རྒན་ཐུབ་བསྟན་ཕུན་ཚོགས་ཀྱིས་འདི་ལྟར་གསུངས།

སྐལ་ཐུབ་ཀྱིས་བསྒྱུར།        2018-06-03

དབྱར་རྩྭ་དགུན་འབུ་བོད་སྨན་ཡིན་པ་སུས་ཀྱང་བསྙོན་དུ་མེད།


                   ཐུབ་བསྟན་ཕུན་ཚོགས་ཀྱིས།

རྒན་ཐུབ་བསྟན་ཕུན་ཚོགས་ཀྱིས་འདི་ལྟར་གསུངས།ལྷོ་ནུབ་མི་རིགས་སློབ་ཆེན་སྨན་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་དང་། འབུམ་རམས་པའི་ཁྲིད་སྟོན་དགེ་རྒན་ཐུབ་བསྟན་ཕུན་ཚོགས།

   དེ་རིང་འཕྲིན་ཕྲན་གྱི་ནང་དུ་རྩོམ་ཡིག་ཅིག་རིག་སོང་། དེའི་ནང་རྒྱལ་ཁབ་ཀྱི་སྤྱི་ཁྱབ་བཟའ་བཅའ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་དབྱར་རྩྭ་དགུན་འབུ་ཁམས་གསོ་སྨན་རྫས་ཀྱི་ཁོངས་ནས་ཕྱིར་ཕུད་འདུག་ཅེས་བཤད་པར་མ་ཟད། རྩོམ་པ་པོས་ད་དུང་རྒྱལ་ཁབ་ཀྱི་སྤྱི་ཁྱབ་བཟའ་བཅའ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་ཡིག་ཆ་གཉིས་ཟུར་སྦྱར་བྱས་འདུག དེ་ནས་ཁོ་བོས་རྒྱལ་ཁབ་ཀྱི་ཆེད་ལས་ལས་ཁུངས་ཀྱི་ཡིག་ཆ་ཞིབ་མོ་བློས་བཀླགས་ཤིང་དཔྱད་བསྡུར་བྱས་རྗེས་ཤེས་རྟོགས་འདི་ལྟར་བྱུང་།


རྒན་ཐུབ་བསྟན་ཕུན་ཚོགས་ཀྱིས་འདི་ལྟར་གསུངས།

         གོང་གི་པར་རིས་ནི་རྫུན་བཟོ་ཡིག་ཆ་རེད།

    ཡིག་ཆ་འདི་ལ་ཡིག་ཨང་མེད་པ་དང་གཅིག འགྲེམ་སྤེལ་དུས་ཚོད་མེད་པ་དང་གཉིས། ཡིག་ཆའི་སྐད་ངག་དང་ཚིག་སྦྱོར་རྒྱལ་ཁབ་ཀྱི་གཞུང་ཡིག་འབྲི་སྲོལ་གྱི་བླང་བྱ་དང་མི་འཚམ་པ་བཅས་སྐྱོན་གསུམ་ཡོད་པར་མ་ཟད། རྒྱལ་ཁབ་ཀྱི་སྤྱི་ཁྱབ་བཟའ་བཅའ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་དྲྭ་ཐོག་ནས་ཡིག་ཆ་འདི་ཡང་རྙེད་མི་ཐུབ་པས་རྫུན་བཟོ་ཡིན་ཤས་ཆེ།


རྒན་ཐུབ་བསྟན་ཕུན་ཚོགས་ཀྱིས་འདི་ལྟར་གསུངས།

   གོང་གི་པར་རིས་ནི་བཟོ་བཅོས་བརྒྱབ་པའི་ཡིག་ཆ་རེད།


རྒན་ཐུབ་བསྟན་ཕུན་ཚོགས་ཀྱིས་འདི་ལྟར་གསུངས།

གོང་གི་པར་རིས་ནི་མ་ཡིག་རེད།

     ཡིག་ཆ་གཉིས་པ་ནི་དེ་བས་ཁུངས་མེད་ལུང་མེད་ཡིན་པ་སྟེ། ཡིག་ཆའི་ཁ་བྱང་འོག་གི་འགྲེམ་སྤེལ་དུས་ཚོད་ནི2018ལོའི་ཟླ་བ3པའི་ཚེས8ཉིན་བྲིས་འདུག  ཡིག་ཆའི་མཇུག་ཏུ2016ལོའི་ཟླ་བ2པའི་ཚེས6ཉིན་བྲིས་འདུག  ངས་རྒྱལ་ཁབ་ཀྱི་སྤྱི་ཁྱབ་བཟའ་བཅའ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་དྲྭ་ཐོག་ནས་ཡིག་ཆ་འདི་བཙལ་རྒྱུ་རག་བྱུང་། འགྲེམ་སྤེལ་དུས་ཚོད་ནི2016ལོའི་ཟླ་བ3པའི་ཚེས4ཉིན་རེད། དེའི་དམིགས་ཡུལ་ཡང་ཁྲོམ་རར་དབྱར་རྩྭ་དགུན་འབུའི་སྨན་རིལ་དང་སྨན་རྩམ་དག་མ་ཟེར་བ་མང་པོ་ཐོན་སྐྱེད་བྱས་ནས་བྱུང་བ་དང་ཆབས་ཅིག་ཞིབ་བཤེར་མཆན་སྤྲད་གང་མོས་བྱས་པའི་སྣང་ཚུལ་འགོག་སྡོམ་བྱེད་ཆེད་རེད། འཕྲིན་ཕྲན་དེའི་རྩོམ་པ་པོས་དུས་ཚོད་བཟོ་བཅོས་བྱས་ཐོག་རྒྱལ་ཁབ་ཀྱི་དབང་གྲགས་ལས་ཁུངས་ཀྱི་མིང་སྤྱད་དེ་རྫུན་གཏམ་སྒྲིག་བཟོ་ཁྱབ་བསྒྲགས་བྱས་ཏེ། རྐང་བཙུགས་ནས་བོད་རིགས་ས་ཁུལ་ཞིང་འབྲོག་པའི་འཚོ་རྟེན་དུ་གྱུར་ཞིང་མང་པོ་དེ་ཙམ་མེད་པའི་དཔལ་འབྱོར་འབྱུང་ཁུངས་ཀྱི་རྩད་གཅད་གྲབས་ཡིན་ལ། མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་གཏོར་བཤིག་གཏོང་བར་མ་ཟད། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་བརླིང་ལ་གཏོར་བཤིག་ཀྱང་བཏང་བ་ཡིན་ཙང་ངན་དགུ་ལུས་ཚང་གི་བྱ་སྤྱོད་སྡུག་ཆགས་ཤིག་རེད།

     དུས་རབས་བཅོ་ལྔ་པའི་བོད་སྨན་གྱི་བསྟན་བཅོས་ཁྲོད་དུ་དབྱར་རྩྭ་དགུན་འབུའི་དམིགས་བསལ་རྒྱུ་སྤུས་ལ་ནད་ཐོག་ར་སྤྲོད་བྱས་ཡོད་ཅིང་། དབྱར་རྩྭ་དགུན་འབུ་ལ་སྨན་གྱི་ནུས་པ་ཡོད་པར་མ་ཟད། ལུས་ཟུངས་གསོ་བ་དང་རོ་བཙའ་གསོ་བའི་ནུས་པ་ཡོད་པར་བཤད་ཡོད། དུས་རབས་བཅོ་ལྔ་པ་ནས་ད་ལྟའི་བར་དབྱར་རྩྭ་དགུན་འབུ་ནི་སྔར་བཞིན་བོད་སྨན་ཁྲོད་ཀྱི་ནོར་བུ་ནང་གི་ནོར་བུ་ཡིན་པ་རེད།

རྒན་ཐུབ་བསྟན་ཕུན་ཚོགས་ཀྱིས་འདི་ལྟར་གསུངས།

   ལོ་འདི་ཚོའི་རིང་ལ་དབྱར་རྩྭ་དགུན་འབུའི་སྨན་རིལ་དང་སྨན་རྩམ་ནང་དུ་གཏེར་རྫས་ཀྱི་འདྲེས་ཚད་ཐལ་དྲགས་པའི་གསར་འགྱུར་མཐོང་ཐོས་ཀྱི་ཡུལ་དུ་གྱུར་དང་འགྱུར་བཞིན་ཡོད། ངས་བལྟས་ན་གཙོ་བོ་རྫས་འགྱུར་ལས་གྲུབ་པའི་རྐྱེན་གྱིས་རེད། གང་རེད་ཟེར་ན། དབྱར་རྩྭ་དགུན་འབུ་ནི་མཐོ་གྲང་ས་ཆའི་རི་སྐྱེས་ཐོན་རྫས་རྩ་ཆེན་ཡིན་ཞིང་། ད་སྔ་མི་ཡིས་གསོ་སྤེལ་བྱ་ཐུབ་པའི་གཏམ་ཡང་ཐོས་མ་བྱུང་། དེས་ན་ཐོན་སྐྱེད་འབོར་ཆེན་དེ་འདྲ་བྱེད་ཐུབ་ཀྱི་མ་རེད། ཐོན་སྐྱེད་འབོར་ཆེན་དེ་ལྟར་བྱས་པའི་དབྱར་རྩྭ་དགུན་འབུའི་སྨན་རྩམ་དང་སྨན་རིལ་དེ་ཚོའི་ཁྲོད་དུ་དབྱར་རྩྭ་དགུན་འབུའི་འདྲེས་ཚད་ག་ཚོད་ཡོད་མེད་ནི་གནམ་སས་མ་གཏོགས་སུས་ཀྱང་གོ་རྒྱུ་མ་རེད།

རྒན་ཐུབ་བསྟན་ཕུན་ཚོགས་ཀྱིས་འདི་ལྟར་གསུངས།

   དེར་བརྟེན། རྒྱལ་ཁབ་ཀྱིས་སྲིད་ཇུས་བྱེད་ཐབས་རབ་རིམ་བཏོན་ནས་ཁྲོམ་ར་ལ་དག་ཐེར་བཅོས་སྐྱོང་བྱེད་པ་ནི་དམངས་ཀྱི་འདོད་བློ་དང་མཐུན་ཞིང་། དབྱར་རྩྭ་དགུན་འབུ་ཡང་ངན་ཁའི་གཡང་ས་ལས་བསྐྱབས་པ་རེད། དེས་ན་ང་ཚོས་རྒྱལ་ཁབ་ཀྱིས་སྨན་བཟོའི་ཁྲོམ་ར་ཚད་ལྡན་བཟོ་བར་བརྩི་སྲུང་བྱ་རྒྱུ་དང་། སྨན་རྫས་རྫུན་མ་བཟོ་བའི་བྱ་སྤྱོད་ལ་རྡུང་རྡེག་གཏོང་བར་སེམས་ཐག་གཙང་བཅད་ཀྱིས་རྒྱབ་སྐྱོར་བྱས་ཏེ་མི་སེར་ཚོའི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུ་ཡིན།

   དབྱར་རྩྭ་དགུན་འབུའི་རིན་གོང་ཇེ་མཐོར་སོང་བའི་རྒྱུ་མཚན་ནི་འདོན་སྤྲོད་དང་དགོས་མཁོ་བར་གྱི་འབྲེལ་བར་ཐུག་ཡོད་པ་ཤེས་སླ། ངས་ངོ་ཤེས་མཁན་མི་མང་པོས་དུས་ཡུན་རིང་པོར་བཟོ་སྣོན་གང་ཡང་བྱས་མེད་པའི་དབྱར་རྩྭ་དགུན་འབུ་ཐད་ཀར་འཐུང་རྒྱུར་དགའ་ཞིང་ལུས་གསོའི་ཕན་ནུས་ཀྱང་ཆེ་བས། གཅིག་ནས་བརྒྱ་བརྒྱུད་དེ་དབྱར་རྩྭ་དགུན་འབུ་དགོས་མཁན་ཡང་ཇེ་མང་དུ་སོང་བ་དང་། དེའི་ཐོན་ཚད་ཀྱང་ངེས་ཅན་ལས་མེད་པས་རྒྱལ་ནང་གི་ཁྲོམ་རའི་རིན་གོང་ཡང་ཉིན་བཞིན་ཇེ་ཆེར་སོང་བ་དང་བསྟུན་ནས་དབྱར་རྩྭ་དགུན་འབུའི་རིན་གོང་ཡང་ཆུ་བྲུག་ན་རླབས་ཀྱང་མཐོར་འདེགས་པའི་དཔེ་རུ་གྱུར་པ་སྨོས་ཅི་དགོས།

རྒན་ཐུབ་བསྟན་ཕུན་ཚོགས་ཀྱིས་འདི་ལྟར་གསུངས།

  ད་ཆ་དབྱར་རྩྭ་དགུན་འབུ་ཐོན་པའི་དུས་ཚིགས་སུ་སླེབས་ཤིང་། འཕྲིན་ཕྲན་དེའི་རྩོམ་པ་པོར་མི་གཞན་གྱིས་བསྐུལ་བ་ཡིན་ནམ། འོན་ཏེ་རྒྱུ་མཚན་གཞན་གང་ཡོད་མི་ཤེས་པར་དབྱར་རྩྭ་དགུན་འབུའི་རིན་གོང་བཅག་པའི་རྩོམ་ཡིག་འདི་འདྲ་ཆེད་དུ་བྲིས་ཏེ་བོད་ཁུལ་ཞིང་འབྲོག་པའི་དཔལ་འབྱོར་ཡོང་འབབ་ལ་གནོད་པ་ཚབས་ཆེན་བཟོས་པར་ངོ་མ་ཞེ་སྡང་སྐྱེ་འོས་པ་ཞིག་རེད།

  དེར་བརྟེན། འབྲེལ་ཡོད་སྡེ་ཚན་གྱིས་འཁྱར་གཏམ་སྤེལ་མཁན་དང་ལྷག་པར་རྒྱལ་ཁབ་ཀྱི་དབང་གྲགས་ལས་ཁུངས་ཀྱི་ཡིག་ཆ་རྫུན་བཟོ་བྱེད་མཁན་ལ་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་བ་ལས་རང་དགར་སྐྱག་ལོང་དུ་གཏན་ནས་མི་གཏོང་བ་ངའི་རེ་བ་ཡིན།

རྒན་ཐུབ་བསྟན་ཕུན་ཚོགས་ཀྱིས་འདི་ལྟར་གསུངས།

རྒན་ཐུབ་བསྟན་ཕུན་ཚོགས་ཀྱིས་འདི་ལྟར་གསུངས།

རྒན་ཐུབ་བསྟན་ཕུན་ཚོགས་ཀྱིས་འདི་ལྟར་གསུངས།   

སྤྱི་ལོ1463ལོར་ཟུར་མཁར་མཉམ་ཉིད་རྡོ་རྗེས་མཛད་པའི་སྨན་སྦྱོར་ཆེན་མོ《བྱེ་བ་རིང་བསྲེལ》(ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས)གྱི་ཤོག་གྲངས377པར།

དེ་ཡང་དབྱར་རྩྭ་དགུན་འབུ་ཞེས།།

རོ་ནི་མངར་ལ་ཅུང་ཟད་བསྐ།།

ཞུ་རྗེས་མངར་ཞིང་ནུས་པ་སྣུམ།།

དྲོ་ཞིང་ཅུང་ཟད་ཡང་དང་ལྡན།།

རླུང་འཇོམས་མཁྲིས་པ་སེལ་བྱེད་ཅིང་།།

བད་ཀན་མི་བསྐྱེད་ངོ་མཚར་སྨན།།

ཁྱད་པར་བྱང་སེམས་རབ་ཏུ་འཕེལ།།

ཉེས་མེད་ཡོན་ཏན་རྒྱ་མཚོའི་གཏེར།།

ཕན་ཡོན་བསམ་གྱིས་མི་ཁྱབ་སྟེ།།

ལུས་ཀྱི་ཟུངས་བདུན་རྒྱས་པ་ལ།།

ཁྱད་པར་རོ་བཙའི་དོན་མཆོག་བྱེད།།

རིགས་རྒྱུད་སྤེལ་དང་བཀྲག་མདངས་རྒྱས།།

དབང་པོ་ལྔ་ནི་རྣམ་པར་བཀྲ།།

འདི་ལ་ཡོན་ཏན་མཐའ་ཡས་པ།།

ཚིག་གི་བརྗོད་པ་ཟད་མཐའ་མེད།།

ཉམས་སུ་བླངས་ན་བདེ་ཆེན་གྱི།།

ཕྱག་རྒྱ་གར་མཁན་རྣམ་དཔྱོད་ཀྱིས།།

མཛེས་མ་འབུམ་གྱི་དགའ་བ་འཕྲོག།

ཞལ་གདམས་མཐོང་བརྒྱུད་མེད་པ་ན།།

ཇི་ལྟར་འདོད་པའི་འབྲས་མི་སྟེར།།

དྷརྨ་སྭ་མིས་བྲིས་འདིའི་དགེས།།

འགྲོ་ཀུན་བདེ་བ་མཆོག་ཐོབ་ཤོག 

  ཅེས་བཀོད་ཡོད་དོ།། གོང་དུ་བཀོད་པ་དེ་ནི་སྲོལ་རྒྱུན་བོད་སྨན་གྱི་བསྟན་བཅོས་ནང་དུ་བྲིས་ཡོད་པའི་དབྱར་རྩྭ་དགུན་འབུའི་ཁམས་གསོའི་སྨན་ནུས་ཡོད་པའི་བདེན་དཔང་རྨ་མེད་རེད། གལ་ཏེ་དབྱར་རྩྭ་དགུན་འབུ་ལ་ཁམས་གསོའི་ནུས་པ་མེད་ཅེས་ཟེར་མཁན་ཡོད་ན། ཚན་རིག་དང་མཐུན་པའི་སྒྲུབ་བྱེད་ནུས་ལྡན་གྱིས་བདེན་དཔང་ར་སྤྲོད་བྱ་དགོས་པ་ལས་ཅི་དྲན་གང་དྲན་བཤད་མི་རུང་།། 



  • ལེ་ཚན་སྔོན་མ།:དཀར་མཛེས་རྫོང་ཆུང་འབྲིང་སློབ་མའི་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པ།
  • ལེ་ཚན་རྗེས་མ།:ཆེས་ཡོང་འབབ་ཡག་པོ་ནི་སློབ་ཁང་ནང་ལ་ཡོད།
  • དོ་སྣང་ཆེ་བའི་རྩོམ།