ལས་བྱེད་པ་དང་མང་ཚོགས་ལ་འཚོ་བ་ཇེ་ཡག་ཏུ་སོང་དུས་ཏང་གི་དྲིན་གཟོ་དྲན་ནས་འབད་འབུངས་བྱ་དགོས་པའི་སྐུལ་མ་གནང་དགོས།

བདེ་སྐྱིད་ཀྱིས་བསྒྱུར།        2018-05-16

      ཉེ་ཆར། ཞང་ཆེན་ཏང་ཨུའི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཐེན་ཞང་ལིས་ལས་སྒྲུབ་ཚོ་ཆུང་སྣེ་ཁྲིད་གནང་ནས་རང་ཁུལ་གྱི་དར་མདོ་གྲོང་ཁྱེར་དུ་སྙན་སེང་ལ་གསན་འཇོག་གནང་བ་དང་མང་ཚོགས་ལ་བཅར་འདྲི་ཞུས་པ་རེད།

      ཐེན་ཞང་ལི་ཡུལ་དངོས་སུ་ཕེབས་ནས་རང་ཁུལ་གྱི་དབུལ་ཐར་འགག་སྒྲོལ་དང་ཐོན་ལས་འཕེལ་རྒྱས། རྨང་གཞིའི་འཛུགས་སྐྲུན་སོགས་ཀྱི་ལས་ཀར་བརྟག་ཞིབ་དང་ཁྲིད་སྟོན་གནང་ཞིང་། དར་མདོ་ས་ཁུལ་གྱིས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་མགྱོགས་སུ་བསྐྲུན་ཐུབ་པར་ཞན་ཆ་འཚོལ་བ་དང་ཇུས་བཟང་འདོན་པ། ངར་ཤུགས་བསྒྲིལ་བ་བཅས་བྱས་པ་རེད། ཐེན་ཞང་ལིས་ལས་བྱེད་པ་དང་མང་ཚོགས་ལ་འཚོ་བ་ཇེ་ཡག་ཏུ་སོང་དུས་ཏང་གི་དྲིན་གཟོ་དྲན་ནས་འབད་འབུངས་བྱ་དགོས་པའི་སྐུལ་མ་གནང་བ་རེད།

      ཐེན་ཞང་ལི་དང་བཅས་པས་ད་དུང་ཝ་ཁྲལ་ཤང་དང་འགག་པ་ཤང་གཉིས་ལ་བརྟག་ཞིབ་དང་ཁྲིད་སྟོན་གནང་བ་དང་། ས་གནས་དེ་གའི་དབུལ་པོ་དུད་ཚང་དུ་འཚམས་འདྲིའི་དངོས་རིགས་སྤྲད་པར་མ་ཟད། དབྱར་རྩྭ་དགུན་འབུ་རྐོ་བའི་དུས་རིམ་གྱི་སྒྲིག་ལམ་སྲུང་སྐྱོང་ཡག་པོ་བྱ་དགོས་པ་དང་། སློབ་གསོའི་ལས་ཀ་དམ་འཛིན། ཐོན་ལས་འཕེལ་རྒྱས་ཁྱད་ཆོས་ཡོད་པ། གསར་གཏོད་དང་ཞབས་ཞུ་ཡག་པོས་ཡུལ་སྐོར་འཕེལ་རྒྱས་གཏོང་བ་སོགས་འཕེལ་རྒྱས་ཀྱི་བསམ་ཕྱོགས་ཇུས་འགོད་གནང་ཞིང་བློ་རིག་ཕུལ་བ་དང་། ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཟབ་མོ་ལས་བྱེད་པ་དང་མང་ཚོགས་ལ་གནང་བ་རེད།། 


  • ལེ་ཚན་སྔོན་མ།:གསེར་ཐར་རྫོང་སྦོ་མདའ་གྲོང་རྡལ་གྱིས་ཁོར་ཡུག་གཙང་སྦྲའི་བྱ་འགུལ་སྤེལ།
  • ལེ་ཚན་རྗེས་མ།:སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་རྩལ་པོ་ཆེའི་རྟགས་མ་ཞེས་པའི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་བྱ་འགུལ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།