འབའ་ཐང་རྫོང་གིས་སྤྱི་ཚོགས་ཉེན་འགོག་འགན་ལེན་གྱི་དབུལ་སྐྱོར་ལས་ཀའི་ནང་རྐྱེན་འཐུས་སྒོ་ཚང་དུ་བཏང་།

དབྱངས་ཅན་གྱིས་བསྒྱུར།        2018-07-30

    ཞིང་ཆེན་དང་ཁུལ་གྱི་ད་ལོའི་སྤྱི་ཚོགས་ཉེན་འགོག་འགན་ལེན་གྱི་དབུལ་སྐྱོར་ལས་ཀའི་འཆར་འགོད་ཀྱི་སྙིང་དོན་ལག་བསྟར་དོན་འཁྱོར་མཐའ་ཕྱིན་བྱ་ཆེད། འབའ་ཐང་རྫོང་གིས་ཞིང་ཆེན་དང་ཁུལ།རྫོང་བཅས་ཀྱི་ཏང་ཨུ་དང་སྲིད་གཞུང་གི་གཅིག་གྱུར་གྱི་བཀོད་སྒྲིག་ནན་པོ་ལྟར། བྱེད་ཐབས་སྣ་མང་སྤྱད་ནས་སྤྱི་ཚོགས་ཉེན་འགོག་འགན་ལེན་གྱི་དབུལ་སྐྱོར་ལས་ཀ་སྤེལ་བ་རེད།

   རྫོང་དེས་བདེ་བླག་ངང་སྲིད་གཞུང་གིས་ཚབ་སྤྲོད་བྱེད་རོགས་ཀྱི་ཆ་རྐྱེན་དང་མཐུན་པའི་དབུལ་ཕོངས་མི་སྣ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་རྒན་གསོ་ཉེན་འགོག་འགན་ལེན་ནང་ཞུགས་པའི་ལས་སྒོའི་མ་ལག་ཁྲོད་ཀྱི་ཚབ་སྤྲོད་ལས་ཀ་དེ་ལེགས་འགྲུབ་བྱུང་བ་རེད། སྲིད་གཞུང་གིས་ཚབས་སྤྲོད་བྱེད་རོགས་ཀྱི་ཆ་རྐྱེན་དང་མཐུན་པའི་མི་གྲངས་ཁྱོན་བསྡོམས6644ཞིབ་བཤེར་གཏན་འབེབས་དང་ལས་སྒོའི་མ་ལག་གི་ཁོངས་སུ་འཇོག་ཐུབ་པ་བྱས། དེའི་ནང་ཡིག་ཚགས་བྱང་བུ་བཟོས་པའི་དབུལ་ཕོངས་ལས་ཐར་བའི་མཆན་རྟགས་བཀོད་མེད་པའི་མི་གྲངས1409དང་།མ་མཐའི་འཚོ་རྟེན་འགན་སྲུང་གི་མི་གྲངས5007 ཆེས་དཀའ་ངལ་ཡོད་པའི་མི་གྲངས223བཅས་དང་། དབང་པོར་སྐྱོན་ཅན་ཚབས་ཆེན་ཡིན་པའི་མི་གྲངས401ཡོད་པ་དང་མི་སྣ་འགའ་ཐོབ་ཐང་སྣ་མང་གི་ཁོངས་སུ་གཏོགས་པ་རེད། ལས་འཁྱུར་ངལ་གསོའི་ལོ་ཚོད་ལོན་པའི་མི་སྣ་ཡོངས་སུ་གཙང་བཤེར་བྱས་ཏེ་དུས་ཐོག་ཏུ་རྒན་གསོ་མ་དངུལ་ལེན་པའི་འགྲོ་ལུགས་གསབ་སྤྲོད་དང་སྒྲུབ་གཉེར་བྱས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་རྒན་གསོ་ཉེན་འགོག་འགན་ལེན་གྱི་ལོ་ཚོད་ལོན་པའི་ལས་འཁྱུར་ངལ་གསོའི་མི་སྣ་དང་ལོ60ཡན་གྱི་རྒན་གསོ་ཉེན་འགོག་འགན་ལེན་གྱི་གྲོན་དངུལ་གསབ་སྤྲོད་དང་རྒན་གསོ་མ་དངུལ་ལེན་མཁན་གྱི་དབུལ་ཕོངས་མི་གྲངས་ཁྱོན་བསྡོམས2866ཡོད་པ་རེད།

   མིག་སྔའི་བར་དུ་སླེབས་དུས། རྫོང་དེས་ལེགས་འགྲུབ་ངང་ལོ16ནས59བར་གྱི་ཚབས་སྤྲོད་བྱེད་རོགས་ཀྱི་ཆ་རྐྱེན་དང་མཐུན་པའི་དབུལ་ཕོངས་མི་སྣ་དང་ལོ60ཡན་ལ་ལས་འཁྱུར་ངལ་གསོ་གྱི་འགྲོ་ལུགས་སྒྲུབ་གཉེན་བྱེད་པ་སོགས་ལ་སྤྱི་ཚོགས་ཉེན་འགོག་འགན་ལེན་གྱི་དབུལ་སྐྱོར་ལས་ཀ་སྒྲུབ་གཉེར་བྱས་པ་རེད།། 


  • ལེ་ཚན་སྔོན་མ།:གསེར་ཐར་རྫོང་གིས་ཟས་རིགས་ཉེན་མེད་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:2018ལོའི་རྒྱལ་སྤྱིའི་དར་མདོའི་མཛའ་གཞས་རོལ་དབྱངས་དུས་ཆེན་གྱི་གསར་འགྱུར་ཁྱབ་སྤེལ་གྲོས་ཚོགས་ཁྲེང་ཏུའུ་རུ་འཚོག་རྒྱུ་རེད།
  • དོ་སྣང་ཆེ་བའི་རྩོམ།