལ་བླ་ན་མེད་པའི་འགན་འཁྲི་ཟེར། འོད་ཟེར་ཕྱོགས་ཀུན་ཁྱབ་པའི་བརྒྱད་གཅིག་དམག་དར་གྱིས་རི་མོའི་རྒྱབ་ལྗོངས་བྱས་ཏེ། དེང་རབས་ཅན་གྱི་གནམ་གྲུ་དང་། ཐན་ཁེ། མེ་མདའ་དང་ཞི་བདེ་མཚོན་བྱེད་ཀྱི་ཕུག་རོན་སོགས་ཀྱིས་ཟུར་རྒྱན་དུ་བསྒྲིགས་ཡོད་པ་རེད། རི་མོའི་ངོས་ལ་རྔམ་བརྗིད་ལྡན་པའི་རྐང་དམག་དང་མཚོ་དམག མཁའ་དམག་བཅས་ཡོད་པ་རེད། དེ་དག་གིས་རང་རེའི་དམག་དཔུང་དེ་ངར་ལྕགས་ལས་གྲུབ་པའི་ལྕགས་རི་རིང་པོ་དང་མཚུངས་ཏེ། རྒོལ་ཚད་གཏོར་ཐུབ་པ་དང་འཐབ་ཚད་རྒྱལ་ཐུབ་པའི་བསམ་པའི་ཉམས་འགྱུར་མཚོན་ཡོད་པ་རེད།

    2009ལོའི་སྤྱི་ཟླ10པའི་ཚེས1ཉིན། ཀྲུང་གོའི་སྦྲག་སྲིད་ཁང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ60འཁོར་བར་རྒྱལ་ཁབ་ཀྱིས་དགའ་སྟོན་རྟེན་འབྲེལ་ཞུས་ནས་རྒྱལ་སར་དམག་གཟིགས་མཛད་བཞིན་པའི》དྲན་གསོ་ཞུ་བའི་རི་མོ4ཡི་སྦྲག་རྟགས་ཆ་གཅིག་འགྲེམ་སྤེལ་བྱས། དེའི་ནང་རི་མོ་དང་པོར་རྐང་ཐང་དུ་རུ་སྟར་གྲུ་བཞི་བསྒྲིགས་ནས་འགྲོ་བཞིན་པའི(རི་མོ6པ)རི་མོའི་ནང་ཀྲུང་གོ་མི་དམངས་བཅིངས་འགྲོ་དམག་མིའི་གཟབ་སྦྲེང་རུ་ཁག་གི་དམག་དར་འཛིན་མཁན་དང་དམག་དར་སྐྱོང་མཁན་གྱིས་དམག་དར་འོག་དམག་མིའི་གུས་འདུད་ཞུ་བཞིན་པའི་མཚོན་ཚུལ་རེད།

    2017ལོའི་སྤྱི་ཟླ6པའི་ཚེས20ཉིན། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྦྲག་ཁང་གིས་《ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ཞང་ཀང་དུ་དཔུང་འཇུག་བྱས་ནས་ལོ་ཉི་ཤུ་འཁོར་བའི》རྔམ་བརྗིད་དང་ཡ་རབས་ཚུལ་ལྡན་མཚོན་པའི་སྦྲག་རྟགས་ཆུང་གྲས(རི་མོ7པ)འགྲེམ་སྤེལ་བྱས།སྦྲག་རྟགས་ཀྱི་རི་མོ་གཙོ་བོ་དེ་བརྒྱད་གཅིག་དམག་དར་གྱི་ཁྲིད་སྟོན་འོག ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་རྐང་དམག་དང་།མཚོ་དམག མཁའ་དམག་བཅས་ཀྱི་གཟབ་སྦྲེང་རུ་ཁག་གི་རྔམ་བརྗིད་ལྡན་པའི་ཉམས་འགྱུར་ངོམ་པ་རེད།

    2017ལོའི་ཟླ་བ8པའི་ཚེས1ཉིན། ཀྲུང་གོའི་སྦྲག་ཁང་གིས《ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ90འཁོར་བར》དྲན་གསོ་ཞུ་བར་ཏང་གི་བཀོད་འདོམས་ཉན་པའི་སྦྲག་རྟགས་ཆུང་གྲས་(རི་མོ8)འགྲེམ་སྤེལ་བྱས། སྦྲག་རྟགས་ཀྱི་རི་མོའི་ཐོག་བརྒྱད་གཅིག་དམག་དར་ལྷབ་ལྷུབ་ཏུ་གཡོ་བཞིན་པ་དང་། དམག་རིགས་སྣ་ཚོགས་དཔའ་ཉམས་གྲུང་ཤ་དོད་པ། རྒྱབ་ལྗོངས་སུ་དམག་རིགས་སྣ་ཚོགས་ཀྱི་སྒྲིག་ཆས་རྩེ་གྲས་ངོམ་པ་དང་། རང་རེའི་འཐབ་འཛིང་པའི་མཉམ་འབྲེལ་དམག་འཐབ་ཀྱི་རི་མོ་བྲིས་ནས། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་རྔམ་བརྗིད་ལྡན་པའི་ཉམས་འགྱུར་དང་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མཚོན་པར་མ་ཟད། ཏང་གི་བཀོད་འདོམས་འོག་མི་དམངས་དམག་དཔུང་གིས་བསམ་པ་རྣམ་དག་གིས་མེས་རྒྱལ་དང་ཞི་བདེ་སྲུང་སྐྱོང་བྱེད་པའི་བླ་ན་མེད་པའི་འགན་འཁྲི་ལག་བསྟར་བྱེད་ཚུལ་མཚོན་ཡོད་པ་རེད།།


  • ལེ་ཚན་སྔོན་མ།: 2019ལོར་མཚོ་ལའི་ཕུག་ལམ་དུ་རླངས་འཁོར་གཏོང་ཆོག
  • ལེ་ཚན་རྗེས་མ།:ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་ནག་སེལ་གཤེད་འཇོམས་ཆེད་དོན་འཐབ་འཛིང་ལས་ཀར་ལྟ་སྐུལ་ཁྲིད་སྟོན་བྱེད་པར་དང་ལེན་བྱ་དགོས།
  • དོ་སྣང་ཆེ་བའི་རྩོམ།