དབྱངས་ཅན་གྱིས་བསྒྱུར། 2018-07-09
སྔར་ལས་ལྷག་པར་དུག་འགོག་དྲིལ་བསྒྲགས་སློབ་གསོ་བྱེད་ཤུགས་ཆེ་རུ་གཏོང་ཞིང་། སློབ་མ་ཚོའི་དུག་སྐྱོན་ངོས་འཛིན་དང་སྔོན་འགོག་གི་འདུ་ཤེས་ཇེ་དྲག་ཏུ་གཏང་ཆེད། ཉེ་ཆར། དུང་དཀར་ལུང་པའི་ཡན་ལག་ཅུས་ཀྱིས་ཁོངས་གཏོགས་ས་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་དུ་དུག་འགོག་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་བ་རེད།
དྲིལ་བསྒྲགས་བྱེད་སྒོའི་ནང་དགེ་རྒན་དང་སློབ་མ་ལ་དྲིལ་བསྒྲགས་ཡིག་རིགས་བཀྲམ་པ་དང་། དུག་རྫས་ཀྱི་གནོད་པའི་དཔེ་མཚོན་གསལ་པོར་སྟོན་པ། ཡུལ་དངོས་སུ་འགྲེལ་བཤད་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས། དགེ་སློབ་ཚོས་དུག་རྫས་ལ་ངོས་འཛིན་དེ་བས་ཟབ་མོ་བྱུང་བ་དང་། དུག་རྫས་ཀྱིས་སྤྱི་ཚོགས་ལ་བཟོས་པའི་གནོད་སྐྱོན་གོ་ཐུབ་པར་མ་ཟད། ད་དུང་བསམ་བློའི་ཐོག་དུག་རྫས་ལ་བཀག་འགོག་བྱེད་པའི་རང་རྟོགས་རང་བཞིན་ཇེ་དྲག་ཏུ་ཕྱིན་པ་རེད།
ཐེངས་འདིའི་དྲིལ་བསྒྲགས་བྱེད་སྒོའི་ཁྲོད་དྲིལ་བསྒྲགས་ཡིག་རིགས་ཁྱོན་བསྡོམས400ལྷག་བཀྲམ་པ་དང་། དགེ་སློབ་ཚོའི་དོགས་གནད་འདྲི་གཞི30ལྷག་ལ་ལན་བརྒྱབ་ཡོད། བྱེད་སྒོ་དེས་དགེ་རྒན་དང་སློབ་མ་ཚོ་དུག་འགོག་ལས་ཀའི་ནང་ཞུགས་གང་ཐུབ་བྱེད་པ་དང་། མི་ཚང་མ་དུག་འགོག་ལྟ་སྐུལ་པར་འགྱུར་ཐུབ་པ་དང་ཉེ་འཁོར་དུ་ཡོད་པའི་མི་རྣམས་ལ་དུག་འགོག་དྲིལ་བསྒྲགས་བྱེད་པ་བཅས་ཀྱི་སློབ་གསོའི་ནུས་པ་ཐོན་ཡོད་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10