དར་མདོ་དང་གསེར་ཐར།འདབ་པ་རྫོང་གི་ཉི་སྟེན་བཅས་ལ་ཁག་དབྱེ་ནས་གསེར་གྱི་རྟག་ས་མའི་བྱ་དགའ་ཐོབ།
བདེ་སྐྱིད་ཀྱིས་བསྒྱུར། 2015-03-24
ཉེ་ཆར2015ལོར་ཀྲུང་གོའི་རང་གིས་རླངས་འཁོར་བཏང་ནས་ལྗོངས་རྒྱུ་བྱས་པའི་ཚོགས་འདུ་ཧྲང་ཧའེ་རྒྱལ་སྤྱིའི་དུས་སྲོལ་ལྟེ་གནས་སུ་གཟབ་རྒྱས་ངང་འཚོགས་པ་རེད། ཚོགས་འདུའི་ཐོག 2014 ལོར་ཀྲུང་གོའི་རང་གིས་རླངས་འཁོར་བཏང་ནས་ལྗོངས་རྒྱུ་བྱེད་སའི་འགྲོ་ལམ་དཔྱད་བསྡུར་འདེམས་བསྐོར་བྱས་ནས་བྱ་དགའ་གནང་བ་རེད།
བརྗོད་བྱ་གཙོ་བོའི་རིགས 12 ཀྱི་ལྗོངས་རྒྱུ་གཞུང་ལམ 36 ལ་ཁག་དབྱེ་ནས་གསེར་དང་དངུལ། ཟངས་ཀྱི་རྟགས་མའི་བྱ་དགའ་ཐོབ་ཡོད། དེའི་ནང་གསེར་ཐར་གྱི་བླ་སྲོག་སད་པའི་ཡུལ་གྲུ་ཞེས་པའི་བརྗོད་བྱ་གཙོ་བོ་དེ་སྐོར་ལམ་ཐུང་ངུའི་སྒོམ་སྒྲུབ་དང་བསྟི་གནས་རིགས་ཀྱི་གསེར་གྱི་རྟགས་མའི་བྱ་དགའ་ཐོབ་ཡོད་པ་དང་། དར་མདོའི་བོད་ཁུལ་དུ་བརྩེ་སེམས་འཚོལ་བའི་འགྲུལ་ལམ་ཞེས་པའི་བརྗོད་བྱ་གཙོ་བོ་དེ་ལ་སྐོར་ལམ་ཐུང་ངུའི་རིག་རྩལ་རིགས་ཀྱི་གསེར་གྱི་རྟགས་མའི་བྱ་དགའ་ཐོབ་ཡོད། འདབ་པ་རྫོང་གི་ཉི་སྟེན་གྱི་སའི་གོ་ལའི་ཐོག་གི་རྟིང་མའི་དྲི་མེད་ཀྱི་ཞིང་ཁམས་ཀྱིས་བརྗོད་བྱ་གཙོ་བོ་བྱས་པའི་སྐོར་ལམ་འབྲིང་རིམ་ལ་རང་བྱུང་རིགས་ཀྱི་གསེར་གྱི་རྟགས་མའི་བྱ་དགའ་ཐོབ་ཡོད་པ་རེད།།