ཉམས་མྱོང་བསྡུ་ལེན་བྱས་ཏེ་འཕེལ་རྒྱས་ཇུས་ཆེན་འགོད།

སྐལ་ཐུབ་ཀྱིས་བསྒྱུར།        2018-06-04

      སྤྱི་ཟླ5པའི་ཚེས24ནས25ཉིན་གྱི་བར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་རང་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པའི་གྲུབ་མི་རྣམས་ཁྲིད་ནས་ཡུན་ནན་ཞིང་ཆེན་པའོ་ཧྲན་གྲོང་ཁྱེར་གྱི་སྐད་གྲགས་ཆེ་བའི་ཡུལ་སྐོར་གནས་མཆོག་ཐེང་ཁྲུང་གྲོང་ཁྱེར་དུ་ཕེབས་ཏེ་ཡུལ་དངོས་སུ་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་དང་ཁྱད་ཆོས་ལྡན་པའི་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་ལས་ཀ་སོགས་ལ་དམིགས་ནས་སློབ་སྦྱོང་དང་རྟོག་ཞིབ་གནང་བ་རེད།

      ཁོང་གིས་ནན་གསུང་གནང་དོན། འཐུས་མི་ཚོགས་པའི་གྲུབ་མི་ཡོངས་ཀྱིས་ཐེངས་འདིའི་རྟོག་ཞིབ་ཀྱི་གོ་སྐབས་ཡག་པོ་དམ་འཛིན་བྱས་ནས་ཐེང་ཁྲུང་གྲོང་ཁྱེར་གྱིས་འཆར་འགོད་ལ་མཐོང་ཆེན་དང་སྤུས་ལེགས་སྐྲུན་པ། ཁྱད་ཆོས་ཡོད་པ་བཅས་ཀྱི་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་འཆར་འགོད་དོ་དམ་བྱེད་སྟངས་དང་། ཡུལ་སྐོར་གསར་སྤེལ་དང་རིག་གནས་སྲུང་སྐྱོང་ལ་མཐོང་ཆེན་མཉམ་བྱེད་བྱས་པའི་སྔོན་ཐོན་གྱི་འདུ་ཤེས་སློབ་སྦྱོང་དང་དཔེ་ལྟ་སར་བྱས་ཏེ། བསམ་ཕྱོགས་རྒྱ་སྐྱེད་བཏང་ནས་དཀར་མཛེས་ཁུལ་གྱིས་འབྱུང་འགྱུར་ལ་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ཐབས་ལམ་འཆར་འགོད་བཟོས་ནས་གྲོང་ཁྱེར་འཛུགས་སྐྲུན་དང་ཡུལ་སྐོར་ཐོན་ལས་དར་རྒྱས་གོང་འཕེལ་ཇེ་མགྱོགས་སུ་གཏང་དགོས།

      ཁུལ་ཨུའི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བྱམས་བློ་དང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཏུའུ་ཏེ་ཆིང་སློབ་སྦྱོང་དང་རྟོག་ཞིབ་ཁྲོད་དུ་ཞུགས། པའོ་ཧྲན་གྲོང་ཁྱེར་གྱི་འབྲེལ་ཡོད་འགོ་ཁྲིད་རྣམས་ཀྱང་ལྷན་ཕེབས་ཚུལ་དུ་རྟོག་ཞིབ་དང་བཞུགས་མོལ་གྲོས་ཚོགས་སུ་ཞུགས་པ་རེད།

      ཞའོ་ཡིའུ་ཚའེ་ཡིས་བསྟན་དོན། ཐེང་ཁྲུང་གྲོང་ཁྱེར་གྱིས་ཡུལ་སྐོར་དོ་དམ་སྒྲིག་སྲོལ་དང་ནང་སྲོལ་གསར་གཏོད་བྱས་ཚུལ་དང་། ལྗོངས་ཁུལ་དང་ལྗོངས་གནས་གསར་སྤེལ་བྱེད་ཐབས། ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་བཏང་ ཚུལ་སོགས་སྔོན་ཐོན་གྱི་འདུ་ཤེས་དང་ཉམས་མྱོང་བྱེད་སྟངས་ཀྱིས་ང་ཚོའི་ལྟ་རྒྱ་རབ་ཏུ་འབྱེད་ཅིང་བློ་སྒོ་ཕྱེ་བར་མ་ཟད། ཐེངས་འདིའི་སློབ་སྦྱོང་དང་རྟོག་ཞིབ་ཙམ་དུ་མ་ཚད། ཕྱིན་ཆད་འཕེལ་རྒྱས་གཏོང་བར་སློབ་གཞི་གསོན་པོ་ཞིག་བཏོན་པ་རེད། ཞའོ་ཡིའུ་ཚའེ་ཡིས་ནན་གསུང་གནང་དོན། ས་དམ་དང་ཏ་ལི། པའོ་ཧྲན་བཅས་ཀྱིས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བའི་སྔོན་ཐོན་ཉམས་མྱོང་དང་འཕེལ་རྒྱས་བསམ་ཕྱོགས་དག་དཔྱད་གཞིར་བཟུང་ནས། ཞིབ་འཇུག་ཟབ་མོ་དང་དབྱེ་ཞིབ་ནན་ཏན་བྱས་ཏེ་དཀར་མཛེས་ཁུལ་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་འཕེལ་རྒྱས་ཀྱི་བྱེད་ཐབས་ཆགས་པར་བྱ་དགོས། འཕེལ་རྒྱས་ཀྱི་བྱེད་ཐབས་གོ་ཆོད་པོ་བཏོན་ནས་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ཐབས་ཇུས་ཁྲོད་དུ་ཕྱོགས་ཡོངས་ནས་ཞུགས་དགོས། བསམ་བློ་བཅིངས་འགྲོལ་དེ་བས་ཀྱང་གཏོང་བ་དང་བསམ་ཕྱོགས་དེ་བས་ཀྱང་རྒྱ་སྐྱེད་གཏོང་བ། སྔོན་ཐོན་དང་དཔེ་བསྡུར་བྱེད་ཅིང་སྔོན་ཐོན་གྱི་འདུ་ཤེས་དང་དུ་བླངས་པ། འཕེལ་རྒྱས་ཀྱི་མི་འདང་ས་འཚོལ་བ་བཅས་བྱས་ཏེ། སློབ་སྦྱོང་དང་རྟོག་ཞིབ་ཀྱི་གྲུབ་འབྲས་དེ་འཕེལ་རྒྱས་མགྱོགས་པོར་གཏོང་བའི་དངོས་ཡོད་བྱ་སྤྱོད་དུ་མགྱོགས་པོར་བསྒྱུར་དགོས།། 

  • ལེ་ཚན་སྔོན་མ།:དམིགས་འབེན་སྟོན་ཕྱོགས་དང་གནད་དོན་འཛིན་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་སྡེ་རོང་གི་ལས་དོན་ཁག་གི་རྣམ་པ་གསར་པ་གཏོད་དགོས།
  • ལེ་ཚན་རྗེས་མ།:ཁྱབ་བདག་རྫོགས་ཆེན་པ་པདྨ་སྐལ་བཟང་གི་གསུང་འབུམ་དབུ་འབྱེད་འགྲེམ་སྤེལ་མཛད་སྒོ་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།