དཔལ་ཡུལ་རྫོང་གིས་ཡུལ་དངོས་སུ་ཞིང་ལས་ལག་རྩལ་པར་སྦྱོང་བརྡར་བྱས་ཏེ་འཇོན་ནུས་ཇེ་དྲག་ཏུ་གཏོང་།

དབྱངས་ཅན་གྱིས་བསྒྱུར།        2018-07-23

    ཉེ་ཆར། དཔལ་ཡུལ་རྫོང་གིས་ཤང་དང་གྲོང་རྡལ9ཡི་ཞིང་སྡེའི་ལག་རྩལ་མི་སྣ15སྒྲིག་འཛུགས་བྱས་ཏེ་འཛིན་ཁོག་གི་མུའུ་སྟོང་ལྡན་པའི་སྔོ་ཚལ་དང་རྒྱ་བོད་སྨན་རྫས་ཀྱི་ཐོན་ཚད་མཐོ་བའི་སྐྱེ་ལྡན་དཔེ་སྟོན་འདེབས་འཛུགས་རྟེན་གཞི་དང་། འཛུགས་སྐྲུན་གྲོང་རྡལ་གྱི་སྐྲ་འཕེལ་སྔོ་ཚལ་རྟེན་གཞིར་ཕྱིན་ནས། དམིགས་སའི་རང་བཞིན་གྱིས་ཚན་པ་དང་ཐེངས་གྲངས་དབྱེ་བ་དང་དུམ་མཚམས་དབྱེ་བའི་བྱེད་ཐབས་སྤྱད་ནས་འདེབས་འཛུགས་ལག་རྩལ་དངོས་སྦྱོང་བྱས་པ་རེད།

    ཐེངས་འདིར་ཡུལ་དངོས་སུ་སྦྱོང་བརྡར་བྱེད་པ་དེ་སློབ་ཁང་དུ་རིགས་གཞུང་སློབ་ཁྲིད་བྱེད་པའི་གསོ་རྒྱུན་གྱི་སློབ་ཁྲིད་བྱེད་སྟངས་དང་མི་འདྲ་བས། རྟེན་གཞི་དང་དྲོད་ཁང་ཆེན་པོར་སློབ་ཁྲིད་བྱ་རྒྱུ་དང་། གཞི་རིམ་གྱི་ལས་ཡུལ་དངོས་སུ་ཕྱིན་པ་དང་། གྲོང་སྡེར་ཟ་ས་དང་སྡོད་ས་བྱེད་པ།ཞིང་ཁ་དང་མུ་ཁར་དངོས་སྦྱོང་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས། ཤང་དང་གྲོང་རྡལ་གྱི་ཞིང་སྡེའི་ལག་རྩལ་མི་སྣ15དེ་ཚོ་ཆུང3ལ་བགོས་པ་དང་།ཚོ་ཆུང་རེར་ལག་རྩལ་ཁྲིད་སྟོན་བྱེད་མཁན་དགེ་རྒན་རེ་བཀོད་སྒྲིག་བྱས་ནས། ལྷོ་ནུབ་སློབ་གྲྭ་ཆེན་མོའི་ཆེད་རམས་པ་གདན་འདྲེན་ཞུས་ནས་སྤྱི་ཁྱབ་ལག་རྩལ་ཁྲིད་སྟོན་བྱས། དུས་ཚོད་དང་།དྲོད་ཁང་ཆེན་པོ། ས་ཞིང་ལྟར་རེས་གསུམ་ལ་བགོས་ནས་ཞིང་ལས་ལག་རྩལ་པའི་དངོས་སྦྱོང་ལྟེ་གནས་སུ་མངགས་ནས། དྲོད་ཁང་ཆེན་པོ་རུ་དངོས་སུ་སྔོ་ཚལ་འདེབས་འཛུགས་བྱེད་པ་དང་། དྲོད་ཁང་རྒྱབ་ཕྱོགས་ཀྱི་ས་ཞིང་དུ་སྔོ་ཚལ་འདེབས་འཛུགས་བྱེད་པ། ཞིང་ཁར་དོ་དམ་བྱེད་པ་སོགས་ཀྱི་ལག་རྩལ་དངོས་སྦྱོང་བྱས། ཞིང་ལས་ཀྱི་ཐོན་རྫས་གསར་པ་དང་།ལག་རྩལ་གསར་པ།སྒྲིག་ཆས་གསར་པ་བཅས་ཁྱབ་སྤེལ་བཏང་སྟེ། ཁྱོན་ཡོངས་ནས་ཞིང་ལས་ལག་རྩལ་ཁྱབ་སྤེལ་གཏོང་ཚུལ་དང་ཞིང་ལས་གནད་དོན་སྐོར་གྱི་ཆ་འཕྲིན་བསྡོམས་རྩིས་སོགས་ཐད་ཀྱི་ཤེས་བྱ་དང་ནུས་རྩལ་ཁོང་དུ་ཆུད་ཐུབ་པ་བྱས་པ་རེད།། 


  • ལེ་ཚན་སྔོན་མ།:ཆུ་ལོག་གནོད་འགོག་དང་ཉེན་སེལ་མྱུར་སྐྱོབ་ལས་ཀ་ཧུར་ཐག་སྤེལ།
  • ལེ་ཚན་རྗེས་མ།:སྔོན་མའི་བེད་མེད་ས་རྒོད་ཕྱུག་འགྱུར་གྱི་གཞི་མར་བསྒྱུར།
  • དོ་སྣང་ཆེ་བའི་རྩོམ།