རང་ཁུལ་གྱིས་གོ་རིམ་ལྡན་པའི་ངང་སྤྱི་ལེ་བརྒྱ་ཅན་གྱི་ལྗང་མདོག་ཐོན་ལས་ཀྱི་དཔེ་སྟོན་ཁུལ་བསྐྲུན་པར་སྐུལ་འདེད་གཏོང་།

བདེ་སྐྱིད་ཀྱིས་བསྒྱུར།        2018-06-06

    ད་ལོ་ནས་བཟུང་། རང་ཁུལ་གྱི་རིམ་པ་ཁག་གི་ཞིང་ལས་དང་ནགས་ལས་སྡེ་ཁག་སོ་སོས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུའི་ཧ་ཅང་དབུལ་པོའི་ས་ཁུལ་གྱི་དབུལ་སྐྱོར་འགག་སྒྲོལ་གྱི་ཐབས་ཇུས་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིང་ཕིང་སི་ཁྲོན་དུ་གཟིགས་ཞིབ་ཕེབས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལྟར། དར་མདོ་དང་བརྒྱད་ཟིལ། རོང་བྲག ཕྱག་ཕྲེང་། འདབ་པ་བཅས་རྫོང་ཁག5ལ་ཕྱིར་འཐེན་དང་དབུལ་པོ་གྲོང་སྡེ463གྱི་དབུལ་པོའི་ཞྭ་མོ་ཕུད་པ། མི་གྲངས་ཁྲི108ཐོན་ལས་འཕེལ་རྒྱས་དང་དབུལ་ཐར་བྱ་རྒྱུའི་དམིགས་འབེན་ལས་འགན་ལ་བརྟེན་ནས་སྔ་སྣུར་དུ་བཀོད་སྒྲིག་དང་སྔ་སྣུར་དུ་འཆར་འགོད་བཟོས་པ་རེད། རྟེན་གཞི་འཛུགས་པ་དང་ལས་སྣོན། མིང་རྟགས་གཏོད་པ། འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏང་རྒྱུའི་བསམ་ཕྱོགས་ཐོག་ཤུགས་བསྒྲིམས་ནས་དབུལ་ཐར་འབྱོར་འབྲིང་བསྐྲུན་རྒྱུའི་སྤྱི་ལེ་བརྒྱ་ཅན་གྱི་ལྗང་མདོག་ཐོན་ལས་ཀྱི་དཔེ་སྟོན་ཁུལ་སྐྲུན་པར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་དང་གཏོང་བཞིན་ཡོད་པ་རེད།

     ད་སྔའི་བར་ཁུལ་ཡོངས་ཀྱིས་འཕེལ་རྒྱས་ཀྱི་ལས་སྟེགས་བསྐྲུན་པར་དམིགས་ཏེ་ཐོན་ལས་ཁུལ3དང་ལྡུམ་ རའི་གླིང་ཁུལ7གནས་གཞི1གི་སྔོན་འགྲོའི་ལས་དོན་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་ཡོད། ཉག་ཆུ་རྫོང་རི་རྒྱབ་གྲོང་སྡེའི་བེ་ཤ་ཐོན་ལས་ཀྱི་ལྡུམ་ར་གླིང་ཁུལ་དང་བྲག་ འགོ་རྫོང་གིས་ས་གནས་གཞན་དང་མཉམ་ལས་བྱེད་པའི་ཐོན་ལས་ལྡུམ་ར་གླིང་ཁུལ། དཀར་མཛེས་རྫོང་གི་མཐོ་སྒང་དེང་རབས་ཞིང་ལས་ཐོན་ལས་ལྡུམ་ར་གླིང་ཁུལ། ལི་ཐང་རྫོང་གི་དེང་རབས་ཞིང་ལས་དཔེ་སྟོན་ལྡུམ་ར་གླིང་ཁུལ་རྒྱས་སྐྲུན་བྱ་རྒྱུ་སོགས་ཀྱི་ལས་དོན་དང་། དར་མདོའི་གནག་ཕྱུགས་འོ་མའི་ཐོན་རྫས་རིག་གནས་ཐོན་ལས་ལྡུམ་ར་གླིང་ཁུལ་སྐྲུན་འགོ་ཚུགས་རྒྱུ་སོགས་ཀྱི་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་པ་རེད། དབུལ་ཐར་འབྱོར་འབྲིང་བསྐྲུན་རྒྱུའི་སྤྱི་ལེ་བརྒྱ་ཅན་གྱི་ལྗང་མདོག་ཐོན་ལས་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་བཏང་ནས། རྫོང་ཁག18ལ་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་ལས་དཔེ་སྟོན་རྟེན་གཞི་མུའུ་ཁྲི59གསར་སྐྲུན་ བྱས་ཡོད། འདེབས་འཛུགས་ལས་རིགས་དམ་འཛིན་བྱེད་པར་བརྒྱུད་ནས་སྐུལ་འདེད་གཏང་རྒྱུར་སྣེ་ཁྲིད་བྱས་ཏེ་སྤྱི་ལེ་བརྒྱ་ཅན་གྱི་ལྗང་མདོག་ཐོན་ལས་ཀྱི་དཔེ་སྟོན་རྟེན་གཞི་མུའུ་ཁྲི18.1བསྐྲུན་ཡོད་པ་རེད། ཕྱུགས་རྒྱུད་དང་བྱ་རིགས་ཀྱི་རྒྱུད་པ་ལེགས་བཅོས་དང་གསོ་སྤེལ་ཚད་ལྡན། སྒྲིག་གཞི་གསར་གཏོད་བཅས་ཀྱི་གཙོ་གནད་ལས་དོན་གསུམ་ལ་དམིགས་ནས། དུས་ཚིགས་དང་པོར་ཁུལ་ཡོངས་ཀྱི་ཕྱུགས་ཟོག་དང་བྱ་རིགས་ཁྲི8.1བཤས་ཁོངས་སུ་བཏང་ཡོད་པ་རེད།།

  • ལེ་ཚན་སྔོན་མ།:སེར་ཤུལ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་སྐད་གཉིས་གླུ་གཞས་ཐོག་ནས་སློབ་ཁྲིད་བྱས།
  • ལེ་ཚན་རྗེས་མ།:རིགས་ཀྱི་བུ་དང་བུ་མོ་ཚོ། ཤུགས་ཕྱུངས།
  • དོ་སྣང་ཆེ་བའི་རྩོམ།