ཁུལ་ཨུའི་ཏང་འཛུགས་འགོ་ཁྲིད་ཚོ་ཆུང་གིས2018ལོའི་གྲོས་ཚོགས་ཐེངས་གཉིས་པ་འཚོགས།

བདེ་སྐྱིད་ཀྱིས་བསྒྱུར།        2018-07-25

    སྤྱི་ཟླ7པའི་ཚེས16ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཏང་འཛུགས་འགོ་ཁྲིད་ཚོ་ཆུང་གིས2018ལོའི་གྲོས་ཚོགས་ཐེངས་གཉིས་པ་དེ་དར་མདོར་འཚོགས་པ་རེད།

    ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱི་རྩ་འཛུགས་ལས་དོན་ཚོགས་འདུའི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང 《དཀར་མཛེས་ཁུལ་གྱི་ཕྱོགས་གཉིས་གསོ་སྦྱོང་དང་ཕྱོགས་གཉིས་སྣེ་ཁྲིད་ཀྱི་གདོང་ལེན་པའི་ལས་གྲྭ་ལག་བསྟར་ཇུས་གཞི》དང《དཀར་མཛེས་ཁུལ་གྱི་ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་འཛུགས་སྐྱོང་གི་དཔེ་སྟོན་གཏོད་འདེམས་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་རྒྱུའི་ལག་བསྟར་ཇུས་གཞི》ལ་གྲོས་ཞིབ་བྱས་པ་དང་། ཁུལ་རིམ་པའི་སྡེ་ཚན་གྱི་ལོ་སྟོད་དུ་ཏང་འཛུགས་སྐྱོང་ལས་ཀར་དམ་འཛིན་བྱེད་པའི་གནས་ཚུལ་སྙན་སེང་ཞུས་པར་ཉན་འཇོགས་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི། ཁུལ་ཨུའི་ཏང་འཛུགས་འགོ་ཁྲིད་ཚོ་ཆུང་གི་འགོ་གཙོ་ལིའུ་ཁྲེང་མིང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་བ་རེད།

    ལིའུ་ཁྲེང་མིང་གིས་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་གཅིག་ནི་ཆབ་སྲིད་ཀྱིས་སྤྱི་འདོམས་བྱ་རྒྱུར་རྒྱུན་འཁྱོངས་བྱས་ཏེ་ལྟ་བ་གསལ་པོས་ཏང་གི་ཆབ་སྲིད་འཛུགས་སྐྱོང་གི་གནས་བབ་ཨང་དང་པོར་འཇོག་དགོས། གཉིས་ནི་ཆབ་སྲིད་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་ཏང་ཡོན་ལས་བྱེད་པའི་བསམ་བློ་འཛུགས་སྐྱོང་ཐད་དམ་འཛིན་བྱ་དགོས། གསུམ་ནི་ཆབ་སྲིད་ཀྱི་བྱེད་ནུས་དང་གཞི་རིམ་རྩ་འཛུགས་ཀྱི་འཐབ་འཛིན་བཙན་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། བཞི་ནི་ཆབ་སྲིད་ཀྱི་ཚད་གཞི་ནན་སྲུང་བྱས་ཏེ་ལས་བྱེད་པའི་ཤེས་ཡོན་མི་སྣའི་དཔུང་སྡེ་འཛུགས་སྐྱོང་བྱ་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱག་དགོས། ལྔ་ནི་ཆབ་སྲིད་ཐད་ཀྱི་ངོས་འཛིན་གཅིག་མཐུན་གོང་བུར་འགྲིལ་ནས་ནུས་ཤུགས་ཡོད་རྒུས་ཏང་འཛུགས་སྐྱོང་བྱ་རྒྱུར་དམ་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས། དྲུག་ནི་ཆབ་སྲིད་ཀྱི་ཁྱབ་ཁོངས་ལེགས་སུ་བཏང་ནས་ཏང་སྲོལ་སྲིད་གཙང་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པར་སྐུལ་འདེད་གཏོང་གང་ཐུབ་བྱ་དགོས། བདུན་ནི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་ཏན་ཏིག་བྱས་ཏེ་ཐབས་ཇུས་དང་བཀོད་སྒྲིག་ཁག་མཐའ་གཅིག་ཏུ་དོན་འཁྱོལ་བྱ་རྒྱུར་འགན་ལེན་བྱ་དགོས་ཞེས་བླང་བྱ་བཏོན་པ་རེད།། 


  • ལེ་ཚན་སྔོན་མ།:དར་མདོ་ནས་ར་རྔ་ཁའི་མྱུར་བགྲོད་གཞུང་ལམ་ལས་འགོ་ཚུགས་གྲབས་ཡོད།
  • ལེ་ཚན་རྗེས་མ།:ཆུ་ལོག་གི་ཁྲོད་དུ་སྲ་ཞིང་བརྟན་པའི་འགོག་སྲུང་ར་བ་བསྐྲུན།
  • དོ་སྣང་ཆེ་བའི་རྩོམ།