རང་ཁུལ་གྱིས་ཉེན་མེད་ཐོན་སྐྱེད་ལས་ཀའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས།

བདེ་སྐྱིད་ཀྱིས་བསྒྱུར།        2018-06-20

      སྤྱི་ཟླ6པའི་ཚེས15ཉིན་གྱི་སྔ་དྲོར། རང་ཁུལ་གྱིས་ཉེན་མེད་ཐོན་སྐྱེད་ལས་ཀའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ་རེད།

     ཚོགས་འདུའི་ཐོག དར་མདོ་གྲོང་ཁྱེར་གྱི་སྤྱི་ཟླ6པའི་ཚེས14ཉིན་གྱི་འགྲིམ་འགྲུལ་དོན་རྐྱེན་དང་། ལི་ཐང་རྫོང་གི་སྤྱི་ཟླ6པའི་ཚེས14ཉིན་གྱི་འགྲིམ་འགྲུལ་དོན་རྐྱེན་བརྡ་ཁྱབ་བྱས་པ་དང་། སངས་རྒྱས་སྨན་བླའི་ཁྲུས་གསོ་དུས་ཆེན་གྱི་ཉེན་མེད་འགན་ལེན་གྱི་ལས་ཀ་ཆེད་དོན་བཀོད་སྒྲིག་བྱས་པ་རེད། ཁུལ་ཡོངས་ཀྱི་འགྲིམ་འགྲུལ་ཉེན་མེད་དང་འབྲུབ་འགོག་ཉུང་གཏོང་། ས་གཤིས་གནོད་འཚེ་འགོག་བཅོས་བཅས་ཀྱི་ཉེན་མེད་ཐོན་སྐྱེད་ལས་དོན་ཡང་བསྐྱར་བཀོད་སྒྲིག་བྱས་ནས་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སྟོབས་ཤུགས་སྔར་བས་ཆེ་རུ་བཏང་ནས་བྱེད་ཐབས་ཤུགས་ཆེན་གཏང་རྒྱུར་སྐུལ་སློང་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཁུལ་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་སྲུང་སྐྱོང་བྱ་དགོས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་ཁག་དབྱེ་ནས་ལས་འཛོལ་རོགས་སྐྱོབ་དང་རྗེས་འཇུག་ལས་དོན་ཐད་མཆན་བཀོད་མཛུབ་སྟོན་གནང་བ་རེད། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཀྲེན་ཐེན་ཆང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་བ་རེད།

     ཚོགས་འདུའི་ཐོག་བསྟན་དོན། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཉེན་མེད་ཐོན་སྐྱེད་ལས་ཀར་ཧ་ཅང་མཐོང་ཆེན་བྱས་པ་རེད། ད་ལོ་ནས་བཟུང་། ཁུལ་རིམ་པའི་འགོ་ཁྲིད་གཙོ་བོ་དང་ཁུལ་ཨུའི་ཉེན་མེད་ཐོན་སྐྱེད་ཨུ་ལྷན་གྱིས་ཆེད་ལས་བཀོད་སྒྲིག་ཐེངས་མང་པོ་བྱས་པ་དང་རྫོང﹙གྲོང་ཁྱེར་﹚ཁག་སོ་སོ། སྡེ་ཚན་སོ་སོས་གྲུབ་འབྲས་གཟེངས་སུ་ཐོན་པའི་ལས་དོན་འབོར་ཆེན་བསྒྲུབས་ཡོད་པ་རེད། ཆུ་བྲུབ་དུས་ཚིགས་དང་ཡུལ་སྐོར་བ་འབེལ་བའི་དུས་སུ་སླེབས་པར་བསྟུན་ནས་རང་ཁུལ་གྱི་ཉེན་མེད་ཐོན་སྐྱེད་ལས་ཀའི་འགན་འཁྲི་དེ་བས་ཆེ་རུ་ཕྱིན་པ་རེད། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སྔར་བས་འགན་འཁུར་བ་དང་བཀོད་སྒྲིག་ལུགས་མཐུན། བྱེད་ཐབས་ལ་ཤུགས་རྒྱག་པ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་ཉེན་མེད་ཐོན་སྐྱེད་ལས་ཀ་ཡག་པོ་བསྒྲུབ་དགོས།

     ཚོགས་འདུའི་ཐོག ཁུལ་དང་རྫོང་། ཤང་། གྲོང་སྡེ་ཁག་དང་སྡེ་ཚན་ཁག་གིས་གཅིག་ནི་བསླབ་བྱ་དང་ལེན་བྱས་ནས་གནས་བབ་ལ་ངོས་འཛིན་གསལ་པོ་བྱ་དགོས། གཉིས་ནི་གནད་འགག་དམིགས་སུ་ཐོན་པ་བྱས་ནས་དམ་འཛིན་དོ་དམ་ནན་པོ་བྱ་དགོས། གསུམ་ནི་གཅིག་ཤེས་ཀུན་གྲོལ་བྱས་ནས་དོན་འཁྱོལ་བྱ་རྒྱུར་ནན་འཛིན་བྱ་དགོས།།


  • ལེ་ཚན་སྔོན་མ།:སེར་ཤུལ་རྫོང་དང་ཁུལ་མི་དམངས་སྨན་ཁང་གཉིས་ཀྱིས་མཉམ་ལས་བྱེད་པའི་གྲོས་མཐུན་ཡི་གེ་བཞག
  • ལེ་ཚན་རྗེས་མ།:ཁུལ་རོགས་སྐྱོབ་ས་ཚུགས་ཀྱིས་སྒོ་འབྱེད་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།